ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > རིག་རྩལ། > བརྙན་ཟློས།

བློ་བཟང་ལྷུན་གྲུབ་རྡོ་རྗེས་བོད་ཀྱི་རི་ཆུ་རིག་གནས་སྐོར་གླེང་བ།

སྤེལ་དུས། 2018-08-28 17:58:34  རྩོམ་ཁུངས། ཁམས་པའི་བརྙན་འཕྲིན།  རྩོམ་པ་པོ།   ཀློག་གྲངས།

       སྔར་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་འགན་འཛིན་གཞོན་པ། ཀྲུང་གོ་མདོ་དབུས་མཐོ་སྒང་ཞིབ་འཇུག་ཁང་གི་ལས་འཛིན་མགོ་ཁྲིད་གཞོན་པ། བོད་ཀྱི་རི་ཆུ་རིག་གནས་ཞིབ་འཇུག་པ་བློ་བཟང་ལྷུན་འགྲུབ་རྡོ་རྗེ་ལགས་ཀྱིས་བྱམས་པའི་ཁ་བརྡ་ལེ་ཚན་ནང་དུ་རི་ཆུ་རིག་གནས་སྐོར་ནས་ཁ་བརྡ་བྱས། 

         བློ་བཟང་ལྷུན་འགྲུབ་རྡོ་རྗེ་ནི་སྤྱི་ལོ་༡༩༤༨ལོ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་དུ་སྐུ་འཁྲུངས། ཇེ་ལིང་སློབ་ཆེན་དཔལ་འབྱོར་རིག་པའི་ཞིབ་འཇུག་སློབ་མ་མཐར་ཕྱིན། སྔ་ཕྱིར་ཡུལ་ཚོའི་དཔོན་པོ་དང་རྫོང་དཔོན། ཁུལ་དཔོན། ཞིང་ཆེན་མགོ་ཁྲིད་སོགས་ཀྱི་ལས་འགན་བཞེས་མྱོང་ལ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་ཕྱག་ལས་གནང་བ་ནས་མདོ་དབུས་མཐོ་སྒང་གི་ཁོར་ཡུག་དང་རི་ཆུ་རིག་གནས་ལ་དོ་སྣང་དང་ཞིབ་འཇུག་མཛད་ཅིང་། ཕྱིའི་རྒྱལ་ཁབ་བརྒྱ་ལྷག་བསྐོར་ཞིང་། རྒྱལ་ཡོངས་ཀྱི་ས་ཆ་གང་ས་དང་། ཁྱད་པར་དུ་བོད་ཀྱི་གནས་རི་ཕལ་མོ་ཆེ་ལ་ཞབས་ཀྱིས་བཅགས་ཏེ་ཞིབ་འཇུག་མཛད།  

         བོད་གངས་ཅན་ཀྱི་ཡུལ་ནི་གངས་རིན་པོ་ཆེ་དང་། ཇོ་མོ་གླང་མ། གཉན་ཆེན་ཐང་ལྷ། གངས་དཀར་རི་བོ། ཁ་བ་དཀར་པོ་སོགས་གངས་རི་ཤེལ་གྱི་མཆོད་རྟེན་འདྲ་བ་མང་པོས་བསྐོར་ཡོད་ལ། ཇོ་མོ་ཚེ་རིང་མཆེད་ལྔ་དང་། སྲིད་པ་ཆགས་པའི་ལྷ་དགུ། རྗེ་ཡི་མགུར་ལྷ་བཅུ་གསུམ་སོགས་རི་བོ་རེ་རེ་བཞིན་སེམས་ཀྱི་ལྷ་རུ་བསྒོམས་ཡོད། དེ་བཞིན་དུ་རྨ་ཆུ་དང་། འབྲི་ཆུ། ཟླ་ཆུ་སོགས་གསེར་ལྡན་ཆུ་བོ་མང་པོའི་འབྱུང་ཁུངས་སུ་ཆགས་པ་དང་། བདུད་རྩི་ཆུ་ཡི་ཐིགས་པ་རེ་རེ་ནི་འགྲོ་བའི་སྲོག་གི་འཚོ་རྟེན་དུ་གྱུར་ཡོད

རྩོམ་སྒྲིག་པ། ཆབ་འགག་ཇོ་རུ།

 

ཉེ་བའི་གསར་བསྒྱུར།