ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > རིག་རྩལ། > གངས་རིའི་སྐར་རྒྱན།

ནག་བཟའ་ཚེ་རིང་སྒྲོལ་མའི་ཆེད་བསྒྲིགས་བརྙན་འཁོར་ཐོག་མ༼ཟླ་བའི་གསང་བ༽ཞེས་པ་འགྲེམས་སྤེལ་བྱས།

སྤེལ་དུས། 2015-04-07 09:13:57  རྩོམ་ཁུངས། མཚོ་སྔོན་བོད་སྐད་རླུང་བརྙན་འཕྲིན་དྲ་བ།  རྩོམ་པ་པོ། མི་གསལ།  ཀློག་གྲངས།

 webwxgetmsgimg.jpg
ནག་བཟའ་ཚེ་རིང་སྒྲོལ་མའི་ཆེད་བསྒྲིགས་བརྙན་འཁོར་ཐོག་མ༼ཟླ་བའི་གསང་བ།༽

0.jpg

ནག་བཟའ་ཚེ་རིང་སྒྲོལ་མ་ནི་ཨ་མདོའི་མགོ་ལོག་གི་རྨ་ཆེན་གངས་རི་ཉེ་འདབས་སམ་རྨ་ཆུ་ལི་མ་དལ་གྱིས་འབབ་པའི་མགོ་ཁུངས་ཀྱི་སྦྲ་ནག་གཡང་སྡེ་ཕྱུག་མོ་རུ་ནར་སོན་ཞིང་འཚར་ལོང་བྱུང་ལ། ཆུང་དུས་ནས་བཟུང་སྟེ་དྲིན་ཆེན་ཕ་མའི་བྱམས་སྐྱོང་གི་འོག་ཏུ་སློབ་གྲྭ་ཆེ་མ་ཆུང་གསུམ་འགྲིམས་པའི་སྐལ་བ་ལྡན། ༢༠༠༨ལོ་མཚོ་སྔོན་གསོ་རིག་སློབ་གླིང་ནས་སློབ་མཐར་ཕྱིན་ཏེ་བྱ་བའི་ལས་གནས་སུ་ཞུགས་པ་དང་ཐོག་མར་ཚེ་རིག་འཛིན་པའམ་གསོ་བྱེད་སྨན་པའི་གྲལ་མཐའ་འཛིན་མཁན་ཞིག་ཏུ་གྱུར།

00.jpg

ནག་བཟའ་ཚེ་རིང་སྒྲོལ་མ་ནི་ཆུང་ངུའི་དུས་ནས་བཟུང་རྣམ་དཔྱོད་བཀྲ་ཞིང་སློབ་གཉེར་ལ་བརྩོན་པར་དགའ་བ་ཞིག་ཡིན་པ་མ་ཟད་གླུ་ལེན་རྒྱུ་དང་བྲོ་འཁྲབ་རྒྱུ་ལ་དགའ་མོས་ཧ་ཅང་ཆེ་བས་ཁོ་མོའི་འཚོ་བའི་ཁྲོད་དང་བྱ་བའི་ཞོར་གྱི་ཆེས་མེད་དུ་མི་རུང་བའི་དགའ་ཕྱོགས་གཙོ་བོ་ཞིག་དང་འཚོ་བའི་གྲུབ་ཆ་གཙོ་བོ་ཞིག་ཏུའང་གྱུར་ཡོད་། ཁོ་མོའི་ཕ་ཡུལ་ལ་བཅངས་པའི་ལྷད་མེད་ཀྱི་བརྩེ་སེམས་མཚོན་བྱེད་དང་མི་ཚེ་འདི་དོན་ལྡན་དུ་འགྱུར་བའི་ཟས་རིན་ཙམ་དང་དྲིན་ཆེན་ཕ་མ་དང་གཉེན་ཉེ་དག་ལ་བཀའ་དྲིན་ཞུ་མཆིད་དུ་དྲི་མེད་ཀྱི་ཁ་བཏགས་དཀར་པོ་ཞིག་གི་ཚབ་ཏཡང་ན་ཁོ་མོའི་མི་ཚེ་འདིའི་ཕུགས་བསམ་མངོན་འགྱུར་ཡོང་ཆེད་ཀྱི་རང་གི་དགའ་ཕྱོགས་དེ་རྒྱུན་འཁྱོངས་དར་སྤེལ་བྱེད་ཆེད་ལོ་ངོ་གཉིས་རིང་དུ་འབད་བརྩོན་ལྷོད་མེད་བྱས་ཏེ་ཕ་སྐད་གཙང་མའི་གླུ་གཞས་ཆེད་བསྒྲིགས༼ཟླ་བའི་གསང་བ༽ཞེས་པའི་ཟེར་སྡེར་གསར་བ་འདི་འགྲེམ་སྤེལ་བྱས་པ་ཡིན་ལ།

000.jpg

ཆེད་བསྒྲིགས་ནང་དུ་གླུ་ཚིག་རྩོམ་མཁན་བོད་ཀྱི་སྙན་ངག་པ་གྲགས་ཅན་འཇུ་སྐལ་བཟང་དང་ལྡོང་ནོར་སྡེ། འབྲུག་ལྷ་རྒྱལ་སོགས་དང་། དབྱངས་རྩོམ་མཁན། ཆོས་རྒྱ་མཚོ་དང་བཀྲ་ཤིས་རྡོ་རྗེ། གླིང་རྒྱལ་འཆི་མེད་ཚེ་རིང་སོགས་བོད་ཀྱི་རྩོམ་མཁན་གྲགས་ཅན་དང་སྙན་ངག་པ་གྲགས་ཅན།སྒྱུ་རྩལ་པ་གྲགས་ཅན་ནམ་དབྱངས་རྩོམ་མཁན་གྲགས་ཅན་སོགས་ལ་བཀའ་དྲིན་མི་ཕྱེད་སྙིང་ནས་ཞུ་བ་དང་ཆབ་ཅིག་ཏུ་ན་གཞོན་གླུ་མ་ཁོ་མོས་དྭངས་གཙང་གི་སེམས་པ་མཚོན་བྱེད་ཀྱི་ལེགས་སྐྱེས་སུ་ཕུལ་བའི་གླུ་གཞས་ཆེད་བསྒྲིགས་འདི་རིགས་མཐུན་སྤུན་ཟླ་ཡོངས་ཀྱི་སྙན་དབང་གསོ་བའི་བདུད་རྩི་དང་ཁྲ་ཆུང་མིག་གི་དགའ་སྟོན་དུ་འགྱུར་བའི་བཀྲ་ཤིས་སྨོན་འདུན་ཞུ།།

 

ཉེ་བའི་གསར་བསྒྱུར།