ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > སྤྱི་དོན་གསར་འགྱུར།

གཡང་དཀར་རྟགས་ཅན་ལ༼བོད་ཀྱི་གྱོན་ཆས་ཇུས་འགོད་གསར་བཟོའི་བྱ་དགའ་ཨང་དང་པོ༽ཐོབ།

སྤེལ་དུས། 2015-08-31 09:53:28  རྩོམ་ཁུངས། མཚོ་སྔོན་བོད་རིགས་དྲ་བ།  རྩོམ་པ་པོ། རིན་ཆེན་གྱིས་བསྒྲིགས།  ཀློག་གྲངས།

ཉེ་ཆར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་ཀྱི་རྒྱན་གོས་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་དང་བོད་ཀྱི་རྒྱན་གོས་བཤམས་སྟོན་དུས་ཆེན་མགོ་རྩོམ་མཛད་སྒོ་དེ་གསེར་ཆེན་རྫོང་དུ་གཟབ་རྒྱས་ངང་སྤེལ་བ་རེད། ཐེངས་འདིར་སི་ཁྲིན་ཞིང་ཆེན་རྔ་བ་ཁུལ་དང་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ། དེ་མིན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་དང་མཚོ་ལྷོ་ཁུལ་གྱི་རྫོང་སོ་སོའི་རྒྱན་གོས་འཁྲབ་སྟོན་རུ་ཁག   བོད་ཁུལ་གྱི་རྒྱན་གོས་སྤྱི་གཉེར་ཁང་སོགས་མང་པོ་མཉམ་ཞུགས་བྱས་ཡོད།       སྐབས་འདིའི་སྒྱུ་རྩལ་དུས་ཆེན་ནི་བོད་ཀྱི་རྒྱན་གོས་རིག་གནས་རྒྱུད་འཛིན་དང་བོད་མི་རིགས་ཀྱི་ལོ་རྒྱུས་ཀྱི་དུས་ཡུན་རིང་བའི་དམངས་ཁྲོད་རིག་གནས་དར་ཁྱབ་གཏོང་བ་སོགས་དམིགས་སུ་བཟུང་ཡོད་པ་རེད།ཐེངས་འདིའི་བྱ་འགུལ་སྟེང་གཡང་དཀར་རྟགས་ཅན་གྱི་རྒྱན་གོས་ལ༼བོད་ཀྱི་གྱོན་ཆས་ཇུས་འགོད་གསར་བཟོའི་བྱ་དགའ་ཨང་དང་པོ༽ཐོབ་ཡོད།

QQ图片20150823192705.jpg

QQ图片20150823192602.jpg

གཡང་དཀར་ཚང་གིས་མཁོ་སྤྲོད་བྱས།

ཉེ་བའི་གསར་བསྒྱུར།