ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > རྩོམ་རིག > དཔྱད་རྩོམ།

དཔལ་ལྷའི་དུས་ཆེན་གྱི་དཔྱད་པ་ཐུང་ངུ།

སྤེལ་དུས། 2013-12-19 17:27:08  རྩོམ་ཁུངས། ངེད་དྲ་བ།  རྩོམ་པ་པོ། རྔུལ་ཆུའི་དཔའ་བོ།  ཀློག་གྲངས།

20140104.jpg
དྲ་བ་ལས་བཏུས།

        དེ་ཡང་ལོ་ལྟར་གྱི་བོད་ཟླ་༡༠ཚེས༡༥ཉིན་ནི་དཔལ་ལྡན་ལྷ་མོའི་དུས་ཆེན་དུ་སྔར་ཞིག་ནས་ལུགས་ཆགས་ཡོད་པ་རེད།    དེང་དུས་སུ་བོད་དབུས་གཙང་ཡུལ་དུ་གཙོ་བོར་བརྒྱུད་བཞིན་པའི་དཔལ་ལྷ་མོའི་དུས་ཆེན་ནི་དོན་དངོས་སུ་མི་རྣམས་ཀྱི་དད་མོས་གྲུབ་ཆ་ལས་བྱུང་བའི་རིག་གནས་ཤིག་ཡིན་པ་སྟེ་དུས་སྐབས་དེར་དཔལ་ལྷ་མོ་ལ་གུས་པའི་གསོལ་མཆོད་བྱེད་པའི་དུས་ཁྱད་པར་ཅན་ཞིག་དང་།   དེ་ལ་བརྟེན་ནས་མི་རང་རང་ལ་འདོད་དོན་ཀུན་སྩོལ་ཞིང་མི་འདོད་ཉེས་འཚེ་ཀུན་ཞི་བར་འགྱུར་བའི་དུས་ཁྱད་པར་ཅན་ཞིག་ཡིན་པ་ཡོངས་སུ་གྲགས་ན་ཡང་།   ངོ་མཚར་བ་ཞིག་ལ་ཉིན་དེར་བུད་མེད་རྣམས་སྐྱེས་པ་ལས་སྒོར་མོ་སློང་བའི་སྲོལ་ལུགས་ཡོངས་སུ་གྲགས་པ་ཞིག་ཏུ་གྱུར།   མ་ཟད་སྐྱེས་པ་གང་ཞིག་གིས་བུད་མེད་སྒོར་སློང་མཁན་གང་ལ་ཉིན་དེར་སྒོར་མོ་མ་བྱིན་པ་ཡིན་ན་དེ་ནི་མ་ལེགས་པ་དང་རྣམ་རྟོག་ཤར་བའི་ལུགས་ཡོད། དེས་ན་སྐྱེས་ཕོ་ཀུན་གྱིས་ཉིན་དེར་སྔ་མོ་ནས་སྒོར་མོ་སིལ་མ་མང་ཙམ་སྟ་གོན་བྱེད་ཀྱིན་ཡོད།  གང་ལྟར་ཉིན་དེར་བུད་མེད་རྣམས་སྤྲོ་དགས་ཡོལ་བའི་དུས་ཤིག་ཏུ་གྱུར་ཡོད་ལ་མི་རིགས་འདྲ་མིན་ཁྲོད་དུ་ཡིད་དུ་འོང་བའི་རིག་གནས་ཤིག་ཏུ་ཡང་གྱུར་ཡོད་པས་བུད་མེད་ཚོས་རང་ཉིད་དབུལ་ཕྱུག་ཡིན་མིན་ལ་མ་ལྟོས་པར་མི་རིགས་ཤིག་གི་རིག་གནས་ཡིན་པར་ཤེས་ནས་རྒྱུན་སྐྱོང་དགོས།   སྐྱེས་པ་ཕོ་ཚོས་སེར་སྣ་ལ་མ་བལྟས་པར་མི་རིགས་ཤིག་གི་ལུགས་ཁྱད་པར་ཅན་དུ་ཤེས་ནས་མུ་མཐུད་དགོས། མ་ཟད་སྐྱེས་པ་ཚོ་ལ་ཡང་དེ་ལྟར་དགའ་སྤྲོ་སྦྱིན་པའི་དུས་ཤིག་གི་སྲོལ་དགོས་པ་དང་དུས་དེ་ལ་༼ཐུགས་རྗེ་ཆེན་པོའི་དུས་ཆེན་༽ནམ་༼སྤྱན་གཟིགས་དུས་ཆེན་༽ཟེར་བ་ཞིག་བྱུང་ན་དུས་དེར་བུད་མེད་ཚོས་སེར་སྣ་སྤོང་བའི་དུས་སྐབས་ཡིན་པས་དོན་ལ་ཕོ་མོ་གཉིས་སྤྱི་ཡོངས་ལ་དམིགས་གསལ་གྱི་མཛའ་མཐུན་ཞིག་འབྱུང་ངེས་པས།  ངས་ནི་འདི་ལ་ངོ་མཚར་རིག་གནས་སུ་འཛིན།

 

ཉེ་བའི་གསར་བསྒྱུར།