ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > རིག་རྩལ། > གངས་རིའི་སྐར་རྒྱན།

བསྟན་འཛིན་ཉི་མ་ལ《2018ལོའི་ཀྲུང་གོའི་གླུ་སྐད་སྙན་མོ》ལོ་འཁོར་གྱི་བྱ་དགའ་ཨང་དང་པོ་ཐོབ་པ།

སྤེལ་དུས། 2018-10-20 11:27:42  རྩོམ་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།  རྩོམ་པ་པོ།   ཀློག་གྲངས།
cce385b8-7ab6-49c8-a4e7-af6f20bdc02b.jpg
          ཟླ10པའི་ཚེས7ཉིན་གྱི་དགོང་མོའི་དུས་ཚོད8ཀྱི་སྟེང་། ཀྲེ་ཅང་བརྙན་འཕྲིན་ཁང་གིས་ཡུལ་དངོས་ནས་ཐད་གཏོང་བྱེད་པའི་བརྙན་འཕྲིན་གླུ་དབྱངས་ཀྱི་དངོས་དོན་ལེ་ཚན་ཏེ《2018ལོའི་ཀྲུང་གོའི་གླུ་སྐད་སྙན་མོ》ཡི་རྟིང་རྩོད་འགྲན་སྡུར་རྒྱལ་ཁབ་ལུས་རྩལ་ཐང་སྟེ“བྱ་ཚང”དུ་བསྡུས། རང་ཞིང་ནས་སོང་བའི་བོད་རིགས་གཞོན་ནུ་བསྟན་འཛིན་ཉི་མ་དང་འབྲུག་བྱམས་ཚེ་རིང་གཉིས་ཀྱིས་དྭངས་གཙང་གི་གླུ་སྐད་ལ་བརྟེན་ནས་གླུ་སྐད་སྙན་མོའི་གར་སྟེགས་སྟེང་མཚོ་སྔོན་གྱི་རྐང་རྗེས་ཟབ་མོར་ཕབ་ལ། མི་རིགས་ཀྱི་གླུ་དབྱངས་དང་དར་ཁྱབ་ཆེ་བའི་གླུ་དབྱངས་གཉིས་ཟུང་འབྲེལ་བྱས་ཏེ“མཚོ་སྔོན་གྱི་གླུ་སྐད་སྙན་མོ”བླངས། ཛ་དྲག་ཆེ་བའི་ཐེངས་འགའི་འགྲན་རྩོད་བྱས་པ་བརྒྱུད། མཇུག་མཐར་བསྟན་འཛིན་ཉི་མ་རྨི་ལམ་གྱི་ཡང་རྩེ་རུ་འཛེགས་ཏེ་ལོ་འཁོར་གྱི་བྱ་དགའ་ཨང་དང་པོ་ཐོབ།
1123526800_15389536626741n.jpg
 
          བསྟན་འཛིན་ཉི་མ་ནི1990ལོར་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་ནས་སྐྱེས་ཤིང་། སློབ་ཆེན་དུ་སློབ་གཉེར་བྱེད་པའི་སྐབས་སུ། ཁོ་རང་ཧྲེན་ཀྲིན་བརྙན་འཕྲིན་ཁང་གི་ཐེན་དབྱི་ཧྥེYOUNGསློབ་རའི་གླུ་སྐད་སྙན་མོའི་འགྲན་སྡུར་ལ་ཞུགས་ཏེ། རྒྱལ་ཡོངས་ཀྱི་མདུན་གྲལ་ཨང་དྲུག་པའི་ནང་དུ་ཚུད། 2015ལོར་པེ་ཅིན་བརྙན་འཕྲིན་ཁང་གི《ཆེས་སྙན་པའི་གཞས་གདངས་སྐབས་གསུམ་པ》ཡི་ནང་དུ་ཞུགས་ཏེ། རྒྱལ་ཡོངས་ཀྱི་མདུན་གྲལ་ཨང་བརྒྱད་པ་རུ་ཚུད། 2015ལོར། ཁོའི་ཆེས་ཐོག་མའི་གླུ་དབྱངས་ཆེད་བསྒྲིགས《མེ་སོན》ཞེས་པ་དངོས་སུ་འགྲེམ་སྤེལ་བྱས། 2016ལོར་མཚོ་སྔོན་བརྙན་འཕྲིན་ཁང་གིས་ཁོ་རང་གདན་འདྲེན་བྱས་ཏེ་ལོ་གསར་དགོང་ཚོགས་ལ་ཞུགས་ཤིང་། ལོ་དེར་ཁོའི་གླུ་དབྱངས་ཆེད་བསྒྲིགས་ཐེངས་གཉིས་པ་སྟེ《བོད་ཡུལ་གྱི་བརྩེ་བ》ཞེས་པ་འགྲེམ་སྤེལ་བྱས། 2017ལོའི་ཟླ7པར་ཅི་ཁོ་ཅུན་དབྱི་སོགས་མིང་དུ་གྲགས་པའི་གླུ་བ་མང་པོ་དང་མཉམ་དུ་ཐེན་ཡིའུ་ཏེའི་གླུ་བ་གྲགས་ཅན་གྱི་གླུ་ལེན་ཆེད་ཚོགས་ལ་ཞུགས། 2018ལོའི་ཟླ7པར། ཀྲེ་ཅང་བརྙན་འཕྲིན་ཁང་གིས་གཏོང་བཞིན་པའི《ཀྲུང་གོའི་གླུ་སྐད་སྙན་མོ》ཡི་ལེ་ཚན་ཁྲོད་ཞུགས་ཤིང་། བསྟན་འཛིན་ཉི་མས《མི་མངོན་པའི་དྲན་གསོ》ཞེས་པའི་གླུ་དབྱངས་བླངས་པ་ལ་བརྟེན་ནས་ཁོར་གདེང་འཇོག་ཡག་པོ་ཐོབ་པར་མ་ཟད། ལི་ཅན་གྱིས་སྣེ་ཁྲིད་པའི་བྱང་ཤར་གྱི་སྟག་ཅེས་པའི་འགྲན་རྩོད་རུ་ཁག་ཏུ་ཞུགས།
t0150b9e0bfbf0c8e64.jpg
          འབྲུག་བྱམས་ཚེ་རིང་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་གི་མི་ཡིན་ལ། 2017ལོར་དོན་ཀུན་སློབ་རའི་གླུ་སྐད་སྙན་མོའི་ཧྲའན་ཞི་སློབ་ཆེན་སློབ་མའི་གླུ་དབྱངས་དུས་ཆེན་སྟེང་བྱ་དགའ་ཨང་དང་པོ་བླངས་ཤིང་། 2016ལོར《ཀྲུང་གོའི་གླུ་སྐད་སྙན་མོ》ཁྲོད་ཞུགས། ཐེངས་འདིའི2018ལོའི《ཀྲུང་གོའི་གླུ་སྐད་སྙན་མོ》ཁྲོད་ཀྲོའུ་ཅེ་ལུན་གྱིས་སྣེ་ཁྲིད་པའི་ས་ངོས་ཀྱི་ཆེས་སྨྱོ་ཧམ་ཆེ་བ་ཞེས་པའི་འགྲན་རྩོད་རུ་ཁག་ཏུ་ཞུགས་པར་མ་ཟད། བདེ་བླག་ངང་རྒྱལ་ཡོངས་ཀྱི་མདུན་གྲལ་ཨང་ལྔ་པའི་ནང་དུ་རིམ་པ་འཕར། །
844e892f770d44c584173eded9e5c1db.jpg
རྩོམ་སྒྲིག་པ། ཆབ་འགག་ཇོ་རུ།

ཉེ་བའི་གསར་བསྒྱུར།