ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > རྩོམ་རིག > སྙན་རྩོམ།

མྱི་གསར་བའི་རང་མོས་ཚན་པ་ལྔ།

སྤེལ་དུས། 2015-05-25 10:13:42  རྩོམ་ཁུངས། མཚོ་སྔོན་བོད་རིགས་དྲ་བ།  རྩོམ་པ་པོ། མྱི་གསར་བ།  ཀློག་གྲངས།

སྣང་བ་གཟེབ་དུ་ཚུད་པ།

མེ་ཏོག་བཅུ་གསུམ་བཏུས་ནས
སྙིང་ཉེ་བའི་མི་དེ་བཙལ་བར་ཕྱིན
མེ་ལོང་དེ་ཆུ་ལ་བཀྲུས་པ་ནས་བཟུང
གྲིབ་གཟུཊ་ལྟ་བའི་སྣང་བརྙན྄་ཏེ་མིག་གོང་ནས་ཡལ་མ་མྱོང
བརྩེ་དུང་འཐུས་པའི་ལོ་ཟླ་བརྗེད་པ་མེད་ཡང
ང་ལ་སྙིང་རྗེ་མེད་པས དགུན་ཁ་ཚེས་པ་ན
རང་སེམས་ཀྱི་སྡུག་བསྔལ་དག་ལ་གཤག་བཅོས་བྱས་པ་ཡིན

རྡོ་བ་བཞིན་གྱེན་ལ་སྐྱེས་པའི་སེམས་པུ་དེ
མུན་པ་དང་འདྲེས་ཚར་བས་ད་ནི་རབ་རིབ་དུ་གྱུར
ཤེར་མིག་ཕུད་རྗེས མཐོང་སྣང་ལ་གང་དུའང
ཐོ་ཡོར་གྱི་བཞེངས་པའི་གཟུཊ་བརྙན་འགའ་རེ་ཤར་བྱུང
རྨི་ལམ་མང་བའི་མཚན་མོ་ག་ཚོད་ཅིག
འཇའ་ཚོན་འཁྱིལ་བའི་ཞིང་ཁམས་ཤིག་དུ་རེ་སྙེགས་བྱས
སྐར་ཚོམ་གྱིས་སྤྲིན་པ་འཐུང་རྗེས
ང་རང་མུན་པའི་གཟེབ་དང་གཏན་ཏུ་གྱེས་འགྲོ

2015/4/30

མུན་པ་འཐིབས་རྗེས་སུ།

བཀླག་ཐབས་བྲལ་བའི་རྨི་ལམ་གྱི་ཁྲོད་དུ
སེམས་གཅོང་གི་ཁ་བ་འབབ་མགོ་བརྩམ་པ་ནས
ངས་རུམ་ནས་འོད་ཀྱུག་ཀྱུག་གི་གྲི་ཆུང་ཞིག་བླངས་པ་ཡིན
སྒྲོན་མེའི་ཐིག་ལེ་ལ་ཕྱེ་ལེབ་མ་འཁོར་བར་དུ
འུ་གཉིས་སོ་སོར་གྲིབ་མ་རེ་ཡོད་ནའང
མུན་པ་འཐིབས་རྗེས་སུ
ཁྱོད་ཀྱི་ཕྱོགས་བཞི་མཚམས་བརྒྱད་དུ
གྲིབ་མ་དེ་མཐོང་རྒྱུ་གཏན་ནས་མི་འདུག
སེམས་གཅོང་དང་སྔན་པ་དག་ལ་སྙན་ངག་གིས་ལྷན་པ་བརྒྱབ་ཅིང
དྲོད་ཀྱིས་གསོས་པའི་རྣམ་ཤེས་ལ་གྲི་ཆུང་གིས་ལན་འགར་བཙུགས་མོད
གཏན་དུ་བྲལ་ཚར་བའི་གྲིབ་མ་དེར་འཆི་མི་བཏུབ་པའི་ནད་ཅིག་ལྡང་བྱུང
ཁྱོད་ལ་སུན་པོ་མི་བཟོ་ཕྱིར གྲིབ་མ་དེ་ཁྱོད་ལ་གཡོལ་གྱིན་འདུག

2015/5/7

ཤེལ་ཏོག་བཅག་པ།

སྟོང་པའི་བར་སྣང་ནས་བྱེའུ་བཅུ་ཙམ་ནུབ་ཏུ་འཕུར་སོང
ངའི་ཁ་ཏོན་བཏོན་འཚམས་བཞག་དེ་གླུ་ལ་ཉན

སྨུག་པ་འཐིལ་བའི་ཁང་བ་དག་ན
འོད་མདངས་མ་ཉམས་པའི་གློག་འོད་འགའ་བསྒྲོན་ཡོད
དེ་ནི་སྣང་ལ་ངེས་པའི་མཚོན་ཁ་ཞིག་ཡིན་མོད

དོ་ཞག་གནས་སའི་མཚམས་ནས་འབྲུག་གྲགས་རྗེས
ངའི་གཟིམས་ཁང་གི་ཤེར་ཏོག་དག་བཅག་སོང
ད་ནི་མུན་པ་ལ་ལྕེ་ལྡག་འགའ་བྱས་ནས་སྡོད་དགོས་བྱུང

2015/4/25

ང་རྒྱལ་སྐྱེས་པ།

གྲིབ་མ་འཐུང་བའི་སྔ་གཞུག་དག་ཏུ
ལང་ཚོ་ཟེར་བའི་ནད་ཡམས་ཤིག
གཞོན་པ་ཚོའི་རྨི་ལམ་དང་འདྲེས་སོང
ཁ་དོག་མི་འདྲ་བའི་འཇའ་ཚོན་ཚོམས་གཅིག
ང་ཅག་སོ་སོའི་སྙུ་གུ་ལ་ཕོག་པར་སྙམ་ཞིང
དོན་དམ་པར་དེ་ནི་ང་རྒྱལ་གྱི་རལ་བ་བསིགས་པས་ལན་པ་རེད

གཡའ་དག་པའི་ནམ་མཁའི་དབྱིངས་ནས
ཁངས་ཆར་འདྲེས་མའི་རླུང་པོ་ལྡང་ཚེ
སྒྱུ་འཕྲུལ་གྱིས་བཞེངས་བའི་རྡོ་བའི་ཕོ་བྲང་དག་ཏུ
ལྷ་ཚོགས་བྱེ་བ་འབུམ་གྱིས་སྐྱེ་རྒ་ན་འཆི་ལུང་དུ་སྟོན་ཞིང
ཁྲག་གི་གཏམ་རྒྱུད་ག་ཚོད་ཅིག་རྨི་ལམ་གྱི་གསང་དུ་སྦས་ཡོད

ཕ་ཡུལ་གྱི་ཆུང་གྲོགས་འགའ་རེ་དོ་ཞག་ནར་སོན་འདུག
ཁྱོད་ཚོ་མུན་པའི་ཁང་པ་དག་དང་གཏན་ཏུ་གྱེས་པར་ཤོག

2015/4/21


ཀྱེ་ང་ཡི་མ་འོངས་པ།

སེམས་སུ་སྨུག་པ་འཐིབ་ཚེ་ངུ་བར་འདོད
རོ་དང་བྲོ་བ་མེད་པའི་ཉིན་ཞག
ཙག་གི་འདབ་ཁ་ལ་འཐམ་ན
འཆི་བར་བསམ་བྱུང
རྣམ་སྨིན་འམ
ཡང་ན་་་


སྙན་ངག་ནི
སྐྱོ་རོགས་ཤིག་སྟེ
དྲན་པ་འབར་རྗེས་སུ
རྨ་ཁའི་གནད་ས་རུ་སྦར་ཤད་བྱེད
ལྕགས་ཀྱིས་གྲུབ་པའི་ཕོ་བྲང་སྒོ་མེད་ཀུན་ཏུ
ང་ཡི་རྣམ་ཤེས་ཀྱིས་ཕར་རྒོལ་ངང་འཁེང་ར་བྱས་བྱུང


བསྒྱུར་རྩོམ་མི་གླེང་བར་ཁ་རོག་གེར་སྒྲུང་གཏམ་ཀློཊ་ཚེ
ཕུགས་སུ་བཅུག་པའི་གནད་ཚིག་ཅིག་རྙེད་དགོས
འོད་ཟེར་འཕྲོ་བའི་མ་འོངས་པ་བསམ་ན
ང་ཡི་ཁྱོད་ཉིད་མནའ་མར་ལེན་ངེས
བརྩེ་དུང་བཅང་བའི་ལོ་ཟླ
ཁྱོད་ཀྱིས་རྩི་ཨེ་མྱོང


ཡིག་ཚོཊ་གཏོར་ཞིང
འཚོ་བ་བྲིས་པས་དོ་ཞག
ནམ་ཚ་གཏོང་ཐབས་ཙམ་ལས
རྨ་བྱའི་སྒྲོ་ཐུལ་གྱི་རི་མོ་བྲིས་པ་གཏན་ནས་མིན
འཇའ་ཚོན་གྱི་སྐས་ལ་བསྟེན་ནས་ནམ་མཁར་འཛེག་དོན
སངས་རྒྱས་ལ་མངའ་བའི་མཚན་དཔེ་དག་ཐོབ་པའི་སླད་དུའོ།

2015/1/12ལ་གྲུབ།

 

 

ཉེ་བའི་གསར་བསྒྱུར།