ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > རིག་རྩལ། > གངས་རིའི་སྐར་རྒྱན།

གློག་བརྙན༼སངས་རྒྱས་སྒྲོལ་མ༽ཟི་ལིང་ནས་ཐོག་མར་གཏོང་རྒྱུ་རེད།

སྤེལ་དུས། 2015-03-26 16:12:18  རྩོམ་ཁུངས། མཚོ་སྔོན་རླུང་འཕྲིན་དྲ་བ།  རྩོམ་པ་པོ།   ཀློག་གྲངས།
        མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་མ་རྩ་བཏང་བའི་གློག་བརྙན་སངས་རྒྱས་སྒྲོལ་མ་ལོ་ངོ་གཅིག་ལྷག་གི་རིང་བྲེལ་འཚུབ་ཀྱིས་ཕབ་བསྐྲུན་དང་སྒྲིག་སྦྱོར་བྱས་པ་བརྒྱུད། ཟླ3པའི་ཚེས་27ཉིན་མཚོ་སྔོན་གློག་བརྙན་ཟློས་གར་ཁང་ནས་ཐོག་མར་གཏོང་རྒྱུ་རེད། གློག་བརྙན༼སངས་རྒྱས་སྒྲོལ་མའི༽རིང་ཐུང་ལ་སྐར་མ90ཡོད་པ་དང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བཙུགས་པ་ནས་བཟུང་། རང་ཉིད་ཀྱིས་འཁྲབ་གཞུང་བརྩམས་ཤིང་། རང་ཉིད་ཀྱིས་མ་རྩ་བཏང་སྟེ། ཆེད་ལས་ཕབ་བསྐྲུན་ཚན་ཆུང་གིས་ཕབ་བསྐྲུན་བྱས་པའི་ནང་དོན་ཕུན་སུམ་ཚོགས་ལ། མི་སེམས་སྒུལ་བར་བྱེད་ཅིང་རེ་སྒུག་བྱེད་རན་ཡོད་པའི་གློག་བརྙན་ཞིག་ཡིན།

གློག་བརྙན་འདི་ནི་བརྩེ་བ་ལྷད་མེད་ཀྱི་བོད་རིགས་ན་གཞོན་དགྲ་ལྷ་དང་གཤིས་རྒྱུད་འཇམ་པའི་བོད་རིགས་བུ་མོ་སངས་རྒྱས་སྒྲོལ་མ་གཉིས་ཀྱི་ལྷད་མེད་པའི་བརྩེ་དུངས་བརྗོད་གཞི་གཙོ་བོར་བཟུང་ཞིང་། ངོ་མཚར་བའི་བོད་ཀྱི་ཡུལ་སྲོལ་དང་གླུ་གར་རིག་གནས་བརྗོད་གཞི་ཕལ་བར་བཟུང་ནས། བོད་ཁམས་ཀྱི་མཛེས་སྡུག་བརྙན་རིས་མངོན་པར་བྱས་ཏེ། འཆམ་མཐུན་དང་བདེ་སྐྱིད་བརྒྱུད་བསྒྲགས་བྱས་ཡོད་པ་མ་ཟད། རེ་སྒུག་དང་སྟོབས་ཤུགས་ཀྱིས་ཁེངས་འདུག་པའི་གློག་བརྙན་ཞིག་ཡིན། གློག་བརྙན་ཧྲིལ་བོ་ཡུས་ཧྲུའུ་ཁུལ་ཁྲི་འདུ་རྫོང་ནས་ཕབ་བསྐྲུན་བྱས་ཤིང་། མཛེས་སྡུག་གི་རྩྭ་ཐང་དང་། ཁྲི་འདུ་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཟློས་གར་ཁང་། རྟ་རྒྱུགས་ཐང་སོགས་ནས་ཡུས་ཧྲུའུ་ཡི་ཁྱད་ཆོས་ལྡན་པའི་ཡུལ་ལྗོངས་མངོན་པར་བྱས་ཡོད་ལ།  མཐུན་སྒྲིལ་མདུན་སྐྱོད་དང་རི་ཆུ་མཛེས་ཤིང་སྡུག་པ། མི་རྣམས་ལྷུན་ཆགས་ཡིན་པའི་ཡུས་ཧྲུའུ་གསར་བ་ལྟ་མཁན་རྣམས་ཀྱི་གཟིགས་མོར་ཕུལ་ཡོད། གློག་བརྙན་གྱིས་གསོན་ཉམས་ལྡན་པའི་ངང་བོད་མི་རིགས་ཀྱི་ཡ་རབས་སྤྱོད་བཟང་དང་བོད་ཡུལ་གྱི་ལོ་རྒྱུས་ཡུན་རིང་ལྡན་པའི་རིག་གནས་ཤུལ་བཞག་མངོན་པར་བསྟན་ཡོད་པས། མི་རིགས་མཐུན་སྒྲིལ་དང་། མཉམ་དུ་འཕེལ་རྒྱས་སུ་འགྲོ་བའི་དབྱངས་རྟ་གཙོ་བོ་ཁྱབ་བསྒྲགས། ལྷག་པར་དུ་ཀྲུང་གོ་གསར་བ་བཙུགས་པའི་ཚུན་ལ་བོད་ཁུལ་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་མི་རྣམས་ལ་ཤེས་སུ་འཇུག་པ་དང་། རྒྱལ་གཅེས་རིང་ལུགས་སྲོག་ཤིང་དུ་བཟུང་བའི་མི་རིགས་ཀྱི་སྙིང་སྟོབས་དང་། བཅོས་སྒྱུར་གསར་གཏོད་སྲོག་ཤིང་དུ་བཟུང་བའི་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་བྱེད་པར་དོན་དངོས་ཀྱི་ནང་དོན་གལ་ཆེན་པོར་ལྡན།

གློག་བརྙན་གྱི་འཁྲབ་ཁྲིད་པ་སྐུ་ཞབས་ལེང་པིན་ཀྱིས་དེ་སྔ་༼འོད་སྣང་མི་ཡུལ་དུ་འཇོག་པ༽དང་། ༼ས་མཐའི་བརྩེ་གླུ༽སོགས་ཕུལ་བྱུང་གློག་བརྙན་བརྩམས་ཆོས་འབོར་ཆེན་ལ་འཁྲབ་ཁྲིད་དང་འཁྲབ་སྟོན་བྱས་མྱོང་ལ། དེའི་ནང་དུ་རང་ཉིད་ཀྱིས་འཁྲབ་ཁྲིད་དང་འཁྲབ་སྟོན་བྱས་པའི་༼ཝང་ཁྲང་ཞི་སླེབས་བྱུང་༽ཞེས་པའི་གློག་བརྙན་བརྩམས་ཆོས་ལ་སྐབས་བཅུ་གཉིས་པའི་ཧྭ་པེའོ་བྱ་དགའི་གཏམ་རྒྱུད་ཁྱད་འཕགས་ཅན་གྱི་བྱ་དགའ་ཐོབ་པ་དང་། ༼གྲོང་རྙིང༽ལ་སྐབས་ཉི་ཤུ་པའི་གསེར་བྱ་མེ་ཏོག་སྣ་བརྒྱ་གློག་བརྙན་དུས་ཆེན་གྱི་གཏམ་རྒྱུད་ཁྱད་འཕགས་ཅན་གྱི་བྱ་དགའ་དང་། ཧྭ་པེའོ་བྱ་དགའ། སྐབས་དྲུག་པའི་པེ་ཧི་ཨང་གྲངས་གློག་བརྙན་གྱི་ཆེས་མཐོའི་བྱ་དགའ་སྟེ༼པེ་ཧི་བྱ་དགའ་༽ཐོབ་པ་རེད།
 

 

 

 
གློག་བརྙན༼སངས་རྒྱས་སྒྲོལ་མའི༽ཁྱབ་བརྡ།

གློག་བརྙན༼སངས་རྒྱས་སྒྲོལ་མའི༽འཁྲབ་ཁྲིད་པ་སྐུ་ཞབས་ལེང་པིན།

གློག་བརྙན༼སངས་རྒྱས་སྒྲོལ་མའི༽བརྙན་པར།

གློག་བརྙན༼སངས་རྒྱས་སྒྲོལ་མའི༽བརྙན་པར།

གློག་བརྙན༼སངས་རྒྱས་སྒྲོལ་མའི༽བརྙན་པར།

གློག་བརྙན༼སངས་རྒྱས་སྒྲོལ་མའི༽བརྙན་པར།

 གློག་བརྙན༼སངས་རྒྱས་སྒྲོལ་མའི༽བརྙན་པར།

གློག་བརྙན༼སངས་རྒྱས་སྒྲོལ་མའི༽བརྙན་པར།

གློག་བརྙན༼སངས་རྒྱས་སྒྲོལ་མའི༽བརྙན་པར།

གློག་བརྙན༼སངས་རྒྱས་སྒྲོལ་མའི༽བརྙན་པར།

གློག་བརྙན༼སངས་རྒྱས་སྒྲོལ་མའི༽བརྙན་པར།

གློག་བརྙན༼སངས་རྒྱས་སྒྲོལ་མའི༽བརྙན་པར།

གློག་བརྙན༼སངས་རྒྱས་སྒྲོལ་མའི༽བརྙན་པར།

གློག་བརྙན༼སངས་རྒྱས་སྒྲོལ་མའི༽བརྙན་པར།

ཉེ་བའི་གསར་བསྒྱུར།