ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > སྤྱི་དོན་གསར་འགྱུར།

རྒྱལ་ཡོངས་མི་རིགས་སློབ་ཆེན་གྱི་རྟགས་གསལ་འགྲན་ཚོགས་སྐབས་དང་པོ་བསྡུས་པ།

སྤེལ་དུས། 2015-12-07 19:40:08  རྩོམ་ཁུངས། རྗེ་ཙོང་ཁ་བའི་དྲ་བ།  རྩོམ་པ་པོ། མི་གསལ།  ཀློག་གྲངས།

 སྤྱི་ལོ༢༠༡༥ལོའི་ཟླ༡༢པའི་ཚེས༥ཉིན། རྒྱལ་ཡོངས་མི་རིགས་སློབ་ཆེན་གྱི་རྟགས་གསལ་འགྲན་ཚོགས་སྐབས་དང་པོ་མཚོ་སྔོན་མི་རིགས་སློབ་ཆེན་དུ་གཟབ་རྒྱས་ངང་ཚོགས་ཡོད་ཅིང་། ལྷོ་ནུབ་མི་རིགས་སློབ་ཆེན་དང་ནུབ་བྱང་མི་རིགས་སློབ་ཆེན། ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་། མཚོ་སྔོན་དགེ་ཐོན་སློབ་ཆེན། སི་ཁྲོན་མི་རིགས་སློབ་གླིང་།མཚོ་སྔོན་མི་རིགས་སློབ་ཆེན་བཅས་ཀྱི་དངོས་གཞི་དང་ཞིབ་འཇུག་སློབ་མ། དེ་བཞིན་མཚོ་ལྷོ་ཁུལ་མི་རིགས་སློབ་འབྲིང་དང་པོ་དང་གཉིས་པ། གངས་ལྗོངས་མི་རིགས་སློབ་གླིང་བཅས་ཀྱི་སློབ་མ་ཐེངས་འདིའི་འགྲན་བསྡུར་ནང་ཞུགས་འདུག

640.webp.jpg
རྒྱལ་ཡོངས་མི་རིགས་སློབ་ཆེན་གྱི་རྟགས་གསལ་འགྲན་ཚོགས་སྐབས་དང་པོ།

640.webp (1).jpg
རྩོད་གླེང་བྱེད་བཞིན་པའི་རྣམ་པ།

འགྲན་ཚོགས་འདིར་གདན་འདྲེན་ཞུས་པའི་སྐུ་མགྲོན་ལ་སི་ཁྲོན་དཀར་མཛེས་བཞག་པ་མ་ཐང་དགོན་གྱི་བཞག་པ་རིན་པོ་ཆེ་ལགས་དང་ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་གི་ལྷ་རམས་པ་འཇམ་དཔལ་བློ་ཤེས། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཆི་ཧྲོན་ལེ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ཀུའུ་ཞོའོ་ཧིན། ཀྲུང་ཧྲན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཅུའུ་ཧྲི་ཨར། ཀོས་ཀྲོའུ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཧྲོན་ཀྲིན། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཅུའུ་ཙུང་ལིན། མཚོ་སྔོན་འཇིགས་མེད་བོད་སྨན་ཁང་གི་འགན་འཛིན་འཇིགས་མེད་རྒྱལ་མཚན་ལགས་ཡོད་པ་རེད།

640.webp (2).jpg
འགྲན་ཚོགས་སུ་གདན་འདྲེན་ཞུས་པའི་སྐུ་མགྲོན།

ཐེངས་འདིའི་རྒྱལ་ཡོངས་མི་རིགས་སློབ་ཆེན་ཁག་གི་བོད་ཀྱི་རྟགས་གསལ་འགྲན་ཚོགས་ཐེངས་དང་པོ་ཚོགས་པ་འདི་ལས། བོད་ཀྱི་བཅུ་ཕྲག་རིག་པའི་ཁྲོད་ཀྱི་ཚད་མ་རིག་པའི་ཁྱད་ཆོས་སྔོག་འདོན་དང་དར་སྤེལ་བྱས་ཡོད་པ་མ་ཟད། ཕུན་སུམ་ཚོགས་པའི་རིག་ལམ་ལ་བརྟེན་ནས་བོད་ཀྱི་རིག་གནས་སློབ་སྦྱོང་བྱེད་སྟངས་ཤིག་འགྲེམས་སྟོན་བྱས་ཡོད་པ་དང་། བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་ཁྲོད་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་གཏོང་དགོས་པའི་འདུ་ཤེས་ཤིག་ཀྱང་མངོན་པར་མཚོན་ཡོད། ད་དུང་ཐེངས་འདིའི་འགྲན་བསྡུར་ལས་རྒྱལ་ཡོངས་མི་རིགས་སློབ་ཆེན་ཁག་གི་སློབ་མ་རྣམས་ཕན་ཚུན་འགྲོ་འོང་དང་བསམ་བློ་རྗེས་རེས་བྱེད་པའི་གོ་སྐབས་བླ་མེད་ཅིག་ཀྱང་བསྐྲུན་ཡོད་པ་མ་ཟད། མ་འོངས་པའི་སློབ་སྦྱོང་གི་འཚོ་བ་དང་ཕུགས་འདུན་གྱི་ཕྱོགས་སུ་སྔར་ལས་ཀྱང་འོད་སྟོང་ལྡན་པ་དང་མཛེས་སྡུག་བཀྲ་བའི་ལང་ཚོའི་ཁ་དོག་གསར་བ་ཞིག་གསར་དུ་བསྣན་ཡོད།

640.webp (3).jpg
རྩོད་གླེང་བྱེད་བཞིན་པའི་རྣམ་པ།

ཐེངས་འདིའི་འགྲན་བསྡུར་ཁྲོད་ཞུགས་པའི་སློབ་གྲོགས་ཚོའི་ཡིད་ཆེས་ཀྱིས་བལྟམས་པའི་གདུང་གི་འཛུམ་མདངས་དང་། གུས་ལུགས་ལྡན་པའི་རྩོད་གླེང་བྱེད་སྟངས། འཇམ་ཤ་ལྡན་པའི་ངག་སྒོ་བཅས་ལས་དུས་རབས་ཉེར་གཅིག་པའི་རིགས་སོ་སོའི་མི་དམངས་ཀྱི་བསམ་བློའི་འདུ་ཤེས་ཤིག་མངོན་པར་མཚོན་ཡོད་པར་མ་ཟད། རིག་གནས་ཀྱི་འཕེལ་རྒྱས་ཤིག་དང་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་ཀྱང་ཤུགས་ཀྱིས་མཚོན་ཡོད། གནས་ལུགས་ཀྱིས་བརྒྱུས་པའི་རྟག་གསལ་གྱི་གར་སྟེགས་དེ་དང་བློ་གྲོས་ཀྱིས་མྱོས་པའི་འགྲན་ཞུགས་པ་ཚོའི་སྤོབས་པ་དེ་ལས་ཚོགས་རའི་ནང་གི་སློབ་གྲོགས་མང་པོ་ཞིག་ལ་སྐུལ་ལྕགས་ཐེབས་ཡོད་པར་མ་ཟད། བོད་ཀྱི་སྐད་ཡིག་གཙིགས་ཆེན་དུ་འཛིན་དགོས་པའི་བསམ་པའི་འདུ་ཤེས་དྲག་པོ་ཞིག་སྐྱེས་སུ་བཅུག་ཡོད།

640.webp (4).jpg
ཚོགས་ར།

640.webp (5).jpg
ཚོགས་ཞུགས་པ་ཡོངས་ནས་དྲན་རྟེན་དུ་བསྐྱོན་པའི་མཉམ་པར།

1207_2.jpg
བགྲོ་གླེང་ཚོགས་རའི་ཟུར་ཞིག

1207_1.jpg
ཐེངས་འདིའི་འགྲན་ཚོགས་ནང་ཞུགས་པའི་སློབ་གྲོགས་རྣམས།

1207_3.jpg
དགེ་བཤེས་ཡར་རྒྱས་ཀྱིས་གཏམ་བཤད་གནང་བཞིན་པ།

ཉེ་བའི་གསར་བསྒྱུར།