ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > སྤྱི་དོན་གསར་འགྱུར།

ཐེམ་ཆེན་རྫོང་བོད་སྨན་ཁང་གིས་སྨན་ལུམས་ཚན་ཁག་གི་སྒོ་འབྱེད་མཛད་སྒོ་སྤེལ་བ།

སྤེལ་དུས། 2015-08-05 20:50:05  རྩོམ་ཁུངས། མཚོ་སྔོན་བོད་རིགས་དྲ་བ།  རྩོམ་པ་པོ། བོང་སྟག་རི་ལུ།  ཀློག་གྲངས།

ཉེ་ཆར། ཐེམ་ཆེན་རྫོང་བོད་སྨན་ཁང་གིས་སྨན་ལུམས་ཚན་ཁག་གི་སྒོ་འབྱེད་མཛད་སྒོ་སྤེལ་བ་དང་། འདི་ནི་ཐེམ་ཆེན་རྫོང་གིས་བོད་སྨན་གྱི་ལས་དོན་དར་སྤེལ་གཏོང་བའི་ལས་གཞི་གལ་ཆེན་ཞིག་ཡིན།

8051.jpg
མཛད་སྒོར་ཕེབས་པའི་ཆེད་མཁས་པ་དང་། ཁུལ་དང་རྫོང་རིམ་པའི་མགོ་ཁྲིད།


ཐེམ་ཆེན་རྫོང་བོད་སྨན་ཁང་གིས་སྨན་ལུམས་ཐོག་ཁང་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་སྟེང་ནས། སྤྱི་ལོ་2013ལོར་རྫོང་སྲིད་གཞུང་གིས་ཀྲེ་ཅང་གི་རོགས་སྐྱོར་མ་དངུལ་སྒོར་ས་ཡ་གཉིས་བརྩོན་ལེན་བྱས་ཏེ། སྨན་ལུམས་ཚན་ཁག་ལ་སྔོན་ཐོན་གྱི་སྒྲིག་ཆས་ཆ་ཚང་ནང་འདྲེན་བྱས་པ་འདིས་སྨན་ལུམས་ཚན་ཁག་གི་ལས་དོན་དར་སྤེལ་གཏོང་བར་རྨང་གཞི་བརྟན་མོ་ཞིག་བཏང་།

8052.jpg

ཆེད་མཁས་སྨན་པ་ཁ་ལོ་དང་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ཧི་ཙི་པོ་ཡིས་མཛད་སྒོའི་རས་ཡོལ་ཕྱེ་བཞིན་པ།

ཐེམ་ཆེན་རྫོང་བོད་སྨན་ཁང་གིས་སྔ་གཞུག་ཏུ། ཐེངས་མང་པོར་སྨན་ལུམས་ཚན་ཁག་གི་རྐང་འཛིན་མི་སྣ་དང་ཆེད་ལས་ལག་རྩལ་མི་སྣ་ཁུལ་དང་ཞིང་ཆེན་རིམ་པའི་བོད་སྨན་ཁང་དུ་མངགས་ནས་ཟབ་སྦྱོང་གང་ལེགས་བྱས་པས། རྐང་འཛིན་མི་སྣ་དང་ཆེད་ལས་ལག་རྩལ་མི་སྣའི་ཤེས་བྱ་དང་ལག་རྩལ་ཇེ་ལེགས་ཇེ་རྒྱས་སུ་གཏོང་བར་ནུས་པ་མངོན་གསལ་ཐོན་ལ།མིང་དུ་གྲགས་པའི་བོད་སྨན་གྱི་ཆེད་མཁས་པ་སྟེ། སྨན་པ་ཁ་ལོ་སོགས་གདན་ཞུ་བྱས་ཏེ་སྨན་ལུམས་ཀྱི་བཅོ་ཐབས་ཁྱད་པར་བ་སོགས་ཁྲིད་པས་རྫོང་ཡོངས་ཀྱི་དྲེག་གྲུམ་རང་བཞིན་གྱི་ནད་དང་། པགས་ནད་སོགས་གསོ་བཅོས་བྱེད་པར་ཆ་རྐྱེན་ཕུན་སུམ་ཚོགས་པ་བསྐྲུན་ཞིང་། འདི་ཡིས་ཐེམ་ཆེན་རྫོང་ལ་བོད་སྨན་གྱི་སྨན་ལུམས་ཚན་ཁག་མེད་པའི་སྟོང་ཆ་བསྐངས།

8053.jpg
སྨན་ལུམས་ཚན་ཁག་གི་ཟུར་ཞིག

ཐེངས་འདིར་ཡང་མཚོ་སྔོན་བོད་སྨན་སྨན་ལུམས་ཚན་རྩལ་ཚད་ཡོད་ཀུང་ཟི་དང་མཉམ་འབྲེལ་བྱས་པ་འདིས། རང་རྫོང་ནས་བོད་སྨན་གྱི་གསོ་བཅོས་བྱེད་པར་ལག་རྩལ་གསར་བ་དང་། བྱེད་ཐབས་གསར་བའི་ནུས་པ་གལ་ཆེན་ཐོན་ལ། ནང་འདྲེན་བྱས་པའི་སྔོན་ཐོན་གྱི་སྒྲིག་ཆས་དང་ལག་རྩལ་འདི་དག་ལ་བརྟེན་ནས། ཐེམ་ཆེན་རྫོང་གི་བོད་སྨན་གྱི་ཕྱོགས་ཡོངས་ཀྱི་ཞབས་ཕྱིའི་ཆུ་ཚད་མཐོར་འདེགས་གཏོང་བར་ནུས་པ་གང་ལེགས་ཐོན་ཡོད།

སྤེལ་མཁན།རིན་ཆེན་སྐྱིད།

 

ཉེ་བའི་གསར་བསྒྱུར།