ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > སློབ་གསོ། > བྱིས་པའི་སློབ་གསོ།

ཨ་ནུ་དཔེ་ཚོགས་ཀྱི་བྱིས་སྒྲུང་དེབ་གསར་བཅུ་གཉིས་དཔེ་སྐྲུན་བྱས་པ།

སྤེལ་དུས། 2017-09-02 21:24:45  རྩོམ་ཁུངས། རྫ་ཆུའི་རླབས་སྒྲ།   རྩོམ་པ་པོ།   ཀློག་གྲངས།

༡༡.JPG

___གུས་པར་འོས་པའི་ཕ་མ་རྣམ་པ་ལགས། 

ཁྱེད་ཚོའི་ཕྲུ་གུ་རྣམས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ངང་འཚར་ལོངས་བྱུང་བ་དང་མཉམ་དུ་དཔེ་ཀློག་བྱེད་མགོ་ཡང་ཚུགས་ཡོད། དེ་བས། ཕྲུ་གུ་ཚོས་རང་གི་དགའ་མོས་ལྟར་དཔེ་ཆ་གདམ་ག་བྱེད་པ་ལ་རྒྱབ་སྐྱོར་བྱེད་རྒྱུ་ཤིན་ཏུ་གལ་ཆེ་སྟེ། ཁྱེད་ཚོ་ནི་བོད་ཀྱི་ཤེས་རིག་ནོར་བུའི་བང་མཛོད་ཀྱི་སྒོ་དབྱེ་བ་ལ་མེད་དུ་མི་རུང་བའི་ལྡེའུ་མིག་ལྟ་བུ་ཡིན་པས་སོ། ། 

རིན་ཐང་བླ་ན་མེད་པའི་བོད་ཀྱི་ཤེས་རིག་གི་རྒྱུན་རིང་ནས་རིང་དུ་བསྲིང་བ་དང་། དེ་སླད་མར་འཛིན་སྐྱོང་སྤེལ་གསུམ་གྱི་སོན་རྩར་གྱུར་པའི་བྱིས་པ་རྣམས་ལ་བློ་སྒོ་འབྱེད་པ་དང་ཤེས་རབ་བསྐྱེད་པའི་ཞབས་འདེགས་སུ་རེམ་ནས། བོད་ཀྱི་རིག་གནས་ཀྱི་ལྟ་གྲུབ་མཚོན་པའི་བྱིས་སྒྲུང་དེབ་བཅུ་གཉིས་གསར་རྩོམ་བྱས་ཡོད།  འདི་ནི་བོད་ཀྱི་མཁས་པ་རྒན་དར་གཞོན་གསུམ་མང་པོའི་ཞིབ་འཇུག་གི་གྲུབ་འབྲས་ལས་ཐོན་པ་ཞིག་ཡིན་ལ། དཔེ་ཚོགས་འདི་གཙོ་བོར་ལོ་ན་གཅིག་ནས་བདུན་གྱི་བྱིས་པ་སྟེ། སྲིའུ་རྣམས་ལ་དམིགས་ཏེ་གསར་རྩོམ་བྱས་ཡོད་པས། དཔེ་ཆ་ལྟ་ཀློག་གི་སྐབས་སུ། ཕ་མ་དང་བྱིས་པ་གཉིས་ཀྱིས་མཉམ་དུ་ཀློག་པའམ། དགེ་རྒན་དང་བྱིས་པ་གཉིས་ཀྱིས་མཉམ་དུ་ཀློག་པ། ཡང་ན་བྱིས་པ་རང་གིས་ཀློག་པའམ། བྱིས་པ་མང་པོས་མཉམ་དུ་ཀློག་རྒྱུ་གལ་ཆེ། 

དཔེ་ཚོགས་འདི་ལ་འཇུག་སྐབས་དོ་སྣང་བྱེད་དགོས་པའི་དོན་ཚན་འགའ་ཡོད་པ་འདི་ལྟ་སྟེ།  

གཅིག ཐོག་མར་རི་མོ་ཁོ་ནར་ལྟ་རུ་འཇུག་པ་དང་། དེ་ནས་རི་མོའི་ནང་གི་ཅ་དངོས་ངོས་འཛིན་བྱེད་པའམ་དེ་ངག་ཐོག་ནས་བཤད་ཤེས་མིན་སོགས་ལ་ཚོད་ལྟ་བྱེད་དགོས།(བྱིས་པའི་ལོ་ཚོད་ལྟར་དེབ་ཆ་གདམ་རྒྱུ་གལ།)

གཉིས། བྱིས་པར་སྒྲུང་ཀློག་སྐབས་ཕ་མ་རྣམས་ཀྱིས་སྐད་གདངས་མཐོ་ཞིང་སྨྲ་བརྗོད་དག་པའི་སྒོ་ནས་ཐེངས་མང་པོར་ཀློག་དགོས་ཤིང་། དེ་ནས་བྱིས་པ་རང་ངོས་ནས་སྒྲུང་གི་ནང་དོན་རི་མོ་དང་སྦྱར་ནས་བཤད་ཤེས་ཀྱི་ཡོད་མེད་ལ་རྒྱུས་ལོན་བྱེད་དགོས། ནང་དོན་རོབ་ཙམ་ལས་མ་ཤེས་ཀྱང་ནན་གྱིས་སྐུལ་མ་བྱེད་རོགས་ཞུ།(དཔེ་ཆའི་ནང་དོན་ལ་སྤྲོ་བ་ཡོད་མེད་ལྟ་རྒྱུ་གལ།)

གསུམ། སློབ་ཆུང་རིམ་པའི་བྱིས་པ་ཚོར་ལྟ་རུ་འཇུག་ཚེ། སྒྲུང་གི་ནང་དོན་བློ་ངོར་གསལ་རྗེས་འཁྲབ་ཆས་བཟོས་ནས་འཁྲབ་སྟོན་བྱེད་དུ་འཇུག་དགོས། (སྒྲུང་གི་ནང་དོན་མང་ཤོས་འཁྲབ་སྟོན་བྱེད་ཆོག)

བཀའ་དྲིན་ཞུ་ས། 

དཔེ་ཚོགས་འདིའི་དཔེ་སྐྲུན་འགྲོ་གྲོན་གྱི་མཐུན་རྐྱེན་ཆ་ཚང་སྦྱར་མཁན་སྐུ་ཞབས་བ་མོང་ཉི་སྡིད་དང་།(བ་མོང་ཉི་སྡིད་ཐེབས་རྩ་ཁང་།)ལས་ཀར་རོགས་འདེགས་གནང་མཁན་གྲོགས་མཆོག་དགུ་རོང་སྤུན་གྲོལ།  གཞན་ཨ་ནུ་དཔེ་ཚོགས་གསར་རྩོམ་བྱེད་པའི་ལས་ཀྱི་སྔ་གཞུག་ཀུན་ལ་ཐུགས་རྗེ་བརྩེ་བ་ཆེན་པོས་མཛུབ་སྟོན་དང་ཞུ་དག་གནང་མཁན་དགེ་རྒན་བཀའ་དྲིན་ཅན་བེའུ་བརྒྱ་ལྷ་མོ་སྐྱབས་དང་། སྒང་ཚང་ཕག་མོ་བཀྲ་ཤིས། སྒོ་ཤེས་རབ་རྒྱ་མཚོ།  ད་རུང་རྒྱང་རིང་ས་མཐའི་ཡུལ་གྱི་གྲོགས་པོ་ཤིས་ཚང་ལྗང་མྱུག་དང་། རྫ་སྐྱེས་ཕུར་བ་བཅས་ལ་སྙིང་ཐག་པ་ནས་སྐུ་དྲིན་ཆེས་ཆེར་ཞུ་ཞུ་ཞུ། སརྦ་མངྒ་ལཾ།     

   ___ཨ་ནུ་དཔེ་ཚོགས་རྩོམ་སྒྲིག་པས།

111.JPG

22.JPG

IMG_4550.JPG

༡.JPG

IMG_4550.JPG

རྩོམ་སྒྲིག་པ།  ཆབ་འགག་ཇོ་རུ། 

ཉེ་བའི་གསར་བསྒྱུར།