ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > ངེད་ཀྱི་སྐོར། > ཚོགས་པའི་སྐོར།

མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་ནག་པོ་སྐལ་བཟང་ལགས་ལ་མྱ་ངན་ཞུ་བ།

སྤེལ་དུས། 2018-04-09 15:06:43  རྩོམ་ཁུངས།   རྩོམ་པ་པོ།   ཀློག་གྲངས།

ཚེ་འདས་གང་ཉིད་ཀྱི་ལས་ཁུངས་གངས་རྒྱན་ན་ཆུང་ཚགས་པར་ཁང་དང་སྡེ་བ་ཚོ་བ་གཉེན་ཉེ་དུ་བཅས་པར།

ཡིད་ལ་དྲི་མེད་རུས་ཀྱི་རྣམ་ཤེས་ཞུགས།།

ངག་ལ་སྲིད་པའི་སྒྲུང་གི་སྦྲང་རྩིས་ཆགས།།

གངས་རྒྱན་ན་ཆུང་བློ་ཡི་མེ་ཏོག་ཚལ།།

སྐྱོང་ལ་ཁྱེད་ཉིད་ཚེ་ཡི་མཐའ་རུ་ངལ།།

ཀྱེ་ཧུད་ད་ནི་རུས་ཀྱི་རྣམ་ཤེས་འཁྱམས།།

སྲིད་པའི་སྒྲུང་གི་སྦྲང་རྩི་འབོར་ལ་དོགས།།

ན་ཆུང་བློ་ཡི་མེ་ཏོག་དགའ་ཚལ་ཡང།།

ཁྱེད་ཉིད་གཤེགས་པས་སྐྱོང་མཁན་སུ་ལ་་རེ།།

སྔོན་སྨོན་ལས་ཀྱིས་གངས་རིའི་ལྗོངས་འདིར་འཁྲུངས།།

ཚེ་གཅིག་བརྩོན་པའི་འབྲས་བཟང་ཐང་མར་བརྡལ།།

ལེགས་བྱས་མཛད་པའི་གྲགས་སྙན་མི་ནུབ་ཅིང་།།

མཐོ་རིས་ཐར་པའི་ས་ལ་དེངས་གྱུར་ཅིག།

      ཞེས་བོད་ཀྱི་རྩོམ་པ་པོ་དང་ལོ་ཙྭ་བ་ཆེན་མོ། གངས་རྒྱན་ན་ཆུང་ཚགས་པར་གྱི་གཙོ་སྒྲིག་པ་ཚེ་འདས་ནག་པོ་སྐལ་བཟང་ལགས་ལ་ཆེད་དུ།

                            མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པ་ནས།

                                           2018.4.5


ཉེ་བའི་གསར་བསྒྱུར།