ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > དཔེ་འཕྲིན། > དུས་དེབ།

རྩོམ་སྣ་གསུམ་ག་ཅན་གྱི་ལོ་དེབ་ཞིག་ཐོན་འདུག

སྤེལ་དུས། 2013-02-16 09:05:07  རྩོམ་ཁུངས། འུར་ཆ་བའི་དྲ་ངོས།  རྩོམ་པ་པོ། འུར་ཆ་བ།  ཀློག་གྲངས།

        འབོལ་རྩོམ་དང་བསྒྱུར་རྩོམ། ཐོལ་རྩོམ་གྱི་ལོ་དེབ་གསར་བ་《སྨན》ཞེས་པ་དངོས་སུ་འགྲེམས་སྤེལ་བྱས་ནས་ཚོང་རར་སླེབས་འདུག
        རྩོམ་སྒྲིག་པ། གཟའ་རོ།
        མདུན་ཤོག་རི་མོ་པ། སྟག་ལྷ་ཚེ་བརྟན།
        རྩོམ་ལུས། འབོལ་རྩོམ་དང་བསྒྱུར་རྩོམ། ཐོལ་རྩོམ་གྱི་རྣམ་པ།

 
ད་ལོར་སྤེལ་བའི་《སྨན》་ཞེས་པའི་དཀར་ཆག་དངོས།
   2e74ce82bc5577592b5198df099603fd.jpg d415dded961df116f5fff399b3d10ac2.jpg
 
 ཟུར་གཞན་ཞིག་ནས་ལོ་དེབ་ཀྱི་མདུན་ངོས་ལ་ཅེར་ནས་བསྡད་པ།
 33fdb6fae71445b88f7fbb37f783ffe7.jpg

        བྱ་བའི་ཁོམ་ལོང་དང་སློབ་སྦྱོང་གི་བྲེལ་ཟིང་གི་དབང་གིས་རྩོམ་པོ་དང་ཀློག་པོ་དག་གི་ཡིད་དབང་འཕྲོག་པའི་ལོ་དེབ་ཞིག་ཏུ་འགྱུར་མ་ཐུབ་མོད། ལོ་རྗེས་མའི་སྤྱི་ཟླ་བདུན་པའི་སྔོན་ལ་ང་ཚོས་མུ་མཐུད་དུ་ལོ་དེབ་འདིའི་སྤྱིའི་དེབ་གྲངས་གཉིས་པ་དཔར་སྐྲུན་བྱ་རྒྱུ་ཡིན་པས། བློ་ཁ་འདིར་ཕྱོགས་ཀྱི་རྩོམ་པོ་ཚོས་ངེད་སྨན་རྩོམ་སྒྲིག་ཁང་ལ་བརྩམས་ཆོས་ཀྱི་རྒྱབ་སྐྱོར་རེ་གནང་བར་ཞུ་ཞུ།།

        བརྩམས་ཆོས་ཀྱི་ལངས་ཕྱོགས་དང་དཔར་སྐྲུན་གྱི་ཁ་ཕྱོགས་ཡུལ་ཉིན་འགའི་རྗེས་ནས་རྩོམ་བརྡ་གཏོང་རྒྱུ་ཡིན་པས་རྩོམ་བསྡུའི་བརྡ་ཐོ་ལ་གཟིགས་པར་འཚལ།

 ཚོང་འབྲེལ་བྱ་ཡུལ། 
         ༡. ཚོང་འབྲེལ་ཁ་པར། 153 9368 0933
         ༢. གླེང་མོལ་ཨང་ཀི ། 1666 06 2833 ནས་ཚོང་འབྲེལ་བྱས་ཆོག
        ༣. ལྷ་ས།  ནག་ཆུ།  རྨ་ཆུ།  ཀླུ་ཆུ། ལྷ་མོ། ཁྲི་འདུ། ཆབ་མདོ། གསེར་རྟ། ཟུང་ཆུ།   རྔ་བ།  ཁྱུང་མཆུ།  མཛོད་དགེ།   རྨ་ལྷོ། ༼རེབ་གོང་།  གཅན་ཚ།  རྩེ་ཁོག  སོག་རྫོང་། ༽ ཟི་ལིང་།  རྐང་ཚ།  ཐུན་ཏེ།  དཀར་མཛེས།  འབར་ཁམས།  མཚོ་ལྷོ།  ཅོ་ནེ་སོགས་བོད་ཁུལ་གྱི་ས་ཁུལ་མི་ཉུང་བ་ཞིག་ལ་ཚོང་འབྲེལ་བྱས་ཡོད་པས་དྲ་གྲོགས་དག་གིས་མངག་ཉོ་གནངས་བར་དགའ་བསུ་ཞུའོ།།
   —— ཞེས་སྨན་གྱི་རྩོམ་སྒྲིག་པས་བོད་ལོའི་༢༠༡༢ལོའི་ཟླ་༡༢པའི་ཚེས་༡༣་ཉིན་ལ།
  

 

ཉེ་བའི་གསར་བསྒྱུར།