ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > རྩོམ་རིག > འབོལ་རྩོམ།

༼གཞས་ཚིག་ཁག་ཅིག ༽སླར་ཡང་མཇལ་བའི་གོ་སྐབས་ཞིག་གནང་རོགས།

སྤེལ་དུས། 2013-03-13 11:43:07  རྩོམ་ཁུངས། ངེད་དྲ་བ།  རྩོམ་པ་པོ། ནགས་ཚང་ནུས་བློ།  ཀློག་གྲངས།

སླར་ཡང་མཇལ་བའི་གོ་སྐབས་ཞིག་གནང་རོགས།

          ་་་་་་་་་་་་་་་་་་་་་

ང་ཆུང་ཆུང་་་་་་ཆུང་ཆུང་བྱིས་པ་ཡིན་དུས།

ངའི་ཨ་མ་་་་་་་ང་ཡི་དྲིན་ཅན་ཨ་མ་མ་ལོ།

མིག་གིས་མཐོང་བ་མི་འདུག་་་་

མ་དྲིན་ཅན་མེད་པའི་ཁྱིམ་གཞི་སྟོང་བ་རེད།

ཨ་་་་་ཡིད་སེམས་སྐྱོ་བ་ལ་་་་་་སྐྱོ་བ་ལ་་་་

ང་ཡི་ཨ་མ་་་་ང་ཡི་དྲིན་ཅན་མ་ལོ་ལགས།

ཁྱེད་རང་གང་དུ་ཡོད་་་་ཁྱེད་རང་གང་དུ་ཡོད།

འོ་་་་ཨ་མ་ལགས།་་་་ཁྱེད་རང་མི་ཡུལ་དུ་ཐེངས་གཅིག་ཕེབས་རོགས།

ང་ལ་དྲིན་ལན་འཇལ་བའི་གོ་སྐབས་ཞིག་གནང་རོགས་ཞུ།

འོ་ཨ་མ་མ་ལོ་་་་ང་ལ་དྲིན་ལན་འཇལ་བའི་གོ་སྐབས་ཞིག་གནང་རོགས་ཞུ། 

        ་་་་་་་་་་

ང་ཆུང་ཆུང་་་་་་་ང་ཆུང་ཆུང་བྱིས་པ་ཡིན་དུས།

ངའི་བླ་མ་་་་་ང་ཡི་དྲིན་ཅན་རྩ་བའི་བླ་མ།

མིག་གིས་མཐོང་བ་མི་འདུག་་་་་      

སྐྱབས་བླ་མ་མེད་པའི་གསེར་ཁྲི་སྟོང་བ་རེད།

ཨ་་་་་ཡིད་སེམས་སྐྱོ་བ་ལ་་་སྐྱོ་བ་ལ་་་་

ང་ཡི་སྐྱབས་མགོན་་་་་དྲིན་ཅན་རྩ་བའི་བླ་མ་ལགས་་་་

མཆོག་ཉིད་གང་དུ་བཞུགས་་་་མཆོག་ཉིད་གང་དུ་བཞུགས་་་

འོ་་་་་སྐྱབས་མགོན་ལགས་་་་་མཆོག་ཉིད་རང་ཡུལ་དུ་ཐེངས་གཅིག་ཕེབས་རོགས།

ང་ལ་སླར་ཡང་མཇལ་བའི་གོ་སྐབས་ཞིག་གནང་རོགས་ཞུ།

འོ་་་་་སྐྱབས་མགོན་ལགས་། ང་ལ་སླར་ཡང་མཇལ་བའི་གོ་སྐབས་ཞིག་གནང་རོགས་ཞུ།

 

 

གངས་ཅན་བོད་པའི་ལ་རྒྱ།།

                ་་་་་་་་་་་་་

རྒྱུ་ཆེན་གྱི་དར་གོས་ཚར་གསུམ་ང་ལ་མེད།

ང་གངས་ཅན་བོད་པ་ཞིག་ཡིན་པས།

ང་རང་ལ་རྡོག་ཙམ་ཡོད་པ་ནི

གདུང་བཙན་པོའི་ཁྲག་དྲོན་བཅུད་ཀྱིས་་་་

དུས་ནམ་ཡང་མ་ཉམས་གངས་ཅན་བོད་པའི་ཕ་ཆོས་ཡིན།

དུས་ནམ་ཡང་་་་་་་་་་་་།

ཕྱུགས་གཡང་གི་རྟ་ནོར་ལུག་གསུམ་ང་ལ་མེད།

ང་གངས་ཅན་བོད་པ་ཞིག་ཡིན་པས།

ང་རང་ལ་རྡོག་ཙམ་ཡོད་པ་ནི།

གདུང་བཙན་པོའི་ཁྲག་དྲོན་བཅུད་ཀྱིས་

དུས་ནམ་ཡང་མ་ཉམས་གངས་ཅན་བོད་པའི་ལ་རྒྱ་ཡིན།

དུས་ནམ་ཡང་་་་་་་་་་་་་་་།

མཛེས་རྒྱན་གྱི་གཡུ་བྱུར་གཟི་གསུམ་ང་ལ་མེད།

ང་གངས་ཅན་བོད་པ་ཞིག་ཡིན་པས་།

ང་རང་ལ་རྡོག་ཙམ་ཡོད་པ་ནི།

གདུང་བཙན་པོའི་ཁྲག་དྲོན་བཅུད་ཀྱིས།

དུས་ནམ་ཡང་མ་ཉམས་གངས་ཅན་བོད་པའི་སྙིང་སྟོབས་ཡིན།

དུས་ནམ་ཡང་་་་་་་་་་་་།

ཉེ་བའི་གསར་བསྒྱུར།