ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > སྤྱི་དོན་གསར་འགྱུར།

ཞི་ཅིན་ཕེན་གྱིས་ཨན་ཀོ་ལའི་ཙུང་ཐུང་ཏོ་སི་སང་ཐོ་སི་དང་གྲོས་མོལ་མཛད།

སྤེལ་དུས། 2015-06-10 14:40:39  རྩོམ་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྩོམ་པ་པོ། ཡུལ་ལྷ་ཐར་གྱིས་བསྒྲིགས།  ཀློག་གྲངས།

 

习近平同安哥拉总统多斯桑托斯会谈.jpg

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་དགུ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨན་ཀོ་ལའི་ཙུང་ཐུང་ཏོ་སི་སང་ཐོ་སི་དང་གྲོས་མོལ་མཛད། གྲོས་མོལ་མ་མཛད་པའི་སྔོན་ལ་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཐང་ཆེན་དུ་ཙུང་ཐུང་ཏོ་སི་སང་ཐོ་སི་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་དགུ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨན་ཀོ་ལའི་ཙུང་ཐུང་ཏོ་སི་སང་ཐོ་སི་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཀྲུང་གོ་དང་ཨན་ཀོ་ལ་བར་གྱི་མཛའ་མཐུན་མཉམ་ལས་ལ་གདེང་འཇོག་ཆེན་པོ་གནང་བར་མ་ཟད་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་གོ་དང་ཨན་ཀོ་ལའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་མཐུན་ཁྱད་སྟོབས་དེ་མཉམ་ལས་མཉམ་རྒྱལ་གྱི་སྒུལ་ཤུགས་སུ་བསྒྱུར་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་པར་འཐད་པ་བྱུང་།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཨན་ཀོ་ལ་ནི་སྤུན་ཟླའི་རྒྱལ་ཁབ་དང་ཡུན་རིང་བའི་འཐབ་ཇུས་གྲོགས་པོའི་རྒྱལ་ཁབ་ཡིན། ཉིས་སྟོང་བཅུ་ལོར་བདག་གིས་ཨན་ཀོ་ལ་ལ་འཚམས་འདྲི་བྱེད་པའི་སྐབས་སུ་རྒྱལ་ཁབ་གཉིས་ཀྱིས་འཐབ་ཇུས་གྲོགས་པོའི་འབྲེལ་བ་དངོས་སུ་བཙུགས་པ་དང་། ལོ་ལྔའི་རིང་ལ་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཛའ་མཐུན་མཉམ་ལས་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ་པར་མ་ཟད་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་ངོ་མ་བསྐྲུན། ཀྲུང་གོ་ཕྱོགས་ཀྱིས་ཨན་ཀོ་ལ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་མཐུན་ཁྱད་སྟོབས་དེ་མཉམ་ལས་མཉམ་རྒྱལ་གྱི་སྒུལ་ཤུགས་བསྒྱུར་ནས་རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་ལས་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པ་དང་། ཨན་ཀོ་ལས་ཕུན་སུམ་ཚོགས་པའི་རང་བྱུང་དང་མི་ཤུགས་ཐོན་ཁུངས་ཁྱད་སྟོབས་དེ་མི་དམངས་ལ་ཕན་པའི་འཕེལ་རྒྱས་གྲུབ་འབྲས་སུ་བསྒྱུར་བར་རོགས་རམ་བྱས་ནས། ཨན་ཀོ་ལས་རང་བདག་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པར་ཕྱོགས་ཡོངས་ཀྱི་མཉམ་ལས་འདོན་སྤྲོད་བྱེད་འདོད་ཡོད་ཟེར།

ཏོ་སི་སང་ཐོ་སི་ཡིས་བཤད་རྒྱུར། ཨན་ཀོ་ལས་ཀྲུང་གོ་བར་གྱི་ཕན་ཚུན་ཡིད་ཆེས་དང་གཉིས་ཕན་མཉམ་ལས་སྲུང་འཛིན་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཐད་ལ་རྨང་གཞི་བརྟན་པོ་བཏིངས། གནས་བབ་གསར་བའི་འོག་ཏུ་ཕྱོགས་གཉིས་ཀྱིས་འཐབ་ཇུས་གྲོགས་པའི་འབྲེལ་བའི་སྤྱི་ཁོག་ནང་དུ་མཉམ་ལས་ལ་ཤུགས་བསྣན་ནས་ཨན་ཀོ་ལའི་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་གཏོང་ངེས་ཡིན། ཨན་ཀོ་ལ་ཕྱོགས་ཀྱིས་ཀྲུང་གོ་བར་གྱི་མཛའ་བཤེས་ཟབ་མོ་སྔར་ལས་འཕེལ་རྒྱས་སུ་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་སྦས་ཤུགས་ཆེན་པོ་འདོན་སྤྲོད་བྱེད་འདོད་ཡོད་ཟེར།

གྲོས་མོལ་མ་མཛད་པའི་སྔོན་ལ་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཐང་ཆེན་དུ་ཙུང་ཐུང་ཏོ་སི་སང་ཐོ་སི་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་པ་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཨེ་ལིས་ཀིན་དབྱི་མེན་པ་ཧེ་དང་རྒྱལ་སྲིད་ཨུ་ཡོན་དབྱང་ཅེ་ཁྲི་སོགས་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས།

 

ཉེ་བའི་གསར་བསྒྱུར།