ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > ལོ་རྒྱུས། > ལོ་རྒྱུས་ཤེས་བྱ།

༄། །གཏེར་ལམ་སྤུར་རྒྱལ་བོད་ཀྱི་བང་སོ།།

སྤེལ་དུས། 2013-05-14 10:50:32  རྩོམ་ཁུངས། ངེད་དྲ་བ།  རྩོམ་པ་པོ། རྡོ་སྦིས་བཤད་སྒྲུབ།  ཀློག་གྲངས།

_____གཏེར་ལམ་ཡུལ་དངོས་ལས་འཕྲོས་བའི་བརྙན་འཕྲིན་ཆེད་སྒྲིག་གི་འཁྲབ་གཞུང་བསྡུས་མ།

201305141.jpg 20130514222.jpg
        གཏེར་ལམ་སྤུར་རྒྱལ་བོད་རིག་གནས་ལས་འཕྲོས་བའི་མ་ཡུམ་ཆེན་མོ་མཆིམས་བཟའ་བཙན་ཐོག་གི་སྲས་མཆོག་ཁྲི་ལྡེ་གཙུག་བཙན་ནམ་མེས་ཨག་ཚོམ་དང་བཙུན་མོ་སྣ་ནམ་བཟའ་གཉིས་ཀྱི་འདྲ་གཟིགས། སྒོ་མེ་རི་མོ་མཁན་བསྟན་འཛིན་ཉི་མས་བསྐྱར་ཕབ་བྱས།

དང་པོ། དབུ་མཛད་པའི་འགྲེལ་བརྗོད། ཐོག་མ་ཉིད་ནས་རྫོགས་ཆེན་གྱི་ཞི་ཁྲོ་སྒྲ་དབྱངས་དཀྲོལ་བ་དང་། ཁ་བྱང་དང་མཆོད་བརྗོད་ལ།
༡ ལོ་རྒྱུས་ཀྱི་རྒྱབ་ལྗོངས་མདོ་ཙམ་སྟོན་པ། འབྲི་བྱ་གཙོ་བོར། འགྲེལ་བཤད་བྲིས་ནས་མདོ་འཛིན་པས་བརྩེ་བ་རྣམ་དག་གིས་གསལ་དག་སྙན་གསུམ་གྱིས་ལོ་རྒྱུས་གྱི་བྱུང་བ་སྒྲོག་པ།
༢ གཏམ་རྒྱུད་འབྲི་བྱ་གཙོ་བོར།
འཇམ་དཔལ་རྩ་རྒྱུད་དང་ཐང་ཡིག་གསར་རྙིང་། བཀའ་ཐང་སྡེ་ལྔ། དོང་ཁང་གཏེར་ཡིག་གི་ལུང་བསྟན་དང་འབྲེལ་བའི་ལོ་རྒྱུས་གྱི་མཆོད་བརྗོད་སྒྲོག་པ།
༣ གཤམ་དུ་༼གཏེར་ལམ་སྤུར་རྒྱལ་བོད་ཀྱི་བང་སོ་ཚོགས་༽དང་འབྲེལ་ནས་ཐོན་པའི་ཤུག་བཞག་རིག་གཏེར་སྐོར་ཞིག་ལ་གཟིགས་པར་བྱའོ།།པར་རིས་ཀྱི་གོ་རིམ་ལྟར་སྒྲིག་སྦྱོར་བྱེད་པ།

གཉིས་པ། གཏེར་ལམ་སྤུར་རྒྱལ་བོད་རིག་གནས་ཀྱི་ཡིག་རྙིང་ལོ་རྒྱུས་ཞིབ་འཇུག་དང་མི་རུས་གསལ་འབྱེད་ཞིབ་འཇུག སྡོང་རིས་ལོ་ཚིགས་ཞིབ་འཇུག གནའ་རྫས་རྟག་དཔྱད་ཞིབ་འཇུག་བཅས་ལ་དཔྱད་འབྲས་མངོན་གསལ་མཛད་ཡོད་པའི་རྒྱལ་སྤྱི་དང་རྒྱལ་ནང་གི་ཆེད་མཁས་གྲགས་ཅན་གྱིས་གཟུགས་བརྙན་ལ་གསོན་ཉམས་ལྡན་པའི་ངང་སྒྱུ་རྩལ་གསར་གཏོད་ཀྱི་ཉམས་འགྱུར་ཏེ་རྒྱབ་ལྗོངས་དང་སྒྲ་དབྱངས། གཟུགས་བརྙན་བཅས་ཀྱིས་ཕབ་སྐྲུན་འབུར་ཏུ་ཐོན་པ་ཞིག་སྒྲིག་པ་དང་། རབ་དོན་པོ་སྟེ། བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་གིས་ངོས་ནས་སྒྲ་སྦྱོར་བྱེད་ཐུབ་དགོས།

གསུམ་པ། གཏེར་ལམ་སྤུར་རྒྱལ་བོད་རིག་གནས་དང་འབྲེལ་བའི་བོད་བཙན་པོ་རིམ་བྱོན་གྱི་ཆོས་སྲིད་ཟུང་གིས་མངའ་དབང་མཛད་པའི་ལོ་རྒྱུས་ཡིག་རྙིང་དང་རྡོ་རིང་ཡི་གེ བོད་སྲིད་གཞུང་གི་ཁྲམ་བྱང་ཡིག་རྙིང་། ལྡེབས་རིས་རི་མོ། ལྷ་སྐུ། རྒྱལ་བློན་ཕན་ཚུན་བར་ལ་ཕུལ་པའི་ཕྱག་བྲིས་ཡིག་རྙིང་། བྲག་རྡོ་སྟེང་དཀར་ཆག་ཏུ་བརྐོས་པའི་ཡི་གེ རྗེ་བློན་དཔའ་དར་ཅན་ལ་མཆོད་པའི་བསྔོ་བྱང་ཡིག་རྙིང་། ཤིང་ཁྲམ་བྱང་བུའི་ཡིག་རྙིང་དང་བོད་བཙན་པོ་མེས་ཨག་ཚོམ་དང་སྣ་ནམ་བཟའ་ཡབ་ཡུམ་ཟུང་གི་འདྲ་གཟུགས། བསྐལ་བ་སྟོང་གི་ཤུག་སྡོང་གི་ནགས་ཚལ་དང་ཆོས་རྙིང་སྟོང་ཕྲག་བརྒྱ་བ། ལྡེབས་རིས་རི་མོ་དང་སྲུང་འཁོར། གདུང་རྟེན་དང་གཅེས་ནོར་ལས་ཐོན་པ་སྟེ། འཛམ་གླིང་གི་མཐོངས་དབྱིངས་སུ་བོད་ཤེས་རིག་གི་གསེར་ས་འོག་ནས་འོད་གནམ་ཁའི་དབྱིངས་སུ་འཕྲོས་བ་ལྟར་སྒྲིག་སྦྱོར་གང་ལེགས་ཀྱིས་འཆར་ཕབ་ཡག་པོ་ཞིག་སྐྲུན་པ།

བཞི། གཏེར་ལམ་སྤུར་རྒྱལ་བང་སོའི་ཚོགས་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་1996ལོར་བསྒྲགས་པའི་ཡིག་ཆ་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་མཚོ་སྲིད་ཡིག་ཨང་༼1986༽༦༥པའི་གསལ་བསྒྲགས་ཡིག་ཆ། <<མཚོ་སྔོན་རིག་དངོས་ཀུན་བཏུས་ཚིག་མཛོད་ཆེན་མོ>><<ཀྲུང་གོའི་རིག་དངོས་ས་ཁྲ་ཕྱོགས་བསྒྲིགས་མཚོ་སྔོན་ཡན་ལག་དེབ>>གནའ་རྫས་རྟོག་ཞིབ་ཀྱི་ཆེད་རྩོམ་<<གཏེར་ལམ་སྤུར་རྒྱལ་བོད་ཀྱི་བང་སོ>>སོགས་འགྲེལ་སྤེལ་བྱས་པའི་<<བརྡ་སྦྱོར>>བཅས་གཟུགས་རིས་སུ་ཕབ་སྟེ་བོད་བཙན་པོའི་ལོ་རྒྱུས་དངོས་དང་འབྲེལ་བའི་དཔྱད་འབྲས་མཐའ་དག་གཟིགས་པ་པོ་རྣམས་ཀྱི་སྙན་ལམ་དུ་ཅི་ལྟར་ཡིན་པ་ཇི་བཞིན་དུ་ངོ་སྤྲོད་དང་མཁོ་མདོན་གང་ལེགས་བྱེད་ཐུབ་པ་ཞིག་སྒྲིག་དགོས།

ལྔ་པ། རང་རེའི་རྒན་རབས་དང་བླངས་པའི་ཚོགས་པ་སྟེ། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་གཏེར་ལམ་བོད་བཙན་པོའི་བོང་སོ་འདིར་མྱུར་སྐྱོབ་དང་སྔོག་འདོན། འཚོལ་བསྡུ། མི་རིགས་གང་ལ་གཏོགས་དགོས་པར་ཡང་དག་གི་ལྟ་བས་གསལ་འབྱེད་རྣམ་པར་དག་པ་ཞིག་ཐོབ་པར། ལོ་ངོ་གཉིས་རིང་གི་དཀའ་བ་སྤྱད་དེ། ལོག་པར་སྨྲ་བའི་ཆེད་མཁས་རྫུན་མ་སྐོར་ཚོགས་གཅིག་ལ་དམིགས་ཡུལ་ཡོད་པ་དང་འཆར་གཞི་ཡོད་པ། རྩ་འཛུགས་ཡོད་པ། འགོ་ཁྲིད་ཡོད་པའི་སྒོ་ནས་བོད་བཙན་པོའི་ལོ་རྒྱུས་རྫུན་བཟོ་བྱས་པར་དགག་བཞག་དང་སུན་འབྱིན་བྱེད་པའི་ཆེད་རྩོམ་གང་མང་པོ་ཞིག་སྤེལ་ཏེ་གཏེར་ལམ་སྤུར་རྒྱལ་བོད་བཙན་པོའི་རིག་གནས་མྱུར་སྐྱོབ་ཐོབ་པར་ཐབས་ལམ་སྣ་ཚོགས་བཙལ་ནས་གསོན་ཤུགས་གང་ཡོད་ཕུལ་ཡོད་པ་ཞིག་སྒྲིག་དགོས།

དྲུག་པ། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་དངོས་ཤུགས་རྒྱུ་གསུམ་གྱིས་རྒྱལ་ཡོངས་ས་གནས་སོ་སོའི་ཆེད་མཁས་གྲགས་ཅན་མང་པོ་ཞིག་གདན་དྲངས་ནས་<རྒྱལ་ཡོངས་སྐབས་དང་པོའི་གཏེར་ལམ་བོད་རིག་གནས་ཀྱི་དཔྱད་ལྒིང་ཚོགས་འདུ་>སྟེ། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་གཏེར་ལམ་རྫོང་ཐོག་གི་བཙན་པའི་བང་སོའི་ཡུལ་དངོས་སོ་སོར་རྩད་གཅོད་དང་བཅར་འདྲི། བརྙན་ཕབ། ལོ་ཙཱ། ཟིན་བྲིས། རྩོམ་སྒྲིག་བཅས་ཀྱི་ལས་དངོས་སུ་ཟབ་ཞུགས་བྱས་ཞོར། ཆེད་མཁས་པས་རང་རང་གི་འདོད་བློའི་དཔྱད་པ་བཏང་བ་ལྷུག་པར་བརྗོད་ཀྱིན་འདུག་པ་བཅས་ཡུལ་དངོས་ཀྱི་པར་རིས་ཕབ་པ་ཇི་བཞིན་ལག་ལེན་དང་དོན་དངོས་གཉིས་ཀྱི་བཅུད་ལས་ཐོན་པའི་གཞུང་ལུགས་ཀྱི་བདེན་ལུགས་སུ་གྲུབ་ཡོད་པའི་གསུངས་བཤད་གང་མང་པོ་ཞིག་དང་ཆེད་རྩོམ་སྤེལ་པ་རྒྱལ་ཡོངས་སུ་བོད་ཀྱི་ཤེས་རིག་སྟེ་སྔར་ལས་རྒྱ་ཆེན་པོས་གཞན་ལ་མངོན་ཆོག་ཐུབ་པའི་ཐབས་ལམ་བཙལ་བའི་ནུས་རྩལ་ཐོན་ཐུབ་པ་ཞིག་སྒྲིག་དགོས།

བདུན་པ། དང་ཐོག་གཏེར་ལམ་བོད་བཙན་པོའི་བང་སོའི་ཡུལ་དངོས་སུ་སོང་ནས་གནའ་རྫས་སྔོག་འདོན་དང་རྟོག་ཞིབ་གཙོ་གཉེར་ཞུགས་མཁན་གྱི་ཆེད་མཁས་སམ། ཡང་ན་ཞིབ་འཇུག་ཆེད་དོན་སྙན་ཞུ་རྩོམ་འབྲི་མཛད་མཁན་གྱི་ཆེད་མཁས་ཆཱའོ་ཏུང་ཧྥང་དང་ལིན་མེས་ཚོན་གཙོས་ལྷན་རྒྱས་བཅུ་གཅིག་གི་དྲན་རྟེན་འདྲ་གཟུགས་དང་། ཞིང་ཆེན་ཏང་སྲིད་འབྲེལ་ཡོད་སྡེ་ཁག་གི་འགོ་འདྲེན་རྣམ་པས་ཐེངས་འདིའི་གཏེར་ལམ་བོད་བཙན་པོའི་རིག་གནས་ཀྱི་རྒྱལ་ཡོངས་སྐབས་དང་པོའི་དཔྱད་ལྒིང་ཚོགས་འདུ་སྟེ། རྒྱལ་ཁའི་ངང་ཚོགས་ཐུབ་པར་རྟེན་འབྲེལ་གྱིས་བསུ་མ་བྱས་པ་དང་གསོལ་སྟོན་ལ་ཞུགས་པ། ལྷན་རྒྱས་འདྲ་གཟུགས་སུ་ཕེབས་པ་བཅས་ཀྱིས་བརྙན་རིས་དང་བཅས་བའི་གསར་འགྱུར་མངོན་གསལ་དོད་པོ་ཞིག་གིས་མཚོན་ཐུབ་པ་དང་། ཁོང་རྣམ་པས་སྤུར་རྒྱལ་བོད་བཙན་པའི་ཤེས་རིག་དང་བློ་གྲོས། དངོས་སྟོབས་རིག་པར་བརྩི་བཀུར་དང་བདེན་ལུགས་ལ་བརྩི་འཇོག་བཅས་བྱེད་དགོས་པའི་ཆོད་སེམས་ཏེ་སེམས་ཅན་གྱི་མདུན་ངོས་སུ་བཅོས་མ་མ་ཡིན་པ་ཞིག་མཚོན་ཐུབ་པ་བྱེད་དགོས།

བརྒྱད་པ། ཐེངས་འདིའི་རྒྱལ་ཡོངས་ཆེད་མཁས་དཔུང་ཚོགས་གཏེར་ལམ་ཡུལ་དངོས་ཀྱི་བང་སོའི་ཚོགས་ལ་བརྟག་དཔྱད་བྱས་རྗེས། ལུང་དང་རིགས་པས་གྲུབ་པ་ནི་གནའ་རབས་སྤུར་རྒྱལ་བོད་ཀྱི་བང་སོར་གཏོགས་དགོས་པ་དང་དེ་ལས་བྱུང་བའི་གནའ་རྫས་ཡིག་རྙིང་དང་ཁྲམ་བྱང་ཡི་གེ ལྡེབས་རིས་རི་མོ། སྲུང་འཁོར། བྲག་བརྐོས་དཀར་ཆག ལྷ་སྐུ། གདུང་རྟེན། གཅེས་ནོར། ཤུག་སྡོང་དྲུད་མཁན་རྣམ་པའི་མིང་ཡིག གསང་སྔགས་རྙིང་མའི་ཆོས་དཔེ་བཅས་བོད་ཀྱི་རིག་གནས་སུ་གཏོགས་པ་བདེན་ལུགས་སུ་གྲུབ་ཡོད་པ་རྒྱལ་ཡོངས་ཆེད་མཁས་རྣམ་པའི་ཞལ་དང་མཐུན་པར་གྱུར་རོ།།

དགུ་བ། མཇུག་མཐར་ས་གནས་དེ་གའི་མང་ཚོགས་ཀྱིས་ཆོས་ལུགས་ཆོ་ག་སྤེལ་ཚུལ་དང་གླུ་གར་རྩེད་འཇོར་རོལ་བའི་ཡུལ་དངོས་ཀྱི་འཚོ་བ་དང་འབྲེལ་བའི་ཁྲི་ཤོར་རྒྱལ་མོའི་གླུ་དབྱངས་ཀྱིས་ཆེད་སྒྲིག་ལེ་ཚན་ཡོངས་སུ་མཇུག་རྫོགས་སོ།།
 

འདིར་ཆེད་སྒྲིག་ཆེད་ལས་རྣམ་པས་བསྐུལ་ངོར་རྡོ་སྦིས་བཤད་སྒྲུབ་ཀྱིས་ཟུར་ལྟའི་ཚུལ་དུ་ཤར་མར་བྲིས་པས་ཕུལ་ལོ།།
 

ཉེ་བའི་གསར་བསྒྱུར།