ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > ཚོགས་པའི་གསར་འགྱུར།

གཏེར་ལམ་བོད་བཙན་པོའི་བང་སོ་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་ཀྱི་དེབ་གསར་འགྲེམས་སྤེལ་བྱ་བཞིན་ཡོད།

སྤེལ་དུས། 2017-08-21 06:58:30  རྩོམ་ཁུངས། མཚོ་སྔོན་བོད་རིགས་དྲ་བ།  རྩོམ་པ་པོ། རིན་ཆེན་གྱིས་བསྒྲིགས།  ཀློག་གྲངས།

640.jpeg


    མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་རྩོམ་སྒྲིག་བྱས་པའི་“གཏེར་ལམ་གྱི་བོད་བཙན་པོའི་རིག་གནས་སྐོར་གྱི་རྒྱལ་ཡོངས་རིག་གཞུང་བགྲོ་གླེང་དཔྱད་རྩོམ་ཕྱོགས་བསྒྲིགས”ད་ལྟ་ཡོངས་སུ་ལེགས་འགྲུབ་བྱུང་བ་དང་།    རྒྱལ་ཡོངས་ནས་འགྲེམ་སྤེལ་གཏོང་བཞིན་ཡོད།  

    དཔྱད་རྩོམ་ཕྱོགས་བསྒྲིགས་འདིའི་ནང་དུ་གཏེར་ལམ་བོད་བཙན་པོའི་སྐབས་ཀྱི་བང་སོ་སྔོག་འདོན་ཞིབ་འཇུག་དང་བཙན་པོའི་རིག་གནས་འབྲེལ་ཡོད་སྐོར་གྱི་ཞིབ་འཇུག་འབྲས་བུ་གཞི་གཅིག་ཏུ་འདུས་ཡོད་པས། གནའ་ཤུལ་རྟོག་དཔྱོད་ཞིབ་འཇུག་པ་ཀུན་ལ་མེད་དུ་མི་རུང་བའི་དེབ་ཅིག་ཡིན།   དཔེ་འདིར་བསྡོམས་པས་ཤོག་ངོས436ཡོད་པ་དང་བར་བཅུག་རི་མོ་ཅན111དང་ཚོན་ལྡན་པར་རིས་ཅན141ཡོད། མི་འགྱངས་པར་ཟི་ལིང་ནས་འགྲེམས་སྤེལ་ཐོག་མ་བྱེད་རྒྱུ་ཡིན་པས་མོས་པ་ཡོད་པའི་སྒེར་དང་ལས་ཁུངས་རྣམ་པས་་དུས་ལྟར་་མངགས་ཉོ་བྱེད་པར་དགའ་བསུ་ཞུ།


འབྲེལ་བ་བྱེད་ས།  

ས་གནས།  ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཞིན་ཉིན་མ་གྱི་ཨང་རྟགས4བའི་ཧྲིན་ཧྲུའུ་ཧའོ་ཐེན་(新宁路盛世豪庭)གྱི་སྒོ་རྟགས་ཨང1102ན་ཡོད།  

འབྲེལ་གཏུགས་ལས་ཁུངས།མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པ།

སྦྲག་སྲིད་ཨང་གྲངས    810008

 ཁ་པར    (0971)6315078

 ཡིག་ཟམ    bodyul@126.com

ཉེ་བའི་གསར་བསྒྱུར།