ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > ཚོགས་པའི་གསར་འགྱུར།

ཟི་ལིང་ས་ཁུལ་བོད་ཀྱི་རིག་གནས་་དུས་ཆེན་སྐབས་སུམ་ཅུ་བའི་བྱ་འགུལ་ལ་ཞུགས་པའི་མཉམ་འཇོག་བྱ་ཡུལ།

སྤེལ་དུས། 2016-05-17 17:46:41  རྩོམ་ཁུངས། མཚོ་སྔོན་བོད་རིགས་དྲ་བ།  རྩོམ་པ་པོ། ངེད་དྲ་བ།  ཀློག་གྲངས།

གཅིག དུས་ཆེན་བྱ་འགུལ་ལ་ཞུགས་པའི་ལས་ཁུངས་དང་མི་སྒེར་གྱིས་ངེས་པར་དུ་བྱ་འགུལ་འགོ་ཁྲིད་ཚན་ཆུང་གི་བཀོད་འདོམས་ལ་བརྩི་སྲུང་བྱ་དགོས།

གཉིས། ལས་ཁུངས་སོ་སོ་དང་མི་སྒེར་གྱི་རས་གུར་གཏན་ཁེལ་གྱི་ས་གནས་སུ་ཕུབ་དགོས།

གསུམ། སྤྱི་ནོར་དང་གླིང་གའི་རྩྭ་རྩི་ཤིང་།  ཁོར་ཡུག་སོགས་ལ་གཅེས་སྤྲས་བྱ་དགོས་ལ། གང་འདོད་དུ་ལྕགས་སྡོང་དང་ལྗོན་ཤིང་། གློག་སྡོང་། ཁང་ཐོག སྒེའུ་ཁུང་སྟེགས་བུ། གྱང་སྟེང་སོགས་སུ་མི་འཛེག་པར་མཁྱེན། འཚང་ཁ་མི་རྒྱག་པ།འུར་བརྒྱབ་ཟིང་སློང་མི་བྱེད་པ། ཆང་འཐུང་རྗེས་རླངས་འཁོར་མི་སྐོར་པ། རང་ཉིད་ཀྱི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས།

བཞི། རང་གི་རྒྱུ་ནོར་དང་ཁ་པར་ཡང་ན་དངོས་པོ་རྩ་ཆེན་་དོ་དམ་བཟང་པོ་བྱེད་དགོས། བོར་འཐོར་དང་ཉེན་ཁ་སྔོན་འགོག་བྱ་ཆེད་ཁྱིམ་བདག་གིས་རང་གི་བྱིས་པར་བདག་སྐྱོང་ཡག་པོ་བྱ་དགོས། བདག་མེད་དངོས་པོ་དང་དོགས་གཞི་ཅན་གྱི་དངོས་པོ་མཐོང་ཚེ་དུས་ལྟར་ཡུལ་དངོས་ཀྱི་ལས་བྱེད་མི་སྣར་ཡར་སྤྲོད་རོགས།

ལྔ། ཡ་རབས་ཚུལ་ལྡན་དང་གུས་ཞབས་ལྡན་པ།མཐུན་སྒྲིལ་བྱེད་པ། གང་འདོད་ལྟར་དུ་སྣེ་མི་འཕེན་པ། ག་ས་གང་དུ་ཁ་ལུད་མི་གཏོར་བ། གང་འདོད་དུ་འགྱིག་ཁུག་མི་འཕེན་པ། བདེ་འཇགས་དང་མེ་འགོག་ལ་མཉམ་འཇོག་དགོས།

དྲུག ལས་ཁུངས་སོ་སོས་རང་ལས་ཁུངས་ཀྱི་མི་ལ་བདག་དོམ་བྱེད་རོགས།ཆང་འཐུང་རྗེས་དོན་དག་མི་བཟོ་པར་མཁྱེན།

བདུན། རླངས་འཁོར་ལ་ནི་ཡུལ་དངོས་ལས་བྱེད་མི་སྣས་བཀོད་སྒྲིག་ལྟར་འཇོག་དགོས།

བརྒྱད། མཚོན་ཆ་དང་རྫས་མདེལ།འབར་གས་སླ་བའི་ཉེན་ཁ་ཅན་གྱི་རྫས་རིགས་ཚོགས་རའི་ནང་དུ་འཁྱེར་ཡོང་མི་ཆོག

དགུ   བྱ་འགུལ་ཡོངས་སུ་གྲོལ་རྗེས་ལས་ཁུངས་དང་མི་སྒེར་གྱིས་རང་གི་མཐའ་སྐོར་གྱི་གད་སྙིགས་གཙང་དག་བྱེད་དེ་གླིང་གའི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པར་གལ།

བཅུ། བྱ་འགུལ་ལ་བར་ཆད་དང་གནོད་པ་བཟོ་མཁན། ཁྲིམས་འགལ་བྱ་སྤྱོད་རིགས་མཐོང་ཚེ་མྱུར་དུ་བྱ་འགུལ་བྱ་བའི་ཚན་ཆུང་ལ་འབྲེལ་བ་བྱེད་རོགས།

བཅུ་གཅིག  བྱ་འགུལ་གྱི་སྐོར་ལ་་དོགས་གཞི་དང་མི་ཤེས་ས་ཡོད་ན་བྱ་བའི་ཚན་ཆུང་གི་ལས་བྱེད་མི་སྣར་འབྲེལ་བ་བྱེད་རོགས།

འབྲེལ་གཏུག་བྱེད་ས། འཛམ་གླིང་། ཁ་པར།  15209782901

ཟི་ལིང་ས་ཁུལ་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་སུམ་ཅུ་བའི་གཙོ་སྒྲུབ་ཚན་ཆུང་གིས།
2016.5.10

ཉེ་བའི་གསར་བསྒྱུར།