ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > ཚོགས་པའི་གསར་འགྱུར།

མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་ཚོགས་མིའི་འཆད་ཁྲིད་སྐོར་གྱི་བརྡ་ཁྱབ།

སྤེལ་དུས། 2016-05-24 12:17:33  རྩོམ་ཁུངས། མཚོ་སྔོན་བོད་རིགས་དྲ་བ།  རྩོམ་པ་པོ། རིན་ཆེན་གྱིས་བསྒྲིགས།  ཀློག་གྲངས།


ཚོགས་མི་ལྷན་རྒྱས་གྱི་སྙན་ལམ་དུ།

          སྤྱི་ལོ་ཉིས་སྟོང་བཅུ་དྲུག་ལོའི་སྤྱི་ཟླ་དྲུག་པའི་ཚེས་བཞི་ཉིན༼གཟའ་སྤེན་པ༽སྔ་དྲོ་དུས་ཚོད་དགུ་དང་སྐར་མ་བཞི་བཅུའི་སྟེང་།ངེད་ཚོགས་པས་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་ཆམ་ཚང་པད་མ་ལྷུན་འགྲུབ་དང་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་གི་འགོ་འཛིན་ལྷ་མོ་འཚོ་རྣམ་པ་གཉིས་ཆེད་དུ་གདན་འདྲེན་ཞུས་ནས་འཆད་ཁྲིད་བྱ་འགུལ་ཞིག་སྤེལ་རྩིས་ཡོད་པས།རྣམ་པ་ཚོ་དུས་ལྟར་འཆད་ཁྲིད་ལ་ཕེབས་པར་དགའ་བསུ་ཞུ།

འཆད་ཁྲིད་ནང་དོན།

ཁ་བྱང་དང་པོ། ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུ་དང་ཆོས་ལུགས་ལས་དོན་ཚོགས་འདུའི་དགོངས་དོན་སྐོར་གྱི་གསལ་འགྲེལ།

འཆད་ཁྲིད་གནང་མཁན། ཆམ་ཚང་པདྨ་ལྷུན་གྲུབ།

ཁ་བྱང་གཉིས་པ། མཚོ་སྔོན་ཞིང་ལས་ས་ཁུལ་གྱི་གཉེན་དོན་འགྱུར་ལྡོག་སྐོར་གྱི་ཞིབ་འཇུག

འཆད་ཁྲིད་གནང་མཁན། ལྷ་མོ་འཚོ།

ས་གནས། ཟི་ལིང་ཏུན་ཧོང་མགྲོན་ཁང༼西宁东湖宾馆一楼会议室,同仁路付2号高架桥下近修水路༽།།

མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པ་ནས།

སྤྱི་ལོ2016ཟླ5པའི་ཚེས25ཉིན།


ཉེ་བའི་གསར་བསྒྱུར།