ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > རིག་རྩལ། > སྒྲ་ཟློས།

ཤེར་བསྟན་གྱིས་བླངས་པའི་སྙིང་གཏམ།

སྤེལ་དུས། 2012-03-09 11:22:17  རྩོམ་ཁུངས། ངེད་དྲ་བ།  རྩོམ་པ་པོ། རིན་ཆེན་གྱིས་བསྒྲིགས།  ཀློག་གྲངས།

 

ཚིག བསྟན་འཛིན་ཆོས་གྲགས།

གདངས། ཤེར་བསྟན། གཞས་པ། ཤེར་བསྟན།

ཡུལ་འཛམ་གླིང་མཐོ་སྒང་གངས་རིའི་འདབས།

ཕ་སྤྲེའུ་རྒན་གཅིག་གི་རྒྱུད་རྩ་རུ།

ཁམས་ཨ་མདོ་དབུས་གཙང་སྟོད་པ་སོགས།

གསོན་འདི་གང་སྐྱིད་སྡུག་ལས་དབང་གཅིག

ཡུལ་སྟོད་སྨད་དབྱེ་བ་མི་ཕྱེ་བར།

སེམས་བརྩེ་བས་གཅིག་ཕན་གཅིག་རོགས་མཛོད།

ཆོས་གྲུབ་མཐའི་ཕྱོགས་རིས་རྩོད་པ་སྤོངས།

བོད་མཐུན་སྒྲིལ་བྱས་ནས་མདུན་དུ་འགྲོ།

ཁྲི་མཐོན་པོའི་སྟེང་གི་བླ་མ་དང་།

ཐོབ་གོ་ས་ཆེ་བའི་དཔོན་ཆེན་ཚོ།

རང་སྐྱིད་འདོད་ཁྲི་ལ་མ་རྔམ་པར།

འབངས་བདེ་སྐྱིད་བསྐྲུན་དང་ཀུན་གྱིས་བཀུར།

ལོ་ཆུང་ཆུང་ཕ་མའི་གཅེས་ཕྲུག་ཚོ།

བློ་རིག་པ་གསལ་དུས་ཤེར་བྱ་སྦྱོངས།

དྲིན་ཕ་མས་རེ་ལྟོས་བཅོལ་ས་དེ།

བུ་ཁྱོད་ཚོ་ཡིན་ནོ་སྙིང་ལ་ཟུངས།

ཉེ་བའི་གསར་བསྒྱུར།