ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > ཚོགས་པའི་གསར་འགྱུར།

མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་སྐུ་ཞབས་འབའ་བ་ཕུན་དབང་ལགས་ལ་རྗེས་དྲན་བཞུགས་མོལ་ཚོགས་འདུ་བསྡུས།

སྤེལ་དུས། 2016-03-09 17:29:34  རྩོམ་ཁུངས། མཚོ་སྔོན་བོད་རིགས་དྲ་བ།  རྩོམ་པ་པོ། རིན་ཆེན་སྐྱིད།  ཀློག་གྲངས།

སྤྱི་ལོ2016ལོའི་སྤྱི་ཟླ3ཚེས 9 ཉིན་ལ།མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་སྐུ་ཞབས་འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་སྐུ་ཚེའི་འཕེན་པ་རྫོགས་ནས་ལོ་འཁོར་གཉིས་འདས་པའི་རྗེས་དྲན་བཞུགས་མོལ་གྲོས་ཚོགས་ཟི་ལིང་མགྲོན་ཁང་དུ་བསྡུས།

དྲུང་ཡིག་ཆེན་མོ་གཅོད་པ་དོན་གྲུབ་དང་ཚོགས་གཙོ་གཞོན་པ་འདོ་བ་ཀུན་བཟང་ཤེས་རབ།ཚོགས་གཙོ་གཞོན་པ་ཕུན་ཚོགས།དྲུང་ཡིག་ཆེན་མོ་གཞོན་པ་མ་ཎི་སྐྱབས། ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པའམ་ངེད་ཚོགས་པའི་དྲུང་ཡིག་ཆེན་མོ་གཞོན་པ་ལྷ་མོ་འཚོ།ཞིང་ཆེན་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོའམ་ངེད་ཚོགས་པའི་དྲུང་ཡིག་ཆེན་མོ་གཞོན་པ་བསོད་ནམས་དབང་རྒྱལ།ད་དུང་ངེད་ཚོགས་པའི་འབྲེལ་ཡོད་མི་སྣ་བཅས་གྲོས་ཚོགས་སྟེང་ཞུགས་པ་རེད།

བཞུགས་མོལ་གྲོས་ཚོགས་སྟེང་ཚོགས་ཞུགས་མི་སྣ་རྣམས་ཀྱིས་སེམས་ཁམས་སྐྱོ་བའི་ངང་ནས་སྐུ་ཞབས་ཁོང་ཉིད་ཀྱི་ཀྱག་ཀྱོག་གི་མི་ཚེའི་བགྲོད་ལམ་ཁྲོད་ཁྱད་འཕགས་ཀྱི་ཆབ་སྲིད་བསམ་བློ་གཞིར་བྱས་ཏེ་ཁོང་གིས་ཀྲུང་གོའི་གསར་བརྗེའི་ལས་དོན་ལ་བཞག་པའི་རླབས་ཆེན་གྱི་བྱས་རྗེས་དང་།ཏང་གི་མི་རིགས་ལས་དོན་དང་གནད་དོན་སྐོར་ལ་བཏོན་པའི་བསམ་བློ།ད་དུང་ཁོང་གི་ཞུམ་མེད་ཀྱི་སྙིང་སྟོབས་དང་དྲང་འཛིན་བདེན་སྐྱོང་གི་རང་གཤིས་བཅས་ནི་ཕྱི་རབས་ན་གཞོན་དག་གིས་སློབ་སྦྱོང་དང་མ་དཔེ་རུ་བཟུང་ན་དོན་སྙིང་ཆེན་པོ་ཡོད་ཅེས་དགོངས་འཆར་རིན་ཆེན་གསེར་ལས་དཀོན་པ་བཏོན།

སྐུ་ཞབས་འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་ནི་ཀྲུང་གོའི་བོད་རིགས་གསར་བརྗེ་བ་ཆེན་མོ་དང་ཆབ་སྲིད་བསམ་བློ་བ།ཚན་རིག་པ་ཆེན་མོ། བོད་རིག་པའི་ཞིབ་འཇུག་པ་ཆེན་མོ་བཅས་ཡིན་ཞིང་། རྒྱལ་ཁབ་ཕྱི་ནང་དུ་སྙན་གྲགས་ཀྱི་བ་དན་ཀུན་ཏུ་སྒྲེང་ཡོད་པ་དང་།ཁོང་གི་ཚེ་སྨད་ཀྱི་བགྲང་བྱ་སུམ་ཅུའི་རིང་མི་རིགས་ཀྱི་ལས་དོན་གལ་ཆེན་གཉེར་ནས་བསམ་བློའི་ལྗགས་རྩོམ་་རིན་ཐང་ཅན་གང་མང་བརྩམས་ཡོད།

1457516024164392.jpg

བགྲོ་གླེང་ཁ་བརྡ་བྱེད་བཞིན་པ།

252fea672407a8c46c493adafc51c68a.jpg

ཚོགས་གཙོ་གཞོན་པ་འདོ་བ་ཀུན་བཟང་ཤེས་རབ་ཀྱིས་་གཏམ་བཤད་གནང་བཞིན་པ།

3a56a418a84e1e7a412f994ecbb25937.jpg

དྲུང་ཡིག་ཆེན་མོ་གཅོད་པ་དོན་འགྲུབ་ལགས་ཀྱིས་སྐུ་ཞབས་འབའ་བ་ལགས་ཀྱི་མི་ཚེའི་བརྒྱུད་རིམ་སྐོར་ནས་གསུང་བཤད་གནང་་པ།

55fbda3d07cdd447b3073585e5346777.jpg

དྲུང་ཡིག་ཆེན་མོ་གཞོན་པ་མ་ཎི་སྐྱབས་ལགས་ཀྱིས་གཏམ་བཤད་གནང་བ།


a1aacfb47a65c161fda2e99b1aea7bf2.jpg

ཚོགས་གཙོ་གཞོན་པ་བང་སྟག་ཕུན་ཚོགས་དང་རྒྱུན་ལས་ལས་འཛིན་རྡོ་རྗེ་སྒྲོལ་མ་དང་ཚེ་དབང་རྡོ་རྗེ་གསུམ།

དྲུང་ཡིག་ཆེན་མོ་གཞོན་པ་ལྷ་མོ་འཚོ་ལགས་རྗེས་དྲན་ཚོགས་འདུའི་སྟེང་ཟབ་ཞུགས་གནང་བ།


87104c2ea448aff1dee19691a9d1acdd.jpg

ཚོགས་གཙོ་གཞོན་པ་འདོ་བ་ཀུན་བཟང་ཤེས་རབ་ལགས་ཀྱིས་ཉར་ཚགས་བྱེད་ཡོད་པའི་སྐུ་ཞབས་འབའ་བའི་བརྩམས་ཆོས་འགའ།

ཉེ་བའི་གསར་བསྒྱུར།