ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > དཔེ་འཕྲིན། > དུས་དེབ།

མདོ་སྨད་ས་ཁུལ་གྱི་སྒེར་གཉེར་དུས་དེབ་སྐོར་ཞིག་ངོ་སྤྲོད་བྱེད་པ་ཡིན།༼ གཉིས་པ ༽

སྤེལ་དུས། 2013-02-26 14:56:17  རྩོམ་ཁུངས། མཚོ་སྔོན་བོད་རིགས་དྲ་བ།  རྩོམ་པ་པོ། ནགས་ཚང་ནུས་བློ།  ཀློག་གྲངས།

 


༼རྨ་འགྲམ་གྱི་འོད་སྣང་།༽

        དེབ་འདི་དག་ནི་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཅུ་བཞི་བའི་རྨ་ཆུའི་མཐར་ཕྱིན་སློབ་མ་རྣམས་དང་། ལག་བསྟར་རྩོམ་སྒྲིག་པ་བློ་བཟང་རྣམ་རྒྱལ་སོགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་ཀྱི་ཆེས་ཐོག་མའི་བརྩམས་སྒྲུང་ལོ་དེབ་༼རྨ་འགྲམ་གྱི་འོད་སྣང༽་ཞེས་པ་དེ་ཡིན། དེབ་ནང་དུ་རྡོ་རང་སྐྱེད་ཀྱིས་ལ་རྒྱ་འཚོལ་བ་དང་། མགར་རྩེ་འཇིགས་མེད་ཀྱིས་ཙི་གུར་ཁྲིམས་ཆད་བཅད་པ་སོགས་ཀྱི་སྙན་རྩོམ་དང་། ཀླུ་སྨྱོན་ཧེ་རུ་ཀའི་བྲིས་པའི་ལྷ་གཡག་གི་རྣམ་ཤེས། ཡང་བྱ་མདོ་རིན་བཟང་གིས་བྲིས་པའི་སྨན་ཁང་གི་ཕྱི་ནང་སོགས་རིང་དཔེ་ལེགས་མཁན་རྣམས་ཀྱི་དུས་ཐོག་ཏུ་མཐོང་ཐུབ་པའི་སྨོན་ལམ།


༼གངས་རིའི་བཀྲག་མདངས།༽

        དེབ་འདི་ནི་རྒན་གྱའི་བྲག་དཀར་དགེ་ཕྲུག་སོགས་ཀྱིས་རྩོམ་སྒྲིག་བྱས་པའི་གངས་ལྗོངས་སྣ་མང་ལོ་དེབ་༼གངས་རིའི་བཀྲག་མདངས༽་ཞེས་པའི་རྩོམ་དེབ་ཡིན་ལ། དེབ་ནང་དུ་“མེསཔོའི་ཞབས་རྗེས” “དབུ་མའི་བགྲོ་གླེང་།” “ཚད་མའི་གླེང་སྟེགས” “སྤྱི་ཚོགས་དཔྱད་གླེང” “མགྲིན་པའི་སྒེག་ཉམས” སོགས་རྣམ་གྲངས་མང་ཙམ་གྱི་ནང་དུ་རྩོམ་པ་པོ་རྣམས་ཀྱི་ཆབ་སྲིད་ཀྱི་ངན་ཤུགས་མ་ཐེབས་པའི་རང་སེམས་དགའ་བའི་རྩོམ་ཡིག་མང་པོ་སྤེལ་ཡོད་ལ། ཀློག་པ་པོ་རྣམས་ཀྱིས་ཞིབ་གཟིགས་མཛད་པར་ཞུ། འབྲེལ་གཏུག་ཁ་པར། ༡༣༨ ༩༣༩༤ ༩༦༩༦།

 

20121224.jpg
སྦྲ་ནག་དེབ།


        དེབ་འདི་དག་ནི་རྩོམ་སྒྲིག་འགན་འཁུར་བ་རྭ་རྒྱ་འཇམ་དབྱངས་རྡོ་རྗེ་སོགས་ཀྱི་རྩོམ་སྒྲིག་བྱས་པའི་དགའ་བདེ་རྫོང་མི་རིགས་སློབ་འབྲིང་གི་རྩོམ་རིགས་ལོ་དེབ་སྟེ་“སྦྲ་ནག”ཞེས་པ་དེ་རེད། དཀར་ཆག་གི་རྣམ་གྲངས་ལ“སློབ་གཉེར་ལམ་སྟོན་སྒྲོན་མེ” “རང་མོས་དུས་ཀྱི་འབོད་པ” “ལྷུག་རྩོམ་རླབས་ཀྱི་གཉེར་རིས” “སྲོལ་རྒྱུན་གཡུ་འབྲུག་ངར་སྐད” “སྣ་ཚོགས་གཏམ་གྱི་གླིང་ག” “གཞོན་ནུའི་སེམས་འགྱུའི་རྦབ་ཆུ” སོགས་ཀྱི་ནང་དུ་བོད་ཡུལ་ས་ཁུལ་སོ་སོའི་མཁས་ཆེན་མང་ཙམ་གྱི་ཕྱག་རྩོམ་ཧ་ཅང་མང་པོ་བཀོད་ཡོད་པས་ཁྱེད་རྣམས་ཀྱིས་དུས་ཐོག་ཏུ་མཐོང་ཐུབ་པའི་རེ་བ་དང་བཅས།

དེབ་འདི་དག་ངོ་སྤྲོད།

 


         དེབ་དང་པོ་ནི་རྨ་སྡེ་ཆུ་ཁ་མའི་2008ལོའི་མཐར་ཕྱིན་སློབ་མའི་ལག་དེབ་“འབྲས་སོན”ཞེས་པ་ཡིན། དེབ་འདི་ནི་ཆུ་ཁ་མའི་བསམ་གཏན་སོགས་ཀྱིས་རྒྱབ་སྐྱོར་བྱས་པར་བརྟེན་ནས་གསར་བུ་ཁྲ་ཐབས་དང་ཞི་ལུ་ཚེ་རྒྱལ་སོགས་ཀྱིས་རྩོམ་སྒྲིག་བྱས་པ་ཡིན།
         དེབ་གཉིས་པ་ནི་བན་ཤུལ་འཇམ་དབྱངས་སོགས་ཀྱིས་ལོ་མང་རིང་ལ་རྩོམ་སྒྲིག་བྱས་པའི་བོད་ཀྱི་མཛེས་རིས་སྒྱུ་རྩལ་མཚོན་པའི་ལོ་དེབ་“མེ་ལོང”ཞེས་པ་ཡིན། འབྲེལ་གཏུག་ཁ་པར། ༡༥༡ ༡༡༤༦ ༢༨༡༡

དེབ་གསུམ་པ། རེ་བའི་མེས་པོ་ཚང་།
         དེབ་འདི་དག་ནི་སྤྱི་ཁྱབ་རྩོམ་སྒྲིག་པ་བློ་བཟང་ཐོགས་མེད། རྨ་དངུལ་གངས་བུ་སོགས་ཀྱིས་རྩོམ་སྒྲིག་བྱས་པའི་དངུལ་རྭ་ལྷ་སྡེའི་རིལ་བུ་ཚང་གི་ཉེ་སྐོར་གྱི་ཆེད་གཉེར་ལོ་དེབ་སྟེ་རེ་བའི་མེས་པོ་ཚང་ཞེས་པའི་ལོ་དེབ་དེ་ཡིན། དེབ་ནང་དུ། “ཞལ་གདམས་རེ་བའི་བདུད་རྩི།” “དཔྱད་བརྗོད་རེ་བའི་ཚངས་ཐིག” “སྙན་རྩོམ་རེ་བའི་སྟེགས་བུ།” “ལྷུག་རྩོམ་རེ་བའི་གཙང་ཆབ”སོགས་ཀྱི་རྣམ་གྲངས་ནང་དུ་རྨ་ཡུལ་ཕྱོགས་ཀྱི་རྩོམ་པ་པོ་སྐྱབས་ཆེན་བདེ་གྲོལ། ཁ་ཤུལ་ཚུལ་ཁྲིམས་རྒྱ་མཚོ། དངུལ་རྭའི་རབ་རིང་སོགས་ཀྱི་ཕྱག་རྩོམ་གང་མང་བཀོད་ཡོད་པའི་རྒྱ་ཆེན་གཟིགས་མཁན་རྣམས་ཀྱིས་དགའ་བསུ་ཐོབ་ངེས་ཡིན།
འབྲེལ་གཏུག་ཁ་པར། ༡༣༨ ༨༤༠༦ ༠༥༥༥

        དེབ་བཞི་བ་ནི། སྤྱི་ཁྱབ་གཙོ་སྒྲིག་པ་སྤྲུན་གྱི་མེ་ཏོག་སོགས་ཀྱིས་རྩོམ་སྒྲིག་བྱས་པའི་“གཞུང་བརྒྱའི་བགྲོ་གླེང”ཞེས་པའི་དུས་དེབ་ཡིན། འབྲེལ་གཏུག་ཁ་པར། ༡༣༩ ༩༤༡༨ ༤༤༣༣

        དེབ་ལྔ་པ་ནི། མདོ་སྨད་རྗེ་སྐུ་འབུམ་གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཞོ་བཟང་དགེ་འདུན་ཚུལ་ཁྲིམས་སོགས་ཀྱིས་ལོ་མང་ཙམ་དུ་རྩོམ་སྒྲིག་བྱས་པའི་དུས་དེབ་“ཉི་འོད”ཞེས་པ་ཡིན། འབྲེལ་གཏུག་ཁ་པར། ༡༣༨ ༩༧༣༥ ༥༢༩༩

        དེབ་དྲུག་པ་ནི། ཁམས་བྲག་འགོའི་གངས་གཞོན་སྨྱུག་ཚོགས་ཁང་གི་སྤྱི་ཁྱབ་གཙོ་སྒྲིག་པ་སྒོ་ཡོན་སོགས་ཀྱིས་རྩོམ་སྒྲིག་འགན་འཁུར་ཏེ་རྩོམ་སྒྲིག་བྱས་པའི་“བོད”ཞེས་པའི་དུས་དེབ་ཡིན་ལ། དཀར་ཆག་རྣམ་གྲངས་དུ་བོད་ཀྱི་མནོ་བསམ། བོད་ཀྱི་སྐད་ཡིག བོད་ཀྱི་སྲོལ་ལམ། བཅས་ཀྱི་ནང་དོན་འཛོམས་ཡོད། འབྲེལ་གཏུགQQ:863780293

        དེབ་བདུན་པ་ནི་ཆུ་དམར་ལེབ་ཀྱི་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཨ་གྲོ་ཟླ་བ་ཕུན་ཚོགས་ལགས་ཀྱིས་རེ་བ་ལྟར་ཆུ་དམར་ལེབ་རྫོང་སྨྱུ་གུ་ཚོགས་པས་རྩོམ་སྒྲིག་བྱས་པའི་“ཆུ་དམར་ལེབ་ཀྱི་ལེགས་རྩོམ་གཅེས་བཏུས”ཞེས་པ་ཡིན། འདི་ནི་ཆུ་དམར་ལེབ་རྫོང་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་འཁྲུངས་སྐར་གྱི་ལེགས་སྐྱེས་སུ་འབུལ་བ་ཞེས།

        མདོ་ཁམས་ས་ཕྱོགས་མང་ཙམ་གྱིས་ཤེས་ལྡན་མི་སྣ་དང་ཚོགས་པ་སོ་སོའི་རྩོམ་སྒྲིག་བྱས་པའི་སྒེར་གཉེར་དུས་དེབ་ཧ་ཅང་ནས་མང་པོ་ཡོད་པ། དཔེར་ན། གསེར་འོད།༼བློ་བཟང་དཔལ་ལྡན ༡༣༨ ༩༧༥༣ ༤༠༠༦༽ ་གངས་རིའི་གཟི་འོད༼ཨ་དགེ་འདུན། ༠༩༧༣ ༨༣༡༥༩༡༡༽ལང་ཚོའི་གཟི་བརྗིད། ༼ རོང་བོ་བློ་གྲོས་བརྟན་པ ༡༣༦ ༣༩༧༣ ༥༨༣༨ ༽ གུར་ཀུམ་ཆུན་པོ། ༼ལྡོང་ཡོན་ཏན་རྒྱ་མཚོ། ༡༣༨ ༩༧༡༥ ༩༣༧༣༽ བསམ་བློའི་ཤེས་རིག ༼བློ་བཟང་དར་རྒྱས། ༡༥༡ ༠༩༧༦ ༨༣༥༣༽ སྤྲིན་གྱི་མེ་ཏོག ༼ཨ་སྐལ་རྒྱལ། ༡༣༨ ༩༣༩༨ ༢༥༣༥༽ གངས་རིའི་བུ་མོ། ༼མགོན་པོ་སྐྱིད། ༡༥༡ ༠༡༣༡ ༥༩༠༥༽ རྩོད་པའི་རླབས་ཕྲེང་། ༼ཨ་ལགས་ཕྱག་ཤུལ། ༡༥༨ ༠༩༧༤ ༢༨༨༨༽ གངས་ཅན་གཅེས་ནོར། ༼བྱ་མདོ་དར་རྒྱས། ༡༣༨ ༩༧༧༤ ༧༣༥༥༽ གོམ་སྒྲ་དང་པོ། ༼བསོད་ནམས་ཀླུ་རྒྱལ། ༡༣༩ ༡༩༤༩ ༠༥༣༢༽ ས་ཆེན་མི་ཚེ ༼ཨ་ཇོ། ༡༣༠ ༥༦༤༦ ༧༨༨༩༽ པད་དཀར་ཆུན་པོ། ༼འཕེལ་རྒྱས། ༡༣༡ ༡༣༡༥ ༨༨༨༦༽ རིགས་ལམ། ༼བློ་བཟང་གྲགས་པ། ༡༣༠ ༥༦༤ ༧༦༦༧༽ བླ་སྲོག ༼ཁ་གྱ་འཇིགས་མེད། ༡༣༨ ༩༧༤༧ ༨༥༥༥༽ ལྷ་ཆབ་སྔོན་མོ། ༼རྨོག་ཡེ་ཤེས། ༡༣༨ ༩༧༣༣ ༧༧༨༨༽ ཁ་བའི་མེ་ཏོག ༼གྲགས་པ་བཤད་སྒྲུབ། ༡༣༨ ༩༩༧༣ ༠༨༨༣༽ དུས་རབས་ཀྱི་བསམ་གཞིགས། ༼མགར་གསེར་ཏོག། ༡༥༨ ༩༧༠༣ ༠༢༩༨༽ སོགས་ལྟ་འདོད་ལ་རིག་དགའ་བའི་དུས་དེབ་ཧ་ཅང་མང་པོ་ཡོད་པ་གནས་སྐབས་ང་ཚོའི་ལག་ཏུ་མ་འབྱོར་བས་ཞིབ་ཏུ་ངོ་སྤྲོད་བྱེད་ཐབས་མེད་ལ། དགོས་འདོད་མཁན་རྣམས་ཀྱིས་རང་གིས་ཁོང་རྣམས་དང་འབྲེལ་བ་བྱེད་རོགས་ཞུ། དེ་མ་ཟད་ང་ཚོས་ཀྱང་རྗེས་སུ་མུ་མཐུད་དུ་དེབ་འདི་དག་དང་གཞན་གྱི་དུས་དེབ་སོགས་དྲ་ཐོག་ནས་ངོ་སྤྲོད་བྱེད་རྒྱུ། ༼གོང་གསལ་དེབ་སོགས་ངོ་སྤྲོད་སྐབས་ནོར་འཁྲུལ་ཡོད་ན་དགོངས་དག་ཞུ།།༽
 

ཉེ་བའི་གསར་བསྒྱུར།