ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > དཔེ་འཕྲིན། > དུས་དེབ།

གླིང་སྒྲུང་ལས་སྨན་རྫོང་ཕབ་པའི་པར་གཞི་ལྔའི་སྐོར་བཤད་པ།

སྤེལ་དུས། 2015-09-24 09:45:59  རྩོམ་ཁུངས། མཚོ་སྔོན་བོད་རིགས་དྲ་བ།  རྩོམ་པ་པོ། གཅོད་པ་དོན་གྲུབ།  ཀློག་གྲངས།

དང་པོ། སྨན་རྫོང་སྒྲུང་དཔེ་ལྔའི་པར་གཞི་ངོ་སྤྲོད།
ད་ལྟ་ངེད་ཅག་གིས་ལག་ཏུ་སོན་པའི་སྨན་རྫོང་ཕབ་པའི་སྒྲུང་དཔེའི་པར་གཞི་སྟེ། མཱ་ལ་ཡའི་སྨན་རྫོང་དང་ཤང་ཤང་སྨན་རྫོང་ཙ་རི་སྨན་རྫོང་།ལི་མ་སྨན་རྫོང་།གུར་ཀུམ་སྨན་རྫོང་བཅས་སྒྲུང་ཁག་ལྔ་ཡོད། པར་གཞི་དེ་དག་གི་གནས་བབ་སོ་སོར་རགས་ཙམ་བརྗོད་ན་འདི་ལྟ་སྟེ།

གཅིག  མཱ་ལ་ཡའི་སྨན་རྫོང་①གི་པར་གཞི་སྟེ། གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་མཱ་ལ་ཡའི་སྨན་རྫོང་ཕབ་པའི་རྟོགས་བརྗོད་བློ་ལྡན་དཔའ་བོའི་དགྱེས་གླུ་ཞེས་བྱ་བ་འདིའི་མ་དཔེ་ལག་བྲིས་མ་ཞིག་གཟན་དཀར་མཆོག་སྤྲུལ་རིན་པོ་ཆེ་ཐུབ་བསྟན་ཉི་མ་ལགས་ཀྱིས་འཚོལ་བསྡུ་གནང་བ་དེར་བློ་མཐུན་དགེ་འདུན་ལགས་ཀྱིས་ཞུ་དག་ལེགས་སྒྲིག་བྱས་ཐོག་མ་དཔེར་མི་གསལ་བ་འགའ་ཞིག་གེ་སར་སྒྲུང་གཞན་དག་ལ་བསྟུན་ནས་ཁ་སྐོང་བགྱིས་ཏེ་ལེའུའི་ཁ་བྱང་བཀོད་པ་ལྟར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས1980ལོར་པར་དུ་བསྐྲུན་པ་ཡིན།

གཉིས། ォཤང་ཤང་སྨན་རྫོང་サ②གི་པར་གཞི་འདིར་སྟོད་ཆ་དང་སྨད་ཆ་གཉིས་ཡོད་པ་ལས། སྟོད་ཆའི་མིང་ལ་མཐིང་གླིང་གཡུལ་འགྱེད་ཀྱང་ཟེར་བ་དང་སྨད་ཆའི་མིང་ལ་ཤང་ཤང་སྨན་རྫོང་ཟེར། དཔེ་ཆ་འདི་ནི་སྟོད་ཆ་དང་སྨད་ཆ་གཉིས་མཉམ་དུ་བསྡུ་སྒྲིག་བྱས་པའི་སྨན་རྫོང་ཕབ་པའི་སྐོར་གྱི་སྒྲུང་དཔེ་ཞིག་རེད། སྒྲུང་དཔེ་འདི་ཡུལ་ཤུལ་ཁུལ་གྱི་མཁས་དབང་གྲུབ་མཆོག་ལགས་ཀྱིས་ལག་བྲིས་མ་ཞིག་གཞིར་བཟུང་ནས་ལེགས་སྒྲིག་མཛད་ཅིང་། 1984ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་བཏབ།

གསུམ། ཙ་རི་སྨན་རྫོང་③གི་པར་གཞི་ནི་མགོ་ལོག་སྲིད་གྲོས་ཀྱི་གེ་སར་ཆེད་མཁས་པ་དབང་ཆེན་སྟོབས་རྒྱལ་ཟེར་བ་དེས་ཕབ་པའི་སྒྲུང་དཔེ་ཞིག་རེད། ཁོང་ནི་སྒྲུང་པ་གྲགས་ཅན་ཡིན་པར་མ་ཟད་སྨན་ལའང་ཤིན་ཏུ་མཁས་པ་ཞིག་རེད། སྒྲུང་དཔེ་འདི1990ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་བཏབ། ཤོག་ངོས408ཡོད། སྒྲུང་པ་དབང་ཆེན་སྟོབས་རྒྱལ་ད་ལྟ་སྐུ་གཤེགས་ཟིན།

བཞི། ォལི་མ་སྨན་རྫོང་④གི་པར་གཞི་སྟེ། སྐད་གྲགས་ཕྱོགས་བཞིར་ཁྱབ་པའི་སྒྲུང་མཁན་བསམ་གྲུབ་ལགས་ཀྱིས་ཕབ་པ་ཡིན། སྒྲུང་དཔེ་འདིར་སྟོད་སྨད་གཉིས་ཡོད་པ་རེད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས2007ལོར་སྟོད་ཆ་པར་དུ་བཏབ་། 2008ལོར་སྨད་ཆ་པར་དུ་བཏབ། སྟོད་ཆར་ཤོག་ངོས446ཡོད་ཅིང་སྨད་ཆར་ཤོག་ངོས606ཡོད། སྒྲུང་དཔེ་ཧ་ཅང་རིང་ལ་འཛོམས་པོ་ཞིག་རེད། སྒྲུང་མཁན་བསམ་གྲུབ་ལགས་ནི་ཆབ་མདོ་སྤེན་པ་རྫོང་གི་མི་རེད། ད་ལྟའི་བར་སྒྲུང་དཔེ་ལྔ་བཅུ་ལྷག་པར་སྐྲུན་བགྱིས་བྱུང་། ཁོང་ནི་བོད་ཁམས་ན་སྐད་གྲགས་ཆེན་པོ་ཡོད་པའི་བོད་ཀྱི་སྒྲུང་མཁན་ཞིག་ཡིན། རྗེས་སུ་ལྷ་སའི་མལ་གྲོ་གུང་དཀར་རྫོང་དུ་ཁྱིམ་གཞི་ཆགས་ནས་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས་གདན་འདྲེན་ཞུས་ནས་གེ་སར་རྒྱལ་པོའི་སྒྲུང་བཤད་དུ་བཅུག རྒན་བསམ་གྲུབ་ལགས་ཉིས་སྟོང་བཅུ་ལོའི་ཟླ་གཉིས་པའི་ནང་དུ་ལྷ་ས་རུ་སྐུ་གཤེགས། དགུང་ལོ་དགུ་བཅུ་བར་སྐུ་བཞུགས།

ཉེ་བའི་གསར་བསྒྱུར།