ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > ངེད་ཀྱི་སྐོར། > ཚོགས་པའི་སྐོར།

༢༠༡༡ལོར་ཕྱིར་མིག་འཕེན་པ།--མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་བྱ་འགུལ།

སྤེལ་དུས། 2012-02-28 09:10:41  རྩོམ་ཁུངས། ངེད་དྲ་བ།  རྩོམ་པ་པོ། རིན་ཆེན་གྱིས་བསྒྲིགས།  ཀློག་གྲངས།

དུས་ཚོད་འཁོར་ལོའི་ཐག་སྒྲ་དང་མཉམ་དུ་ང་ཚོས༢༠༡༢ཡི་གཡང་ལོ་འདི་སྤྲོ་སེམས་འཁོལ་བའི་ངང་ནས་བསུ་བ་དང་། རྗེས་སུ་བསྐྱུར་བའི༢༠༡༡ལོར་བཀྲ་ཤིས་བདེ་མོ་བཞག

2011.jpg
ངེད་ཚོགས་པའི་རྒན་གཞོན་ཡོངས་ཀྱིས༢༠༡༡ལོ་ལྕགས་མོ་ཡོས་ཀྱི་བོད་ལུགས་ལོ་སར་ལ་རོལ་བ།

 IMG_3.jpg
སྤྱི་ཟླ་གསུམ་པའི་ཚེས་བཅུ་བཞིའི་སྔ་མོར། ངེད་ཚོགས་པའི་ཚོགས་མི་ཡོངས་ཟི་ལིང་བྱང་རིའི་བྱང་ཆུབ་མཆོད་རྟེན་དང་
ཟི་ལིང་ལྷོ་རི་བོད་རིག་གནས་བཤམས་སྟོན་ཁང་དུ་སོང་ནས་ཡུལ་ཤུལ་ས་འགུལ་ཁྲོད་རྐྱེན་ལམ་དུ་
ཤོར་བའི་སྤུན་ཟླ་རྣམས་ལ་མྱ་ངན་ཞུ་བ།

སྒོ་མེ།
  སྤྱི་ཟླ་ལྔ་བར། ངེད་ཚོགས་པའི༼མཚོ་སྔོན་བོད་རིགས་ཡུལ་ཚོའི་དེབ་ཐེར༽ཞེས་པའི་དཔེ་ཚོགས་གྲས་ཀྱི
༼སྒོ་མེ་ཡུལ་གྱི་ལོ་རྒྱུས་གསལ་བའི་མེ་ལོང༽ཐེངས་དང་པོའི་རྩོམ་སྒྲིག་ཡོངས་སུ་
འགྲུབ་བའི་ཚོགས་འདུ་འཚོགས་པ།
 

བོད་ཚོགས།
  སྤྱི་ཟླ་དྲུག་པའི་ཚེས་དྲུག ངེད་ཚོགས་པའི་གཙོ་སྒྲུབ་གནང་བའི་དྲུག་པའི་བོད་ཚོགས་ཟི་ལིང་ལྷོ་རི་གླིང་ག་ནས་ཡོངས་སུ་མཇུག་རྫོགས་པ།

2011080410430067.JPGགཅན་ཚ.JPG
སྤྱི་ཟླ་དྲུག་པར། ངེད་ཚོགས་པའི༼མཚོ་སྔོན་བོད་རིགས་ཡུལ་ཚོའི་དེབ་ཐེར༽ཞེས་པའི་དཔེ་ཚོགས་གྲས་ཀྱི
༼གཅན་ཚ་ཡུལ་གྲུའི་སྲིད་པའི་སྙིང་གཏམ༽པར་སྐྲུན་འགྲེམ་སྤེལ་ཡོངས་སུ་འགྲུབ་པ།

སུམ་མདོ་བོད་པ།IMG_8098.JPG
  སྤྱི་ཟླ་བདུན་པར། དཔའ་རིས་སུམ་མདོ་ས་ཁུལ་དུ་བོད་ཀྱི་དམངས་ཁྲོད་རིག་རྩལ་དགའ་སྟོན་འཚོགས་པ། 

3-10-24-2.jpg
སྤྱི་ཟླ་བཅུ་བའི་ཟླ་མཇུག་ཏུ། ངེད་ཚོགས་པའི་དྲུང་ཡིག་ཆེན་མོ་ཀུན་བཟང་ཤེས་རབ་སོགས་
གསེར་ཁོག་ཧོར་རིགས་རྫོང་ཧྲོང་པེ་བོད་རིགས་ཞང་རྟའི་ཐང་གྲོང་སྡེ་མི་རིགས་སློབ་ཆུང་གི་
བོད་ཡིག་སློབ་ཁྲིད་ལོ་འཁོར་བཅུ་གསུམ་ལོན་པའི་སྤྱི་སྡོམ་དང་ཕུལ་བྱུང་སློབ་མའི་
བྱ་དགའ་གནང་བའི་མཛད་སྒོར་ཞུགས་པ་དང་ཕུལ་བྱུང་སློབ་མར་བྱ་དགའ་གནང་བ།

1-10-31-7.JPG
  སྤྱི་ཟླ་བཅུ་གཅིག་པར། ངེད་ཚོགས་པའི་ལས་བཟོ་བ་དང་མཚོ་སྔོན་ཞིང་ཆེན་གྱི་གཞུང་མིན་སྤྱི་ཚོགས་ཚོགས་པ་འགའ་
ཞིན་ཧྭ་རྫོང་རྡོ་སྦིས་ཞང་དུ་བོད་ཀྱི་སློབ་སྔོན་སློབ་གསོའི་གནས་ཚུལ་རྒྱུས་ལོན་དུ་སོང་།

IMG_9637.JPGབོང་སྟག.JPG
སྤྱི་ཟླ་བཅུ་གཉིས་ལ། ངེད་ཚོགས་པའི༼མཚོ་སྔོན་བོད་རིགས་ཡུལ་ཚོའི་དེབ་ཐེར༽དཔེ་ཚོགས་གྲས་ཀྱི་
བོང་སྟག་ལོ་རྒྱུས་ཡོངས་སུ་ལེགས་འགྲུབ་བྱུང་བ།

IMG_0208.JPGIMG_0301.JPG
༢༠༡༢ལོའི་སྤྱི་ཟླ་དང་པོར། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་སློབ་ཆུང་བོད་ཡིག་སློབ་དེབ་དང་
འཁྲིད་ཐབས་དཔྱད་གླེང་ཚོགས་འདུ་བསྡུས་པ། ༼དེའི་ཁྲོད་དུ་ལས་ལ་བྲེལ་བའི་ལས་བྱེད་མི་སྣ།༽

2011年1.jpg封面1-4.jpg
༢༠༡༡ལོའི་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་དུས་དེབ་གཉིས་ཀྱི་མདུན་ངོས།

ཉེ་བའི་གསར་བསྒྱུར།