ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > སྤྱི་དོན་གསར་འགྱུར།

དྲུང་ཡིག་ཆེན་མོ་གཅོད་པ་དོན་གྲུབ་དང་དྲུང་ཡིག་ཆེན་མོ་གཞོན་པ་འཛམ་གླིང་གཉིས་་སི་ཁྲོན་ཞིང་ཆེན་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་ཐེངས་དགུ་པར་ཞུགས་པ།

སྤེལ་དུས། 2016-12-18 08:40:40  རྩོམ་ཁུངས། མཚོ་སྔོན་བོད་རིགས་དྲ་བ།  རྩོམ་པ་པོ། རིན་ཆེན་སྐྱིད་ཀྱིས་བསྒྲིགས།  ཀློག་གྲངས།


སྤྱི་ཟླ༡༢བའི་ཚེས༡༦ནས་༡༩ཉིན།སི་ཁྲོན་ཞིང་ཆེན་བོད་རིག་པའི་ཞིབ་འཇུག་ལྷན་ཚོགས་ཀྱིས་གཙོ་སྒྲུབ་མཛད་པའི་སི་ཁྲོན་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་ཐེངས་དགུ་པ་ཁྲིན་ཏུའུ་གྲོང་ཁྱེར་ནས་འཚོགས་པ་རེད།མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་དྲུང་ཡིག་ཆེན་མོ་གཅོད་པ་དོན་གྲུབ་དང་དྲུང་ཡིག་ཆེན་པོ་གཞོན་པ་འཛམ་གླིང་གཉིས་དཔྱད་གླེང་གྲོས་ཚོགས་སུ་ཞུགས་པ།

ae7339a658409e3a41c192fc52d5efec.jpg

གྲོས་ཚོགས་ཡུལ་དངོས།༼པར་རིས་འདི་ནི་གངས་ལྗོངས་ཉི་གཞོན་འཕྲིན་སྟེགས་ནས་བླངས།༽


ཤེས་གསལ་ལྟར་ན་ཐེངས་འདིའི་དཔྱད་གླེང་གྲོས་ཚོགས་སྟེང་རྒྱལ་ནང་བོད་རིག་པའི་ལས་ལ་གཞོལ་བའི་མཁས་བཙུན་མང་པོ་འདུས་ཡོད་དེ།སི་ཁྲོན་གྱི་འཇམ་དབྱངས་མཁས་གྲུབ་རིན་པོ་ཆེ་དང་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་སློབ་གཙོ་སྔོན་མ་དང་སློབ་དཔོན་ཆེན་མོ་ཀྲའོ་ཞིན་ཡུས། སྤྲུལ་སྐུ་དབང་རྒྱལ་ཚེ་རིང་། ཡུན་ནན་ཕུའུ་སྨིའི་རིགས་སློབ་ཚོགས་ཀྱི་ཚོགས་གཙོ་ཧའོ་ཧྲི་ཧྭ། སི་ཁྲོན་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་སྐལ་བཟང་ཡེ་ཤེས་དང་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོའམ་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཐུབ་བསྟན་ཕུན་ཚོགས། དགེ་རྒན་ཆེན་མོ་བཙན་ལྷ་ངག་དབང་ཚུལ་ཁྲིམས། ཀྲུང་གོ་བོད་རིག་པ་ལྟེ་གནས་དཔེ་སྐྲུན་ཁང་གི་འགན་འཛིན་པ་རྒྱལ་མོ་འབྲུག་པ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ། འབུམ་རམས་པའི་མཛུབ་སྟོན་དགེ་རྒན་བན་ཁོ། གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ལྟེ་གནས་ཀྱི་འགན་འཛིན་དཀོན་མཆོག་རྡོ་རྗེ།  བོད་རིག་པའི་ལོ་རྒྱུས་ཞིབ་འཇུག་པ་སྡེ་རོང་ཚེ་རིང་དོན་གྲུབ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཐོགས་མེད། སི་ཁྲོན་གླུ་དབྱངས་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་སྐལ་བཟང་མེ་ཏོག་སོགས་རྒྱལ་ནང་གི་བོད་རིག་པའི་ཆེད་མཁས་པ་མང་པོ་ལྷན་དུ་འཛོམས་ཏེ་དུས་ཡུན་ཉིན་གསུམ་གྱི་རིང་ལ་བོད་ཀྱི་ཡུལ་སྲོལ་དང་ལོ་རྒྱུས། ཐང་ག མཛེས་རྩལ། ལོ་རྒྱུས་མི་སྣ། རྒྱལ་རོང་རིག་གནས་སོགས་བགྲོ་གླེང་གཟབ་རྒྱས་གནང་བཞིན་ཡོད།འདིར་དམིགས་གསལ་གྱིས་གླེང་དགོས་པ་སྟེ།དགུང་ལོ་༨༦སོན་པའི་ཚོགས་གཙོ་ཡངས་གླིང་རྡོ་རྗེ་དང་དགུང་ལོ་༨༧ལོན་པའི་མཁས་དབང་བཙན་ལྷ་ངག་དབང་ཚུལ་ཁྲིམས།དགུང་ལོ་༩༣ལོན་པའི་ལིང་ཧྲན་ཁུལ་གྱི་ཚོགས་གཙོ་མོའུ་ལོ་རིན་བཅས་མི་གྲངས༡༠༠ཡས་མས་བསླེབས་ཡོད།ཚོགས་གཙོ་ཡངས་གླིང་རྡོ་རྗེ་ལགས་ཀྱིས་བགྲོ་གླེང་ཚོགས་འདུའི་མཛད་སྒོ་སྟེང་གི་གཏམ་བཤད་དང་མཇུག་བསྡུ་པའི་གཏམ་བཤད་གལ་ཆེན་གནང་།༢༠༡༦ལོའི་སྤྱི་ཟླ༡༢བའི་ཚེས༡༨ཕྱི་དྲོར་ཚོགས་འདུ་མཇུག་གྲུབ།

1df91701ee0fc2891dd3c684fee03c35.jpg

དྲུང་ཡིག་ཆེན་མོ་གཅོད་པ་དོན་འགྲུབ་ལགས་ཀྱིས་སི་ཁྲོན་བོད་རིག་པའི་གྲོས་ཚོགས་ཐེངས་དགུ་བ་མདོ་འཛིན་བྱེད་པ།


ཉེ་བའི་གསར་བསྒྱུར།