ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > རིག་རྩལ། > གངས་རིའི་སྐར་རྒྱན།

གཞས་མ་ཐང་སྐོར་རིག་འཛིན་སྒྲོལ་མ།

སྤེལ་དུས། 2015-12-14 10:09:51  རྩོམ་ཁུངས། བོད་ཀྱི་དྲ་བ།  རྩོམ་པ་པོ། དྲ་རྒྱ་ལས་བཏུས།  ཀློག་གྲངས།

222.jpg
ཐང་སྐོར་རིག་འཛིན་སྒྲོལ་མ།

ཐང་སྐོར་རིག་འཛིན་སྒྲོལ་མ། ལྷན་སྐྱེས་ཀྱི་མགྲིན་ངག་ལ་རྩྭ་ཐང་བུ་མོའི་ཁྱད་ཆོས་ལྷག་ཏུ་ཐོན་པའི་གཞོན་སྐྱེས་གཞས་མ་ཐང་སྐོར་རིག་འཛིན་སྒྲོལ་མ་ནི་མཛེས་སྡུག་ཡིད་དུ་འོང་པའི་མཛོ་དགེ་རྩྭ་ཐང་ནས་གཉོམ་ལག་རྒྱས་པ་ཡིན་ལ། ཕ་སྐད་ཀྱི་གླུ་གཞས་འཚོལ་སྙེག་གི་དམིགས་འདུན་དང་ཕ་ཡུལ་གྱི་ཡོད་ཚད་དུངས་ཞེན་གྱི་ཕུགས་སུ་རུམ་པའི་འབྲོག་མོ་འདིའི་ངག་གི་འགྱུར་ཁུགས་རེ་རེ་དང་སྨྲ་ལྕེ་དག་པའི་དྭངས་གསལ་གྱི་གཞས་ཚིག་རེ་རེ་ལས་ཁོ་མོ་ནི་མ་ཡུམ་གངས་ལྗོངས་འདིའི་རེ་བ་དང་ཡིད་རྟོན་འཆང་སའི་གསར་སྐྱེས་གླུ་མ་ཞིག་ཏུ་ང་ཚོས་བློས་བསླངས་མི་བྱེད་ཐུ་མེད་ཡིན།

ཉེ་ལམ། ཆབ་འགག་རྡོ་རྗེ་ཚེ་རིང་གིས་ཚིག་དང་དབང་གྲགས་རྡོ་རྗེ་ཡིས་གདངས་བརྩམས་ཞིང་། ཁ་བ་ཅན(པེ་ཅིན)གློག་བརྙན་འཕྲིན་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་ཟི་མཚོ་སྔོན་ཡན་ལག་ཀུང་ཟིའི་རོལ་གཞས་ཚན་ཁག་གིས་ཕབ་སྐྲུན་བྱས་པའི་ཁོ་མོའི་བརྩམས་ཆོས་ཐོག་མ«ཚེ་རིང་ལོ་བརྒྱ»ཞེས་པ་དེ་ཉེ་ལམ་སྒྲ་བརྙན་ཕབ་ལེན་ལེགས་འགྲུབ་བྱུང་ཡོད། །

ཉེ་བའི་གསར་བསྒྱུར།