ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > རིག་རྩལ། > གངས་རིའི་སྐར་རྒྱན།

གཡུ་འབྲུག་ཚན་སྡེབ་ཀྱིས་ཆེད་བསྒྲིགས་གཉིས་པ་མི་འགྱངས་བར་འགྲེམ་སྤེལ་བྱེད་རྒྱུ་རེད།།

སྤེལ་དུས། 2013-07-22 15:33:41  རྩོམ་ཁུངས། ངེད་དྲ་བ།  རྩོམ་པ་པོ། གཡུ་འབྲུག་ཚན་སྡེབ།  ཀློག་གྲངས།

      ཏག་ཏག་མི་ལོ་བདུན་གྱི་སྔོན་ལ་ང་ཚོས་རྨི་ལམ་གཞས་ལ་བཅོལ་ཏེ་ལམ་དུ་ཆས་པ་ཡིན། ལོ་ངོ་དེ་དག་གི་རིང་ང་ཚོས་ཀྱང་འཚོ་བའི་་སྐྱིད་སྡུག་སྣ་ཚོགས་ལོངས་སུ་སྤྱད་ཅིང་རིག་གནས་འདྲེས་འཛིང་གི་ཁོར་ཡུག་ཞིག་ནས་སྒྱུ་རྩལ་ལས་རིགས་ལ་དགའ་བའི་སྐད་དང་གཤིས་རྒྱུད་མི་འདྲ་ལ་བློ་དང་རིག་པ་མི་འདྲ་བའི་མི་མང་བོ་ཞིག་དང་འཕྲད་སོང་ལ་དྲྭ་བ་སོགས་ལས་ཀྱང་འཛམ་གླིང་ཡོངས་སུ་སྐད་གྲགས་ཆོད་པའི་གཞས་པ་གཞས་མ་བརྒྱ་ཕྲག་ཁ་ཤས་ཀྱི་རོལ་ཆས་སྣ་ཚོགས་ལ་སྡེབ་པའི་གཞས་རྟ་ཉམས་སུ་མྱོང་བའི་སྐལ་བ་ལྡན་པར་གྱུར། སློབ་སྦྱོང་གི་གོ་རིམ་འདི་འདྲ་ཞིག་བརྒྱུད་དེ་ང་ཚོས་རོལ་དབྱངས་སྒྱུ་རྩལ་གྱི་སྡིངས་ཆ་འདི་ནས་རང་གི་བླ་སྲོག་ལ་ངོ་ལོག་མི་བྱ་བའི་གདེངས་ཤིག་རྙེད་ཅིང་མཛད་མེད་སྒྱུ་རྩལ་གྱི་ལམ་བུ་འདི་ལས་བསམ་དོན་མཐའ་དག་གཞས་སྣ་མི་འདྲ་བའི་ལམ་ནས་གཞན་གྱི་མྱང་བྱ་རུ་འབུལ་བའི་སྤོབས་པ་ཞིག་ཀྱང་རྙེད།

        འདི་ནི་རང་རང་སོ་སོའི་འཚོ་བའི་ལོངས་སྤྱོད་རྩེ་གྲ་ཞིག་ཏུ་འགྱུར་བར་བརྩོན་པ་ལས་གཞན་ཅི་ཞིག་རེག་འདོད་ཀྱི་བརྐམ་ཆགས་དེའང་ཞར་ནས་མེད།
         ཆེད་བསྒྲིགས་གཉིས་པར་རྗེའ་ཟི་དང་བྷུའུ་ལོའུ་སུ། བཤད་གཞས། R&Bསོགས་བོད་ཀྱི་གཞས་སྟེགས་འདིར་མཚོན་ན་གསར་བའི་གཤིས་ལུགས་ཀྱིས་ཡོངས་སུ་ཁྱབ་པའི་སྣ་མང་གཅིག་བསྡུས་ཤིག་ཡིན་ན་ཁྱད་ཆོས་འདི་དག་གིས་གཞས་ཞེན་པ་རྣམས་ལ་ཚོར་བ་སྨྲ་བསམ་བརྗོད་འདས་ཤིག་སྟེར་ཐུབ་པར་རེ་བ་རྒྱག་གི་ཡོད།
         གཡུ་འབྲུག་ཚན་སྡེབ་ལ་དགའ་བའི་གྲོགས་པོ་རྣམ་པ། ང་ཚོས་ཁྱེད་ཚོར་ཚོར་བ་མི་འདྲ་བའི་གཞས་རྟ་སྣ་ཚོགས་ཤིག་བསྣམས་ཏེ་སྤྱི་ཟླ་བརྒྱད་པའི་ནང་མཇལ་འོང་། ཞལ་དྲོ། བཀྲ་ཤིས།

image.jpg
གཡུ་འབྲུག་ཚན་སྡེབ།

 

ཉེ་བའི་གསར་བསྒྱུར།