ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > ཚོགས་པའི་གསར་འགྱུར།

མཚོ་སྔོན་ཞིང་ཆེན་བོད་རིགས་སྤུན་ཟླས་བོད་ས་ཕོ་ཁྱི་ལོའི་གནམ་ལོ་གསར་བའི་ཇ་སྟོན་ལ་རོལ་བ།

སྤེལ་དུས། 2018-02-04 11:19:46  རྩོམ་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  རྩོམ་པ་པོ།   ཀློག་གྲངས།

1.jpg

2.jpg

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2018ལོའི་ཟླ2པའི་ཚེས3ཉིན། མཚོ་སྔོན་ཞིང་ཆེན་ས་གནས་སོ་སོའི་བོད་རིགས་མང་ཚོགས་རྣམས་གཅིག་ཏུ་འདུས་ནས་ཟི་ལིང་ཏུང་ཧུའུ་གསོལ་མགྲོན་ཁང་དུ་བོད་ས་ཕོ་ཁྱི་ལོའི་ལོ་གསར་དུས་ཆེན་གྱི་སྤྲོ་གར་ལ་རོལ།  མཚོ་སྔོན་ཞིང་ཆེན་རྩོམ་རིག་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པའམ་མཚོ་སྔོན་བོད་རིག་པའི་ཞིབ་འཇུག་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཅོད་པ་དོན་གྲུབ་ཀྱིས་ཇ་སྟོན་ལ་ཤིས་ཚིག་ཕུལ་ནས་འགོ་འཛིན་བྱས།  ཚོགས་སྟེང་དུ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་།  ཞིང་ཆེན་མི་དམངས་འཐུས་ཆེན་གྱི་ཀྲུའུ་རེན་གཞོན་པ་ཟུར་པའམ་མཚོ་སྔོན་བོད་རིག་པའི་ཞིབ་འཇུག་མཐུན་ཚོགས་ཀྱི་ཚོགས་གཙོ་སྟག་འབུམ་ཐར།  ཞིང་ཆེན་ཏང་སྲིད་མགོ་ཁྲིད་དང་ཟི་ལིང་བོད་རིགས་སྤུན་ཟླ་རྣམས་ཇ་སྟོན་དུ་ཕེབས།

12.jpg

5.jpg

3.jpg

ཤིས་ཚིག་ཁྲོད་གསུང་རྒྱུར། འདས་པའི་ལོ་གཅིག་གི་ནང་དུ། མཚོ་སྔོན་ཞིང་ཆེན་རིགས་སོ་སོའི་མི་དམངས་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་མགོ་ཁྲིད་འོག་ཏུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཡོངས་ལ་གཅིག་གྱུར་བཀོད་འདོམས་དང་། ཚན་རིག་གི་ཇུས་ཆོད་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། མཚོ་སྔོན་ཞིང་ཆེན་ཏང་གི་ཚོགས་ཆེན་ཐེངས་བཅུ་གསུམ་པ་དང་ཉེ་སྔོན་སོ་མ་བསྡུས་ཚར་བའི་ཞིང་ཆེན་ཚོགས་ཆེན་གཉིས་ཀྱི་ཇུས་ཆོད་ལ་སློབ་སྦྱོང་བྱས་ཏེ་ཀྲུང་གོ་ཁྱད་ཆོས་ཀྱི་སྤྱི་ཚོགས་གསར་བ་འཛུགས་སྐྲུན་བྱ་ཆེད་ཏན་ཏན་ཏིག་ཏིག་བཞིའི་བསམ་བློའི་དགོངས་དོན་ལག་ལེན་དང་བསྒྱུར་བ་བཞི་ཡི་བླང་བྱ་གལ་ཆེན་ལ་སྐུལ་འདེད་བྱས་ཏེ།  མཚོ་སྔོན་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གཅིག་གྱུར་གྱིས་འཕེལ་རྒྱས་སུ་བཏང་བ་མ་ཟད། མི་རིགས་མཐུན་སྒྲིལ་སྔོན་ཐོན་ས་ཁུལ་གསར་འཛུགས་བྱ་བ་གཏིང་ཟབ་ཏུ་སྤེལ་པས། ཁྱོན་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བ་དང་བསྟུད་མར་གཏན་འཇགས་ཡིན་པའི་མཚོ་སྔོན་གྱི་རྣམ་པ་བཟང་བོ་མངོན་དུ་གྱུར། བླངས་པའི་གྲུབ་འབྲས་འདི་དག་ནི་ཏང་ཀྲུང་དབྱང་གི་ཡང་དག་པའི་མགོ་ཁྲིད་རྒྱུན་འཁྱོངས་བྱས་པའི་མཇུག་འབྲས་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཡོངས་ཀྱིས་མཐུན་སྒྲིལ་དང་འཆམ་མཐུན་ལ་དོ་སྣང་བྱས་པ་དང་། སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། དཀའ་སྤྱད་འབད་བརྩོན་བཅས་བྱས་པའི་མཇུག་འབྲས་ཡིན་པས། གྲུབ་འབྲས་དེའི་ཁྲོད་དུ་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་བོད་རིགས་སྤུན་ཟླ་རྣམས་ཀྱི་དཀའ་སྡུག་གི་རྔུལ་ཆུ་འཐིམས་ཡོད་ཟེར།

11.jpg

1212.jpg

6.jpg

     2018ལོ་ནི་ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཆར་འགོད་ལག་བསྟར་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན་པ་དང་། མཚོ་སྔོན་གྱིས་མི་རིགས་མཐུན་སྒྲིལ་སྔོན་ཐོན་ཞིང་ཆེན་བརྩོན་ལེན་བྱེད་པའི་གནད་འགག་གི་ལོ་ཞིག་ཀྱང་ཡིན། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་བོད་རིགས་དང་རིགས་སོ་སོའི་སྤུན་ཟླ་རྣམས་ཀྱིས། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། ཤུགས་ཆེན་པོས་ཏང་གཅེས་རྒྱལ་གཅེས་དང་། སྙིང་རྗེ་ཟོལ་མེད། མཐུན་སྒྲིལ་མཛའ་བརྩེ། དཀའ་སྤྱད་ཡར་བརྩོན་བཅས་ཀྱི་སྲོལ་རྒྱུན་ཀུན་སྤྱོད་ལེགས་པོ་དར་སྤེལ་གང་ལེགས་བྱས་ཏེ། བསྒྱུར་དགོས་པ་བཞི་ཡར་ལྡན་དུ་སྤེལ་བའི་ཁྲོད་དུ། མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་ཡར་རྒྱས་བརྩོན་ལེན་བྱ་དགོས་ཟེར།

11111.jpg

22222.jpg

8.jpg

ཐེངས་འདིའི་ཇ་སྟོན་སྟེང་དུ།  མཚོ་སྔོན་ཞིང་ཆེན་གྱི་སྲིད་གྲོས་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་། ཞིང་ཆེན་དམངས་འཐུས་ཀྲུའུ་རེན་གཞོན་པ་ཟུར་པ་སྟག་འབུམ་ཐར།ཞིང་ཆེན་དམངས་སྲིད་ཐིན་གྱི་ཐིན་ཀྲང་བློ་བཟང་ཟླ་བ། མཚོ་སྔོན་ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་གཞོན་པ་ངག་དབང་བསོད་ནམས་སོགས་བོད་རིགས་མགོ་ཁྲིད་དང་ལས་རྐང་སོ་སོ་ན་ཡོད་པའི་བོད་རིགས་ལས་བྱེད་མང་པོ་ཇ་སྟོན་དུ་ཕེབས་ཡོད།

ཇ་སྟོན་ཚོགས་འདུའི་སྟེང་དུ། རིག་རྩལ་བྱ་བ་གཉེར་མཁན་རྣམས་ཀྱིས་ངོ་མཚར་བའི་ལྟད་མོ་མང་པོ་བསྟན་ནས་ཀུན་གྱི་ཡིད་དབང་བཀུགས།

རྩོམ་སྒྲིག་པ། ཆབ་འགག་ཇོ་རུ།

ཉེ་བའི་གསར་བསྒྱུར།