ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > རིག་རྩལ། > གངས་རིའི་སྐར་རྒྱན།

གླུ་མ་ཆོས་སྐྱིད་ཀྱིས་མདོ་ཁམས་ཡུལ་གྱི་རྡུང་ལེན་འགྲན་ཚོགས་སྟེང་བྱ་དགའ་ཨང་གཉིས་པ་བླངས།

སྤེལ་དུས། 2013-11-08 23:10:01  རྩོམ་ཁུངས། ངེད་དྲ་བ།  རྩོམ་པ་པོ། བོང་སྟག་རི་ལུ།  ཀློག་གྲངས།

201311081.jpg

        གླུ་མ་ཆོས་སྐྱིད་ནི་1988ལོར་མདོ་སྨད་བོང་སྟག་ཏུ་སྐྱེས་ཤིང་། ཆུང་དུས་ནས་བཟུང་ནོར་ལུག་གི་རྨུག་རྗེས་དེད་ནས་མཐའ་ཡས་པའི་རྩྭ་ཐང་ནས་ལང་ཚོའི་གཉོམ་ལག་རྒྱས། ལྷད་ཀྱིས་མ་གོས་ཤིང་དྭངས་གཙང་གི་རྫ་ཆུ་བསིལ་མས་ཁོ་མོའི་ངག་སྒོ་བརླན་ཞིང་། འབྱམས་ཀླས་པའི་ཐེམ་ཆེན་རྩྭ་ཐང་གིས་ཁོ་མོར་གླུ་ངག་གི་གར་སྟེགས་བསྐྲུན། དེ་ལྟ་དེ་ལྟར།གླུ་མ་ཆོས་སྐྱིད་ཀྱི་སྙན་ཞིང་འཇེབས་པའི་གླུ་སྐད་ཀྱིས་རྒྱ་ཆེའི་ཉན་མཁན་མང་པོ་ཞིག་ལ་བག་ཆགས་ཟབ་མོ་བཞག་པར་བརྟེན། 2009ལོར་ཁོ་མོ་ཐེམ་ཆེན་རྫོང་ལྷ་མཚོའི་འབྱུང་ཡུལ་གླུ་གར་ཚོགས་པའི་ནང་བསྡུ་ལེན་བྱས་ཤིང་།དུས་དེ་ནས་བཟུང་། ཁོ་མོའི་སྐད་ངག་གི་འགྱུར་ཁུགས་རེ་རེ་གླུ་གར་གྱི་སྟེགས་བུ་རེ་རེ་བརྒྱུད་ནས་གཏོང་མགོ་བརྩམས་ལ།སྔ་ཕྱིར་ས་གནས་ཀྱི་རྡུང་ལེན་འགྲན་ཚོགས་སོགས་སུ་ཞུགས་ནས་གྲུབ་འབྲས་ཕུན་སུམ་ཚོགས་པ་བླངས།ལྷག་པར་དུ། ད་ལོར་ཚྭ་འདམ་ཀླུ་མང་རྟགས་མའི་རྡུང་ལེན་འགྲན་སྡུར་སྐབས་གཉིས་པའི་སྟེང་བྱ་དགའ་ཨང་དང་པོ་བླངས་ལ།མདོ་ཁམས་ཡུལ་གྱི་རྡུང་ལེན་འགྲན་སྡུར་སྐབས་ལྔ་བའི་སྟེང་བྱ་དགའ་ཨང་གཉིས་པ་བླངས་པས།མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་2014ལོའི་ལོ་སར་དགོང་ཚོགས་སྟེང་གདན་ཞུ་བྱས་ཡོད་ལ།སང་ལོར།མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་རིག་རྩལ་ཚན་ཁག་གིས་སྒྲུབ་བཞིན་པའི་གཞས་ར་ཕྲ་མོའི་གླུ་ལེན་ཆེད་ཚོགས་ཤིག་ཀྱང་བསྒྲུབ་རྩིས་ཡོད་དོ།།

20131108232.jpg

ཉེ་བའི་གསར་བསྒྱུར།