ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > རྩོམ་རིག > འབོལ་རྩོམ།

༼གཞས་ཚིག་ཁག་གཅིག ༽གངས་ཅན་བོད་ཀྱི་ཕ་ས།

སྤེལ་དུས། 2013-03-12 20:49:44  རྩོམ་ཁུངས། ངེད་དྲ་བ།  རྩོམ་པ་པོ། ནགས་ཚང་ནུས་བློ།  ཀློག་གྲངས།

༼གངས་ཅན་བོད་ཀྱི་ཕ་ས།༽ 

་་་་་་་་་་་་་་་་་་་་་་་་་་་

ས་སྐྱིད་པོ་ཞིག་དང་སྐྱིད་པོ་ཞིག

ས་སྐྱིད་པོ་ཆུ་དམར་ལེབ་གཞུང་འདི།

ཆུ་རྨ་འབྲི་གཉིས་ཀྱི་འབྱུང་ཁུངས་རེད།

གཙོད་རྐྱང་འབྲོང་འཛོམས་པའི་གཡང་ས་རེད།

རྟ་ནོར་ལུག་འཕེལ་བའི་ཕྱུག་གནས་རེད།

འདི་བུ་མོ་ང་ཡི་ཕ་ས་རེད།

་་་་་་་་་་་་་

ས་སྐྱིད་པོ་ཞིག་དང་སྐྱིད་པོ་ཞིག

ས་སྐྱིད་པོ་གངས་ཅན་བོད་ཡུལ་འདི།

ཆོས་བརྟན་པ་དར་བའི་འབྱུང་གནས་རེད།

བོད་ཆོལ་གསུམ་འཛོམས་པའི་གཡང་ས་རེད།

ལྷོ་འཛམ་གླིང་ཡང་རྩེའི་གཡང་ས་རེད།

འདི་གངས་ཅན་བོད་པའི་ཕ་ས་རེད།

་་་་་་་་་་་

 

 

ཉེ་བའི་གསར་བསྒྱུར།