ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > ཚོགས་པའི་གསར་འགྱུར།

མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་2017ལོའི་མེ་མོ་བྱ་ལོའི་ལོ་སར་རིག་རྩལ་སྤྲོ་ཚོགས་བསྡུས།

སྤེལ་དུས། 2017-02-25 18:46:17  རྩོམ་ཁུངས། མཚོ་སྔོན་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།  རྩོམ་པ་པོ། སྙིང་བྱམས་ཚེ་རིང་།  ཀློག་གྲངས།

མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་གཙོ་སྒྲུབ་གནང་བའི2017ལོའི་མེ་མོ་བྱ་ལོའི་ལོ་སར་རིག་རྩལ་སྤྲོ་ཚོགས་དེ་ཟླ2པའི་ཚེས25ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་གཅིག་སྟེང་གནའ་མཁར་ཟི་ལིང་གི་ཏུང་ཧུའུ་མགྲོན་ཁང་ནས་གཟབ་རྒྱས་ངང་ཚོགས།

IMG_5616.JPG

ཐེངས་འདིའི་སྤྲོ་ཚོགས་སྟེང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་། ཀྲུའུ་ཞི་གཞོན་པ་ཟུར་པ་ཕུའུ་བུན་ཁྲིན་སོགས་ཞིང་ཆེན་རིམ་པའི་མགོ་ཁྲིད་དང་། ལས་རིགས་སོ་སོའི་ཆེད་མཁས་པ། དེ་བཞིན་ལས་རིགས་སོ་སོའི་སྟེང་གི་མི་རྣམས་ཕེབས་ནས་ལྷན་དུ་སྤྲོ་ཚོགས་ལ་རོལ།

IMG_5638.JPG

ལོ་སར་བསུ་བའི་སྤྲོ་ཚོགས་མགོ་མ་བརྩམ་གོང་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་དྲུང་ཡིག་ཆེན་མོ་གཅོད་པ་དོན་འགྲུབ་ལགས་ཀྱིས་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་ལོ་གཅིག་རིང་གི་བྱ་བར་སྤྱི་བསྡོམས་བྱས་ཤིང་། དེར་འབྲེལ་ལོ་ཕྱི་མའི་འཆར་གཞིའི་ཕྱོགས་སྙན་འབུལ་ཞུས།

IMG_5652.JPG

བོད་ཀྱི་ལོ་སར་ནི་གནས་སྐབས་སུ་མདོ་དབུས་ཁམས་གསུམ་དུ་གཅིག་གྱུར་ཞིག་བྱུང་མེད་མོད། ད་ལྟ་ཨ་མདོའི་ཕྱོགས་སུ་ལུགས་རྙིང་ལོ་སར་རོལ་བར་མ་ཟད་བོད་ཀྱི་ལོ་སར་འདིའང་རོལ་བ་ཡིན་ཏེ། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་བོད་རང་གི་རིག་གནས་རྒྱུད་འཛིན་དང་དར་སྤེལ་བྱེད་པ་རྩ་དོན་དུ་བཟུང་ནས། བསྟུད་མར་ལོ་འགར་བོད་ཀྱི་ལོ་སར་གྱི་དུས་བཟང་པོ་འདི་བརྒྱུད་ཟི་ལིང་གཙོ་བྱས་ས་གནས་གཞན་དག་ཏུ་ཡོད་པའི་བོད་རིགས་ལས་བྱེད་རྒན་པ་རྣམས་ལོ་སར་གྱི་སྤྲོ་སྟོན་དུ་བསུས་ཤིང་། གཅིག་ནས་བོད་རིགས་ལས་བྱེད་རྒན་པ་དག་གིས་མི་ཚེ་ཧྲིལ་བོར་བོད་མང་ཚོགས་ཀྱི་ལས་དོན་དུ་ཐུགས་ཁུར་དང་དཀའ་སྤྱད་འབད་བརྩོན་བྱས་པར་ལོ་སར་གྱི་གསོལ་སྐྱེམས་ཞིག་འབུལ་བ་དང་། གཉིས་ནས་གཞི་གཅིག་ཏུ་འཛོམས་ནས་མཚོ་སྔོན་གྱི་བོད་ཀྱི་རིག་གནས་དང་། དཔལ་འབྱོར། སློབ་གསོ། སྤྱི་ཚོགས་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་ཚགས་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་སྲིད་ཇུས་ཐད་དུ་ཐབས་འདོན་ཇུས་འབུལ་གང་ལེགས་བྱས་ནས་རྒྱལ་ཁབ་ཡར་ཐོན་དང་མི་རིགས་ཡར་ཐོན་ལ་སྟོབས་ཤུགས་ཅི་ནུས་འབུལ་བཞིན་ཡོད་པ་རེད།

IMG_5643.JPG

ད་ལོའི་ལོ་སར་སྤྲོ་ཚོགས་སྟེང་དུ་མཚོ་སྔོན་གྱི་གླུ་བ་གླུ་མ་གྲགས་ཅན་འགའ་རེ་ལས་གཞན་ས་གནས་ཀྱི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་གདན་ཞུ་ཞུས་ནས་འཁྲབ་སྟོན་ཉམས་དགའ་བ་བྱས་པས། ཚོགས་བཞུགས་ཀྱི་སྐུ་མགྲོན་རྣམས་ཀྱི་ཡིད་དགའ་བའི་སྤྲོ་བ་རབ་ཏུ་བརྟས་ཤིང་དགའ་སྤྲོའི་ཐལ་མོ་ཡང་ཡང་དུ་བརྡབས་སོང་།

IMG_5639.JPG

ཚོགས་ཕེབས་སྐུ་མགྲོན།

ཚོགས་ཕེབས་སྐུ་མགྲོན།

གར་གྱི་སྟངས་སྟབས།

གར་གྱི་སྟངས་སྟབས།

གར་མའི་རྒྱན་ཆ།

གླུ་མ་ལྷ་ལུང་འཚོས་དམངས་གླུ་ལེན་པ།

IMG_5706.JPG

ཁམས་སྟོད་དམངས་ཁྲོད་གླུ་གར་ཚོགས་པས་བུ་དང་དཔའ་བོའི་གཡང་མདའ་དང་མ་དང་བུ་མོའི་ཟས་གཡང་ཁྱེར་ནས་བཀྲ་ཤིས་བདེ་ལེགས་ཞུ་བ།

ཁམས་སྟོད་དམངས་ཁྲོད་གླུ་གར་ཚོགས་པས་བུ་དང་དཔའ་བོའི་གཡང་མདའ་དང་མ་དང་བུ་མོའི་ཟས་གཡང་ཁྱེར་ནས་བཀྲ་ཤིས་བདེ་ལེགས་ཞུ་བ།

མཆོད་པ།

ཁམས་སྟོད་དམངས་ཁྲོད་གླུ་གར་ཚོགས་པ།

ཁམས་སྟོད་དམངས་ཁྲོད་གླུ་གར་ཚོགས་པ།

གླུ་བ་གཅོད་སྐྱབས།

བདེ་སྐྱིད་དམངས་ཁྲོད་གླུ་གར་ཚོགས་པའི་སྐལ་བཟང་ལགས་ཞེས་པའི་ཞབས་བྲོ།

བདེ་སྐྱིད་དམངས་ཁྲོད་གླུ་གར་ཚོགས་པའི་སྐལ་བཟང་ལགས་ཞེས་པའི་ཞབས་བྲོ།

ཁམས་སྟོད་དམངས་ཁྲོད་གླུ་གར་ཚོགས་པ།

ཁམས་སྟོད་དམངས་ཁྲོད་གླུ་གར་ཚོགས་པའི་ལྭ་བ།

ཁམས་སྟོད་དམངས་ཁྲོད་གླུ་གར་ཚོགས་པས་ཕ་མའི་དྲིན་ལན་ཞེས་པ་འཁྲབ་བཞིན་པ།

རྡུང་ལེན་པ་ཀུན་བཟང་དར་རྒྱས།

བདེ་སྐྱིད་དམངས་ཁྲོད་གླུ་གར་ཚོགས་པ།

བདེ་སྐྱིད་དམངས་ཁྲོད་གླུ་གར་ཚོགས་པ།

ཁམས་སྟོད་དམངས་ཁྲོད་གླུ་གར་ཚོགས་པ།

ཁམས་སྟོད་དམངས་ཁྲོད་གླུ་གར་ཚོགས་པ།

ཁམས་སྟོད་དམངས་ཁྲོད་གླུ་གར་ཚོགས་པ།

ཁམས་སྟོད་དམངས་ཁྲོད་གླུ་གར་ཚོགས་པ།

མཚོ་སྔོན་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་ཀྱི་སྟག་ཤར་རྣམས་ཀྱིས་རྡུང་ལེན་ལེན་བཞིན་པ།

ཉེ་བའི་གསར་བསྒྱུར།