ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > དཔེ་འཕྲིན། > དཔེ་དེབ།

《གློག་བརྙན་སྒྱུ་རྩལ་གྱི་གསང་བ》ཞེས་པའི་དཔེ་དེབ་འགྲེམ་སྤེལ་བྱས་པ།

སྤེལ་དུས། 2015-06-10 14:50:08  རྩོམ་ཁུངས། མཚོ་སྔོན་པོ་དྲ་བ།  རྩོམ་པ་པོ། ཡུལ་ལྷ་ཐར་གྱིས་བསྒྲིགས།  ཀློག་གྲངས།

 

      
    《གློག་བརྙན་སྒྱུ་རྩལ་གྱི་གསང་བ》ཞེས་པའི་དཔེ་དེབ་འགྲེམ་སྤེལ་བྱས་པ།

      འདས་བའི་ལོ་ངོ་གཅིག་གི་སྔོན་ལ《གློག་བརྙན་སྒྱུ་རྩལ་གྱི་གསང་བ》ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས་ཤིང་། ལྷ་ས་དང་ཟི་ཁྲོན། མཚོ་སྔོན། ཀན་ལྷོ་སོགས་དང་། རྒྱ་ནག་པེ་ཅིང་སོགས་སུའང་བཀྲམ་པས་ཀློག་པ་པོ་མང་པོའི་དགའ་བསུ་ཐོབ། ཉེ་ཆར་ཡང་ཀློག་པ་པོ་མང་པོ་ཞིག་གི་རེ་འདུན་དང་དཔེ་ཁང་དུ་མ་ཞིག་གི་དགོས་མཁོ་ལ་གཞིགས་ནས། བརྩམས་ཆོས《གློག་བརྙན་སྒྱུ་རྩལ་གྱི་གསང་བ》ཞེས་པའི་མཇུག་མཐའི་འགྲེམ་ཚོང་ཡོངས་སུ་མཇུག་སྒྲིལ།
    ཟི་ལིང་གི་གཞོན་གསར་དཔེ་ཁང་དང་། ལྔ་རིག་དཔེ་ཁང་། ༡+༡=དཔེ་ཁང་། མང་ཚོགས་སྒྱུ་རྩལ་དཔེ་ཁང་། གཙུག་ལག་ཕྲེང་བ་དཔེ་ཁང་སོགས། ཀན་ལྷོ་རུ་བླ་བྲང་དཔེ་ཁང་། ཞུན་ཧྭ་དཔེ་ཁང་། ལྷ་སར་དགེ་ལེགས་དཔེ་ཁང་། བཅུ་ཕྲག་རིག་ལྔའི་དཔེ་ཁང་། ཟི་ཁྲོན་དུ་དགེ་ཆོས་དཔེ་ཁང་། ཤེས་རིག་ཆེན་མོའི་དཔེ་ཁང་སོགས། མཚོ་ལྷོ་རུ་བདེ་ཡངས་དཔེ་ཁང་དང་ཞིན་ཧྭ་དཔེ་ཁང་སོགས། དེ་མིན་དགོན་སྡེ་ཁ་ཤས་དང་སློབ་གླིང་ལ་ཤས་སོགས་ལ་བཀྲམ།

ཉེ་བའི་གསར་བསྒྱུར།