ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > ཚོགས་པའི་གསར་འགྱུར།

ཟི་ལིང་ས་ཁུལ་གྱི་བོད་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་སོ་གཅིག་པ་འཚོགས་པའི་བརྡ་ཡིག

སྤེལ་དུས། 2017-06-02 08:02:39  རྩོམ་ཁུངས། མཚོ་སྔོན་བོད་རིགས་དྲ་བ།  རྩོམ་པ་པོ། རིན་ཆེན་གྱིས་བསྒྲིགས།  ཀློག་གྲངས།

ཟི་ལིང་ས་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་དག་ལ།

ཟི་ལིང་ས་ཁུལ་གྱི་བོད་རིག་གནས་སྒྱུ་རྩལ་དུས་ཆེན་ནི1983ལོའི་ཟླ6པར།  ཞིང་ཆེནཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ས་གནས་བོད་རིགས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད་དུ་སྒྲུབ་པའི་མང་ཚོགས་རང་བཞིན་གྱི་སྲོལ་རྒྱུན་རིག་གནས་བྱ་འགུལ་ཞིག་ཡིན་ལ།  དེ་ལདྲུག་པའི་བོད་ཚོགསཡང་ཟེར།  2004ལོ་ནས་བཟུང་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་གཙོ་སྒྲུབ་གནང་ལ།     མིང་ལཟི་ལིང་ས་ཁུལ་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེནདུ་བསྒྱུར།  འདི་ནི་ཞིང་ཆེན་གྱི་བོད་རིགས་ལས་བྱེད་པ་ཅུང་མང་པའི་ལས་ཁུངས་དང་སློབ་ཆེན་ཁག  གསར་འགྱུར་སྡེ་ཁག་སོགས་ནས་རེས་མོས་ཀྱིས་གཙོ་སྒྲུབ་བྱེད་ཀྱིན་ཡོད། ད་ལྟའི་བར་སྐབས་སུམ་ཅུ་བསྒྲུབས་ཟིན་ལ།  སྒྱུ་རྩལ་དུས་ཆེན་འདི་ཕུན་སུམ་ཇེ་ཚོགས་དང་ཟི་ལིང་ས་ཁུལ་བོད་རིགས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཇེ་ལེགས་དུ་གཏང་ཆེད་སྤྱི་བདེ་ལས་ཁུངས་ཀྱི་ཆོག་མཆན་ལྟར།  ད་ལོའི་བོད་ཚོགས་སྤྱི་ཟླ6པའི་ཚེས10སྟེ།  གཟའ་སྤེན་པའི་སྔ་དྲོའི་ཆུ་ཚོད་བཅུའི་སྟེང་།  ཟི་ལིང་ལྷོ་རི་སྤྱི་གླིང་གངས་ལྗོངས་དམངས་སྲོལ་དངོས་མང་བཤམས་སྟོན་གླིང་ཀ་ནསཟི་ལིང་ས་ཁུལ་གྱི་བོད་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་སོ་གཅིག་པའཚོགས་རྒྱུ་ཡིན་པས།  དོན་ཚན་གཤམ་གསལ།

༡    བརྗོད་བྱ།  མི་རིགས་མཐུན་སྒྲིལ་ཡར་ཐོན་ཤུགས་སྣོན་དང་།   མི་རིགས་རིག་གནས་དར་སྤེལ་སྐུལ་འདེད་དགོས།

༢    དུས་ཚོད།  2017ལོའི་ཟླ6པའི་ཚེས10ཉིན། (ལུགས་རྙིང་ཟླ5བའི་ཚེས16ཉིན)གཟའ་སྤེན་པ།

༣    ས་གནས།  ཟི་ལིང་ལྷོ་རི་སྤྱི་གླིང་གངས་ལྗོངས་དམངས་སྲོལ་དངོས་མང་བཤམས་སྟོན་གླིང་ཀ

༤    ནང་དོན། རིག་རྩལ་འཁྲབ་སྟོན།  མདའ་འཕེན་འགྲན་སྡུར།  བོད་འགྱིག་འགྲན་སྡུར།  གཟེངས་རྟགས་སྟེར་བ།  

༥    ཞུགས་མཁན།   ཟི་ལིང་ས་ཁུལ་གྱི་བོད་རིགས་ལས་བྱེད་དང་སློབ་མ།  མང་ཚོགས།

༦   གཙོ་སྒྲུབ་ལས་ཁུངས།མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པ།

    ལས་ཁུངས་དང་མི་སྒེར་སོགས་ནས་སྒར་ཁ་འདེབས་ན་ཀྲུའུ་རིན་འཇམ་དབྱམས་ཚུལ་ཁྲིམས་ལ་འབྲེལ་བ་གནང་རོགས།   འབྲེལ་གཏུག་ཨང་གྲངས།  151    1092    7666

    བྱ་འགུལ་དུས་ཡུན་ནི་ཉིན་གཅིག་ཡིན།  ཚང་མས་མི་རིགས་གྱོན་ཆས་མནབས་པར་ཡིད་འཇགས་འཚལ།  

མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པ་ནས།
2017ལོའི་སྤྱི་ཟླ6པའི་ཚེས1ཉིན་ལ།

ཉེ་བའི་གསར་བསྒྱུར།