ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > སྤྱི་དོན་གསར་འགྱུར།

མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས2017ལོའི་ཚོགས་མིའི་འཆད་ཁྲིད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

སྤེལ་དུས། 2017-05-07 21:59:55  རྩོམ་ཁུངས། ཀྲུའུ་གོ་བོད་ཀྱི་དྲ་བ།  རྩོམ་པ་པོ། ཚེ་རིང་རྒྱ་མཚོ།  ཀློག་གྲངས།

7c7b8acbdb8b91969a2d5811da5cec4c.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།2017ལོའི་ཟླ5པའི་ཚེས7ཉིན།མཚོ་སྔོན་ཞིང་ཆེན་བོད་རིགས་ཞིབ་འཇུག་ཚོགས་པའི2017ལོའི་ཚོགས་མིའི་འཆད་ཁྲིད་ཚོགས་འདུ་ཟི་ལིང་གྲོང་ཁྱེར་ཏོང་ཧོའུ་མགྲོན་ཁང་ཆེན་མོ་ནས་བསྡུས། ཚོགས་འདུའི་སྟེང་།མཚོ་སྔོན་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཟུར་པའམ་ཞིང་ཆེན་བོད་རིགས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ་མདོ་བ་ཀུན་བཟང་ཤེས་རབ་དང་།མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པའམ་མཚོ་སྔོན་ཞིང་ཆེན་གེ་སར་ཞིབ་འཇུག་ཁང་གི་ཀྲུའུ་ཞི་གཞོན་པ་ཟུར་བ་གཅོད་པ་དོན་གྲུབ།ཞིང་ཆེན་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ་གཞོན་པའམ་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་དྲུང་ཡིག་ཆེན་མོ་གཞོན་པ་བསོད་ནམས་དབང་རྒྱལ་བཅས་ཚོགས་མི་བརྒྱ་ལྷག་ཐེངས་འདིའི་ཚོགས་འདུར་ཞུགས། གཅོད་པ་དོན་གྲུབ་ཀྱིས་ཚོགས་འདུར་འགོ་འཛིན་བྱས།

bb180e2778ca08a445f307a2ada347e8.jpg

གཅོད་པ་དོན་གྲུབ་ཀྱིས་ཚོགས་འདུར་འགོ་འཛིན་བྱེད་བཞིན་པ།

aff837b9ce2ce39348920f8c5273f829.jpg

མདོ་བ་ཀུན་བཟང་ཤེས་རབ་ཀྱི་འཆད་ཁྲིད་གནང་བཞིན་པ།

37dcd0508067d563f7122c6df07641c4.jpg

བསོད་ནམས་དབང་རྒྱལ་གྱིས་འཆད་ཁྲིད་གནང་བཞིན་པ།

3ea75c3d8d7b23b06659f2c2ff040194.jpg

བྲ་ཁྱོམ་དཔལ་བཟང་གིས་འཆད་ཁྲིད་གནང་བཞིན་པ།

ཚོགས་འདུའི་སྟེང་།མཚོ་སྔོན་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཟུར་པའམ་ཞིང་ཆེན་བོད་རིགས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ་མདོ་བ་ཀུན་བཟང་ཤེས་རབ་དང་།ཞིང་ཆེན་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ་གཞོན་པའམ་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་དྲུང་ཡིག་ཆེན་མོ་གཞོན་པ་བསོད་ནམས་དབང་རྒྱལ། ཟི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མཛོ་དགེ་ས་ཆ་ནས་ཐོན་པའི་སྐྱེ་ཁམས་སྲུང་སྐྱོང་བ་བྲ་ཁྱོམ་དཔལ་བཟང་བཅས་ཀྱིས་སོ་སོར་ཁ་བྱང་ལ《མི་རིགས་སློབ་གསོ་སྐོར་གྱི་དཔྱད་པ》དང《གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་སྲིད་ཇུས་ལེགས་སྒྲིག་དང་ལག་བསྟར》《 བོད་ཁམས་སྤྱིའི་ཁོར་སྲུང་གི་གནས་བབས》སོགས་ཀྱི་ཐད་ནས་རྒྱལ་ཁབ་ཀྱི་སྲིད་ཇུས་དང་སྦྲེལ་ཏེ་ལོ་མང་བོའི་རིང་གི་ལག་ལེན་དང་ཉམས་མྱོང་གཞིར་བཟུང་ནས་མི་རིགས་སློབ་གསོའི་ད་ལྟའི་གནས་བབས་དང་རྨ་འབྲི་རྫ་གསུམ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གནས་ཚུལ་སྐོར་འཆད་ཁྲིད་གནང་།།

ཉེ་བའི་གསར་བསྒྱུར།