ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > ཚོགས་པའི་གསར་འགྱུར།

《གཏེར་ལམ་གྱི་བོད་བཙན་པོའི་རིག་གནས་སྐོར་གྱི་རྒྱལ་ཡོངས་རིག་གཞུང་བགྲོ་གླེང་དཔྱད་རྩོམ་ཕྱོགས་བསྒྲིགས》འགྲེམ་སྤེལ་མཛད་སྒོ་ཟི་ལིང་དུ་བསྡུས།

སྤེལ་དུས། 2017-09-18 13:05:59  རྩོམ་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  རྩོམ་པ་པོ།   ཀློག་གྲངས།


ཉེ་ཆར།  《གཏེར་ལམ་གྱི་བོད་བཙན་པོའི་རིག་གནས་སྐོར་གྱི་རྒྱལ་ཡོངས་རིག་གཞུང་བགྲོ་གླེང་དཔྱད་རྩོམ་ཕྱོགས་བསྒྲིགས》 ཞེས་པའི་དཔེ་དེབ་འདི་རིག་དངོས་དཔེ་སྐྲུན་ཁང་གིས་དངོས་སུ་པར་སྐྲུན་འགྲེམས་སྤེལ་བྱས།  ཕྱོགས་བསྒྲིགས་འདི་གཏེར་ལམ་གྱི་བོད་ཀྱི་བང་སོ་ཞིབ་འཇུག་ལས་ཆེས་དབང་གྲགས་ཆེ་བའི་རིག་གཞུང་གྲུབ་འབྲས་ཕྱོགས་བསྒྲིགས་ཞིག་ཡིན་ལ། ལོ་བཅུ་ཕྲག་ཁ་ཤས་རིང་ཕྱོགས་སྒྲིག་བྱས་པ་ལས་པེ་ཅིང་སློབ་ཆེན་དང་། ཅི་ལིན་སློབ་ཆེན། ལན་ཀྲོའུ་སློབ་ཆེན། སི་ཁྲོན་སློབ་ཆེན། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས།   མཚོ་སྔོན་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་སོགས་ཀྱི་རིགས་གཅིག་མཁས་ཅན་ཚུད་པའི་རྒྱལ་ཁབ་ཕྱི་ནང་གི་གནའ་རྫས་རྟོག་ཞིབ་དང་། རིག་དངོས། ལོ་རྒྱུས་རིག་པ།  བོད་རིག་པ་སོགས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་དག་གིས་ཆེད་དོན་ཞིབ་འཇུག་བྱས་པའི་གཏེར་ལམ་བོད་ཀྱི་བང་སོ་ལ་ཞིབ་འཇུག་བྱེད་པའི་རིག་གཞུང་དཔྱད་རྩོམ་དང་རྩོམ་ཡིག གཏེར་ལམ་བང་སོ་སྔོག་འདོན་དང་། བཙན་པོའི་རིག་གནས་ཞིབ་འཇུག་གཞི་གཅིག་ཏུ་འདུས་པ་དང་ནང་དོན་ཕུན་སུམ་ཚོགས་པ་དང་རིག་གནས་དང་རང་བྱུང་ཚན་རིག་ཚན་ཁག  ཡི་གེ་དང་པར་རིས་ཀྱི་རྣམ་པས་མངོན་ཡོད་པས། དེར་རིག་གཞུང་རིན་ཐང་དང་ལོ་རྒྱུས་རིག་གནས་ཀྱི་རིན་ཐང་། ཉར་ཚགས་ཀྱི་རིན་ཐང་བཅས་ལྡན་པ་རེད།

IMG_1140.JPG

ཟླ9ཚེས16ཉིན་གྱི་སྔ་དྲོར། 《གཏེར་ལམ་གྱི་བོད་བཙན་པོའི་རིག་གནས་སྐོར་གྱི་རྒྱལ་ཡོངས་རིག་གཞུང་བགྲོ་གླེང་དཔྱད་རྩོམ་ཕྱོགས་བསྒྲིགས》ཅེས་པའི་དེབ་དེ་དངོས་སུ་དཔེ་སྐྲུན་འགྲེམ་སྤེལ་བྱེད་པའི་མཛད་སྒོ་ཟི་ལིང་དུ་བསྡུས།  ཐེངས་འདིའི་འགྲེམ་སྤེལ་མཛད་སྒོའི་སྟེང་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་རེན་གཞོན་པའམ་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ཚབ་མ་སྟག་འབུམ་ཐར་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ། ནུབ་བྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་ཞིབ་འཇུག་པ་ཁ་སྒང་བཀྲ་ཤིས་ཚེ་རིང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་བཀྲ་ལོ། མཚོ་སྔོན་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གི་འགོ་འཛིན་ཟུར་པ་ཞུའུ་ཤིན་གོ་སོགས་འགོ་ཁྲིད་དང་རིགས་གཅིག་མཁས་ཅན། ཆེད་མཁས་པ་སོགས་མི30ལྷག་ཞུགས་ཡོད།

མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་རེན་གཞོན་པའམ་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ཚབ་མ་སྟག་འབུམ་ཐར་གྱིས་གཏམ་བཤད་པ།

ཚོགས་པའི་དྲུང་ཡིག་ཆེན་མོ་གཞོན་པ་པདྨ་ལྷུན་འགྲུབ་ཀྱིས་འགོ་འཛིན་བྱེད་བཞིན་པ།

ཚོགས་པའི་གཞུང་ལས་ཁང་གི་ཀྲུའུ་རིན་ཝང་ཆིན་གྱིས་གཏམ་བཤད་པ།

མཚོ་སྔོན་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གི་འགོ་འཛིན་ཟུར་པ་ཞུའུ་ཤིན་གོ་ཡིས་དེབ་འདི་ནི་མཚོ་སྔོན་གྱི་གནའ་བོའི་རིག་དངོས་ཞིབ་འཇུག་གི་སྙིང་བཅུད་གཅིག་བསྡུས་ཡིན་ལ།  དེ་རྒྱལ་ཁབ་ཕྱི་ནང་གི་ཆེད་དོན་ཞིབ་འཇུག་དང་སྔོག་འདོན་དུར་ལམ་གནའ་བོའི་བང་སོའི་ཚོགས། གཏེར་ལམ་གྱི་བོད་ཀྱི་བང་སོ་ནི་བོད་ཀྱི་བང་སོའི་ཕྱོགས་སྟོན་རང་བཞིན་གྱི་ཆེད་ལས་ཡིག་ཚགས་ཡིན་པ་གསལ་སྟོན་བྱས་ཡོད་པས་རིག་གཞུང་གི་ལས་རིགས་ཁག་གིས་ཡུན་རིང་ལ་རེ་སྒུག་བྱས་ཡོད་ཟེར།

ཞིབ་འཇུག་པ་ལྷ་མོ་མཚོས་རྟེན་འབྲེལ་ཞུ་ཡིག་སྒྲོག་འདོན་བྱེད་པ།

གཏེར་ལམ་བོད་བཙན་པོའི་གནའ་ཤུལ་དང་དུར་ཚོགས་ནི་བོད་ས་མཐོའི་གཏིང་འོག་གི་སྤས་པའི་གནའ་བོའི་ཤེས་རིག་ཞིག་ཡིན་ལ། དེ་ནི་མངའ་ཁོངས་ཕྱི་ནང་གི་དོ་ཁུར་ཚད་མེད་ཀྱི་ལོ་རྒྱུས་རིག་གནས་བང་མཛོད་དང་། མཚོ་སྔོན་གྱི་ལོ་རྒྱུས་རིན་ཐང་ལྡན་ཤོས་དང་རིག་གནས་ཀྱི་ཤུགས་རྐྱེན་ཆེས་ཆེ་བའི་ཀྲུང་ཧྭ་རིག་གནས་ཀྱི་ཤུལ་བཞག་ཡིན། 《གཏེར་ལམ་གྱི་བོད་བཙན་པོའི་རིག་གནས་སྐོར་གྱི་རྒྱལ་ཡོངས་རིག་གཞུང་བགྲོ་གླེང་དཔྱད་རྩོམ་ཕྱོགས་བསྒྲིགས》 ཀྱི་བརྩམས་ཆོས་འདིའི་ནང་དུ་དཔྱད་རྩོམ50ལྷག་བསྡུ་སྒྲིག་བྱས་ཡོད་དེ། དེས་ཀློག་པ་པོར་བོད་བཙན་པོའི་གནའ་ཤུལ་དང་གནའ་བོའི་བང་སོ་ལས་འདུས་པའི་གནའ་བོའི་ཤར་ཕྱོགས་ཀྱི་ཤེས་རིག་དང་། བོད་ཀྱི་གནའ་རྫས་རྟོག་ཞིབ་རིག་པའི་རིག་གནས་འགྲེམས་སྟོན་དེ་བས་མང་བ་གསལ་སྟོན་བྱ་རྒྱུ་རེད།

《གཏེར་ལམ་གྱི་བོད་བཙན་པོའི་རིག་གནས་སྐོར་གྱི་རྒྱལ་ཡོངས་རིག་གཞུང་བགྲོ་གླེང་དཔྱད་རྩོམ་ཕྱོགས་བསྒྲིགས》འགྲེམ་སྤེལ་བྱས་པ་དེས་ང་ཚོར་ཐང་བོད་གནའ་ལམ་ཐོག་གི་གནའ་སྔ་མོའི་གཏམ་རྒྱུད་དེ་བས་མང་བ་ཀློག་འགྲེལ་དང་།  མཚོ་སྔོན་གྱི་རིག་གནས་དར་རྒྱས་གོང་འཕེལ་ཡོང་བར་སྒུལ་ཤུགས་གསར་པ་འདོན་སྤྲོད། མཚོ་སྔོན་གྱི་གནའ་བོའི་ཤེས་དཔལ“ རྒྱུད་གཅིག་ལམ་གཅིག” གི་འཐབ་ཇུས་རླབས་ཆེན་ཁྲོད་ཞུགས་ཏེ་སྔར་ལས་མང་པོ་ཞིག་ཕྱི་ཕྱོགས་སུ་བསྐྱོད་ནས་འཛམ་གླིང་ལ་ཁ་ཕྱོགས་ཏེ་གསོན་ཤུགས་གསར་པ་ཁ་སྣོན་བྱ་རྒྱུ་རེད། 

ཚོགས་ཞུགས་མི་སྣ།

རྩོམ་སྒྲིག་པ། ཆབ་འགག་ཇོ་རུ།

ཉེ་བའི་གསར་བསྒྱུར།