ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > སློབ་གསོ། > མི་རིགས་སློབ་གསོ།

བོད་ཀྱི་ཡིག་གཟུགས་དྲ་བ་ངོ་སྤྲོད།

སྤེལ་དུས། 2015-05-04 08:36:31  རྩོམ་ཁུངས། བོད་ཀྱི་ཡིག་གཟུགས་དྲ་བ།  རྩོམ་པ་པོ། རིན་ཆེན་གྱིས་བསྒྲིགས།  ཀློག་གྲངས།

 བོད་ཀྱི་ཡིག་གཟུགས་དྲ་བ( www.zgzzsfw.com )་ནི་2014ལོར་རྒྱལ་སྤྱིའི་མུ་འབྲེལ་དྲ་ལམ་ནས་གསར་དུ་བཙུགས་པའི་ཆེས་ཐོག་མའི་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་དྲ་ཚིགས་ཤིག་ཡིན།ངེད་དྲ་ཚིགས་ཀྱི་དམིགས་ཡུལ་ནི་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་དེ་ཡིན་ལ།ལྷག་པར་དུ་ཆོལ་གསུམ་བོད་པའི་ཡིག་གཟུགས་ཆེད་མཁས་དང་།ཡིག་གཟུགས་ལ་དུངས་ཞེན་ཟབ་ཅིང་བརྩོན་པ་ལྷུར་ལེན་བྱ་བཞིན་པའི་གསར་སྐྱེས་སྨྱུག་ཐོག་པའམ། ཡང་ན་བོད་ཀྱི་ཡིག་གཟུགས་ལ་སྤྲོ་སྣང་ལྡན་པའི་ལས་དང་པོ་བ་རྣམས་ལ་ཐུན་མོང་དུ་དབང་པའི་གར་སྟེགས་ཤིག་བསྐྲུན་རྒྱུ་དེ་ཡིན་པ་མ་ཟད། བོད་ཆོལ་ཁ་གསུམ་མམ་ལྗོངས་ཞིང་ལྔ་དང་རྒྱལ་ཁབ་ཕྱི་ནང་ཀུན་ན་བཞུགས་པའི་ཡིག་གཟུགས་ཆེད་མཁས་རྣམ་པའི་མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ཀྱི་སྣེ་ཁྲིད་འོག་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ཉམས་པ་སོར་ཆུད་དང་མ་ཉམས་གོང་སྤེལ་གཏོང་བའི་ལས་ཀ་གཉེར་རྒྱུ་དེ་ཡིན།

   -1.jpg

 

ཉེ་བའི་གསར་བསྒྱུར།