ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > ཚོགས་པའི་གསར་འགྱུར།

ཞིང་ཆེན་བོད་རིགས་ཞིབ་འཇུག་ཚོགས་པས་རྨ་ལྷོ་ཁུལ་ནས་རིག་གནས་ཐོན་ལས་དང་དབུལ་ཐར་འབྱོར་སྤེལ་གྱི་ཆེད་མཁས་བགྲོ་གླེང་འཚོགས་པ།

སྤེལ་དུས། 2016-10-08 11:11:19  རྩོམ་ཁུངས། མཚོ་སྔོན་བོད་རིགས་དྲ་བ།  རྩོམ་པ་པོ། རིན་ཆེན་སྐྱིད།  ཀློག་གྲངས།

aea3683d69d0f1e4e219ca0c560ee461.jpg


སྤྱི་ཟླ་དགུ་བའི་ཚེས་ཉེར་དགུའི་ཉིན།  མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པ་དང་རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གིས་རྨ་ལྷོ་ཁུལ་གྱི་རིག་གནས་ཐོན་ལས་དང་དབུལ་ཐར་འབྱོར་སྤེལ་གྱི་ཆེད་མཁས་བགྲོ་གླེང་ཚོགས་འདུ་རྨ་ལྷོ་ཁུལ་རོང་བོ་གྲོང་བརྡལ་ནས་འཚོགས་པ་རེད།ཐེངས་འདིའི་ཚོགས་འདུར་ཞིང་ཆེན་དམངས་འཐུས་ཀྱི་ཀྲུའུ་རིན་གཞོན་པའམ་ཞིང་ཆེན་བོད་རིགས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ཚབ་མ་སྟག་འབུམ་ཐར་དང་།རྨ་ལྷོ་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་སྲིད་གཞུང་གི་ཁུལ་དཔོན་ལུའུ་ཀྲུང་།  ཁུལ་དམངས་འཐུས་ཀྱི་ཀྲུའུ་རིན་ཀླུ་རྒྱལ་ཚེ་རིང་།  ཁུལ་ཨུའི་རྒྱུན་ལས་སམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས།  ཁུལ་དཔོན་གཞོན་པ་ཀརྨ་ཕུན་ཚོགས་དང་དཀོན་མཆོག་སྐྱབས།ཁུལ་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ལྷ་སྐྱབས་རྒྱལ་སོགས་འབྲེལ་ཡོད་ལས་ཁུངས་སོ་སོའི་འགན་འཛིན་པ་སོགས་མི་གྲངས་བཞི་བཅུ་ལྷག་བགྲོ་གླེང་ལ་ཟབ་ཞུགས་གནང་།

མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་དྲུང་ཡིག་ཆེན་མོ་གཅོད་པ་དོན་གྲུབ་ཀྱིས་ཚོགས་འདུར་མདོ་འཛིན་གནང་ལ།རྨ་ལྷོ་ཁུལ་གྱི་ཁུལ་དཔོན་ལུའུ་ཀྲུང་ལགས་ཀྱིས་གཏམ་བཤད་གནང་།  རྨ་ལྷོ་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་ཅུའུ་ཡི་ཅུའུ་ཀྲང་ལིའུ་ཝེ་ཡིས་རྨ་ལྷོ་ཁུལ་རིག་གནས་ཐོན་ལས་ཀྱིས་དབུལ་སེལ་འབྱོར་སྤེལ་གྱི་བྱ་བའི་སྤྱི་སྡོམ་གྱི་སྙན་ཞུ་ཕུལ་བ་རེད།ད་དུང་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པ་དང་མཉམ་དུ་ཚོགས་སྟེང་དུ་ཞུགས་པའི་ཞིང་ཆེན་ཏང་གི་སློབ་གྲྭ་དང་།ཞིང་ཆེན་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་།ཞིང་ཆེན་དགེ་ཐོན་སློབ་ཆེན་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་ཆེད་མཁས་བཅུ་གཅིག་ལྷག་གིས་ཚོགས་འདུའི་སྙིང་བོ་གཞིར་བཟུང་ནས།དངོས་དོན་ཟུང་འབྲེལ་དང་རིག་ལམ་མི་འདྲ་བ་སྤྱད་ནས་གཏམ་བཤད་སྤེལ་བ་རེད།ཆེད་མཁས་པས་རྨ་ལྷོ་ཁུལ་གྱི་རིག་གནས་ཐོན་ལས་དང་དབུལ་སེལ་འབྱོར་སྤེལ་སྐོར་ནས་བླངས་བའི་གྲུབ་འབྲས་དང་མཉམ་མྱོང་།  བྱ་སྟངས་སོགས་ལ་དཔྱད་འཇོག་དང་སྤྱི་སྡོམ་བྱས་པ་དང་།ད་དུང་དེའི་ཐད་ཀྱི་གནད་དོན་དང་མི་འདང་སར་དབྱེ་ཞིབ་དང་བསམ་ཚུལ་གསར་བ་བཏོན་པས་རྨ་ལྷོ་ཁུལ་གྱི་རིག་གནས་ཐོན་ལས་འཕེལ་རྒྱས་ཐད་ཀྱི་གཙོ་གནད་དང་དཀའ་གནད་སོགས་མིག་སྔར་གྱི་གནད་དོན་ལ་རྒྱུས་ལོན་ཆེས་ཆེར་ཡོད་པ་རེད།  དེ་ལས་གཞན་ཐེངས་འདིའི་བགྲོ་གླེང་ཚོགས་འདུས་རྨ་ལྷོ་ཁུལ་གྱི་རིག་གནས་ཐོན་ལས་མི་རིགས་ཀྱི་ཁྱད་ཆོས་ཅན་དུ་འགྱུར་བ་དང་འཕེལ་རྒྱས་ཡོང་བར་བསམ་བློ་དང་གཞུང་ལུགས་གཉིས་ཆ་ནས་རྒྱབ་སྐྱོར་ཚད་མེད་བྱས་ཡོད་ཅེས་ཁུལ་སྲིད་གཞུང་དང་རིག་གནས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཛིན་པས་གདེང་འཇོག་ཆེན་པོ་བཞག་གོ།

21d17b66d4e1ec740a6d7c2b90af55d7.jpg

མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ཚབ་མ་སྟག་འབུམ་ཐར་གྱིས་གཏམ་བཤད་གནང་བཞིན་པ།

932e15533273ef707ecd0053df6f58ac.jpg

རྨ་ལྷོ་ཁུལ་ཁུལ་སྲིད་གཞུང་གི་ཁུལ་དཔོན་ལུའུ་ཀྲུང་ལགས་ཀྱིས་གསུང་བཤད་གནང་བཞིན་པ།

e64e43156897efd5a62ec0e6e5ba2051.jpg

མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ཚབ་མ་སྟག་འབུམ་ཐར་དང་ཚོགས་གཙོ་གཞོན་པ་མདོ་བ་ཀུན་བཟང་ཤེས་རབ་རྣམ་གཉིས་ཀྱིས་བགྲོ་གླེང་བྱེད་བཞིན་པ།

cbb075ebe138bb6b9e23f35e7a40965c.jpg

མཚོ་སྔོན་ཞིང་ཆེན་དགེ་ཐོན་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་སྟོབས་ལྡན་ལགས་ཀྱིས་གསུང་བཤད་གནང་བཞིན་པ།

98f3b5dff75db1751b44a495ec4c8d83.jpg

རྨ་ལྷོ་ཁུལ་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀརྨ་ཕུན་ཚོགས་དང་དཀོན་མཆོག་རྒྱལ།ཁུལ་རིག་རྩལ་རྒྱང་སྒྲོག་ཅུའུ་ཡི་ཅུའུ་ཀྲང་ལིའི་ཝེ་སོགས།

c512edd8366122305b52aa667e70b493.jpg

མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་དྲུང་ཡིག་ཆེན་མོ་གཞོན་པ་སོའོ་འཛམ་གླིང་ལགས།

2f1ce09570672ef7348865268ed07d41.jpg

མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་དྲུང་ཡིག་ཆེན་མོ་གཞོན་པ་དཔའ་མཁར་རྒྱལ་ལགས།

99e8c892efabef80db675649d20dd0dc.jpg

ཚོགས་ཞུགས་མི་སྣས་མཉམ་པར་བསྐྱོན་པ།

ཉེ་བའི་གསར་བསྒྱུར།