ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > དཔེ་འཕྲིན། > དཔེ་དེབ།

རྒྱ་གྲོལ་གྱི《ཚངས་མགུར་ཞིབ་འཇུག》དང《དགོན་སྡེའི་སློབ་གསོ》གཉིས་པར་དུ་བསྐྲུན་པ།

སྤེལ་དུས། 2015-02-09 09:45:59  རྩོམ་ཁུངས། མཚོ་སྔོན་པོ་དྲ་བ།  རྩོམ་པ་པོ།   ཀློག་གྲངས།

 

 
 
ཚངས་མགུར་ཞིབ་འཇུག་གི་ངོ་སྤྲོད།

      རིག་འཛིན་ཚངས་དབྱངས་རྒྱ་མཚོ་ནི་རྒྱལ་བ་ན་རིམ་ལས་ཆེས་དམིགས་བསལ་ཞིག་སྟེ།  ལ་ལས་ཁོང་རྒྱལ་བའི་སྤྲུལ་སྐུ་འཁྲུལ་མེད་དུ་འཛིན་པ་མ་ཟད།  བསམ་གྱིས་མི་ཁྱབ་པའི་སྐྱེས་བུ་ཞིག་ཏུ་འདོད།ལ་ལས་ཁོང་རྒྱལ་བའི་སྤྲུལ་སྐུའི་གྲས་སུ་བགྲང་མོད་མཛད་པ་ལ་ཞེན་པ་ལོག་ཅིང༌།  དགེ་ལུགས་པའི་ཞབས་འདྲེན་དུ་བརྩི།  ལ་ལས་ཁོང་རྒྱལ་བའི་སྤྲུལ་སྐུའང་མིན་པར་འདོད།
      ཁོང་ལ་ཟུར་མི་འདྲ་བའི་ངོས་ནས་ལྟ་ཚུལ་ཀྱང་མི་འདྲ་བས་ཁོང་གི་མགུར་གླུ་ལའང་ལྟ་ཚུལ་མི་འདྲ་བ་དང་འགྲེལ་སྟངས་ཀྱང་མི་འདྲ་བས་ལ་ལས་འདོད་གླུར་དང་ལ་ལས་ཉམས་མགུར་ཏུ་བསམ།  གང་ལྟར་ཀྱང་སྙན་ངག་ལེགས་པོ་ཞིག་ཡིན་པ་སུས་ཀྱང་ཁས་ལེན།
      དེབ་འདིས་ཚངས་དབྱངས་རྒྱ་མཚོའི་མི་ཚེའི་གསང་བ་བཙལ་བ་མ་ཟད།  མགུར་གླུའི་ངོས་དང་ཟུར་ནས་མྱོང་བའི་འགྲེལ་བའང་བྲིས་ཤིང༌།  གཞན་གྱི་མིག་མི་འདྲ་བས་མཐོང་བའི་མགུར་གླུའི་གསང་བའི་ཡུལ་ལྗོངས་དེའང་བཀྲལ་འདུག
      ཁྱེད་རང་ཚངས་མགུར་གྱི་འཇིག་རྟེན་དུ་འགྲིམ་འདོད་ན།  ཁྱེད་རང་གནའ་བོའི་སྙན་ངག་ཅིག་གི་སྐྱིད་སྡུག་ལ་ཐིམ་འདོད་ན།  དེབ་འདིར་གཟིགས་དང༌།  སྙན་ངག་གི་དགའ་སྐྱོའི་འགྱུར་བའི་ཉམས་དེས་ཁྱེད་ཉིད་བཟི་བར་བྱེད་དོ།།

 

 
བོད་ཀྱི་དགོན་སྡེའི་སློབ་གསོའི་ངོ་སྤྲོད།
      དགོན་སྡེ་ནི་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་བའི་གནས་ཤིག་ཡིན་ལ་བོད་ཀྱི་སློབ་གྲྭ་ཞིག་ཀྱང་ཡིན།བོད་ལ་ནང་བསྟན་མ་དར་བའི་སྔོན་དུ་དགོན་སྡེ་མེད་ལ་སློབ་གྲྭའང་མེད།  ཆ་ཚང་བའི་སློབ་གཉེར་བྱེད་སྟངས་ཤིག་དེ་བས་ཀྱང་མེད།
      དུས་རབས་བརྒྱད་པར་བསམ་ཡས་གཙུག་ལག་ཁང་ནི་བོད་ཀྱི་སློབ་གྲྭའི་ཐོག་མ་ཡིན་ལ་དགོན་སྡེའི་ཐོག་མ་ཡིན་པ་མ་ཟད།  ལོ་ཙཱའི་གླིང་དང་སྒོམ་གྲྭའི་ཐོག་མའང་ཡིན།  དེ་ནས་བཟུང་སྟེ་རིམ་བཞིན་བོད་ཀྱི་དགོན་སྡེའི་སློབ་གསོ་ཞེས་པའི་གཞུང་འདི་གྲུབ། 
      ད་ལྟ་དགོན་སྡེའི་ལམ་ལུགས་ཐད་ལ་སྔོན་གྱི་སྲོལ་ཇི་བཞིན་འཛིན་དགོས་པ་དང༌།  དེང་རབས་དང་བསྟུན་ནས་སྔོན་སྲོལ་མཐའ་དག་ལ་བཅོས་བསྒྱུར་བྱ་དགོས་པ།  སྔོན་གྱི་སྲོལ་གཞིར་བཟུང་ནས་ཡུལ་དུས་དང་མཐུན་པའི་གནས་ཚུལ་སྐོར་ཞིག་གིས་ཁ་སྐོང་བྱེད་པ།རང་གི་ཡོད་ཚད་བསྐྱུར་ཏེ་དེང་རབས་དང་བསྟུན་དགོས་པ་བཞི་ཡོད།
      ཁྱོད་ཀྱིས་བོད་ཀྱི་དགོན་སྡེ་གནད་དོན་གྱི་དུས་བབས་ལ་བསམ་གཞིག་དང་གནད་དོན་ཐག་གཅོད་པའི་ཐབས་ཤིག་འཚོལ་དགོས་ན་ངེས་པར་དཔེ་འདིའི་གླེང་བྱ་ལ་འཇུག་རོགས།
   དཔེ་སྐྲུན་ཁང༌།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌། 
   དེབ་རེར་སྒོར། 25
   འབྲེལ་གཏུག་བྱེད་ས།
བླ་བྲང་ལྔ་རིག་དཔེ་ཁང༌།
ཟི་ལིང་བོད་མིའི་ཁྲོམ་གྱི་རིག་བཅུའི་དཔེ་ཁང༌།
ཟི་ལིང་བོད་མིའི་ཁྲོམ་གྱི་མང་ཚོགས་སྒྱུ་རྩལ་དཔེ་ཁང༌།
ཟི་ལིང་མེ་འཁོར་ས་ཚིགས་འགྲམ་གྱི་རྒྱང་བསྐྱོད་རླངས་འཁོར་ས་ཚིགས་ཀྱི་བདེ་སྐྱིད་དཔེ་ཁང༌།
གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གི་དགེ་རྒན་རྔ་བ་དར་རྒྱས།
མཚོ་སྔོན་མང་རྫོང་ཀླུ་ཚང་དགོན་པའི་མང་རའི་བཟོད་པ་རྒྱ་མཚོ།  ནག་བཟའི་ཆོས་གྲགས།  ནག་བཟའི་བརྩོན་འགྲུས་བཅས་ཡིན། 

ཉེ་བའི་གསར་བསྒྱུར།