ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > དཔེ་འཕྲིན། > དུས་དེབ།

2012ལོའི་༼ མཚོ་སྔོན་བོད་རིགས ༽དུས་དེབ་དེབ་དང་པོ་དྲ་ངོས་སུ་ཀློག་པ།།

སྤེལ་དུས། 2013-01-08 13:35:50  རྩོམ་ཁུངས། མཚོ་སྔོན་བོད་རིགས་དྲ་བ།  རྩོམ་པ་པོ། རིན་ཆེན་སྐྱིད་ཀྱིས་བསྒྲིགས།  ཀློག་གྲངས།

2012封面1-4.jpg

        ༼མཚོ་སྔོན་བོད་རིགས ༽2011ལོའི་དེབ་གཉིས་པ་སྟེ་དུར་ལམ་ཐུ་བྷོད་བང་སོའི་ཆེད་དེབ་བཀྲམས་རྗེས། རང་ཞིང་གི་འགོ་ཁྲིད་རིམ་པ་དང་རྒྱལ་ནང་གི་འབྲེལ་ཡོད་ཆེད་མཁས་པ་འདུས་པའི་ཀློག་པ་པོའི་ཁྲོད་དུ་གྲགས་འགུལ་ཆེན་པོ་བྱུང་ཞིང་། ཆེད་དེབ་དེའི་རྩོམ་ཡིག་ཁག་ནི་ལུང་རིགས་ཀྱི་སྒྲུབ་བྱེད་ཁུངས་བཙུན་ཞིང་ལོ་རྒྱུས་དངོས་དང་མཐུན་ལ། རྒྱུ་སྤུས་བཟང་ཞེས་མགྲིན་གཅིག་ཏུ་སྨྲ། དེ་དང་ཆབས་ཅིག་ཏུ་ས་ཕྱར་ན་རྡོ་ལྷང་ལ་འབུད་པའི་དཔེ་བཞིན་ཆེད་དེབ་དེས་ལོ་རྒྱུས་ཀྱི་བདེན་དོན་ངོ་སྤྲད་དེ་འཁྲུལ་བ་དག་སེལ་ཡོང་བའི་ནུས་པ་འདོན་ཐུབ་ཞེས་བརྗོད་དོ།། ཆེད་དེབ་དེའི་ནང་ཕྱོགས་སོ་སོའི་རྒྱུ་ཆ་འཚོལ་སྡུད་དང་ལུང་རིགས་ལ་རྒྱབ་བཅོལ་ཏེ། གནའ་རྫས་སྔོག་འདོན་དང་ཡུལ་དངོས་རྟོག་ཞིབ། གནའ་བོའི་བོད་ཡིག་ཞིབ་འཇུག མིའི་རུས་པ་དང་སྡོང་རིས་བརྟག་དཔྱད་སོགས་རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པའི་ཞིབ་འཇུག་གི་གྲུབ་འབྲས་སྣ་མང་ཐད་ནས་དུར་ལམ་གྱི་གནའ་བོའི་བང་སོ་དེ་ཉིད་ནི་ཐུ་བྷོད་ཀྱི་བང་སོ་ཡིན་པ་ལས་ཐུ་ལུ་ཧུན་གྱི་བང་སོ་མིན་པའི་ལོ་རྒྱུས་ཀྱི་བདེན་པ་ར་སྤྲོད་བྱས་ཡོད།

 

མཚོ་སྔོན་བོད་རིགས་དུས་དེབ་དེབ་དང་པོའི་དཀར་ཆག.pdf
文件类型: .pdf དཀར་ཆག.pdf (479.87 KB)

ཉེ་བའི་གསར་བསྒྱུར།