ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > སྤྱི་དོན་གསར་འགྱུར།

རྫ་ཆུ་ཁ་ནས་མིང་རྒྱལ་རབས་སྐབས་ཀྱི་ལྡེབས་རིས་དང་འཇིམ་རྐོས་རྙེད་པ།

སྤེལ་དུས། 2017-09-02 22:01:04  རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།  རྩོམ་པ་པོ།   ཀློག་གྲངས།

640.webp (5).jpg

སྤྱི་ཟླ་༨ཚེས་༢ ཉིན་། གོང་མའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་བོད་བརྒྱུད་ནང་བསྟན་རིག་དངོས་ཞིབ་འཇུག་ཁང་གི་འགོ་འཛིན་དང་། ཞིབ་འཇུག་པ་ལོ་ཝུན་ཧྭ་ཡིས་སྣེ་ཁྲིད་བྱས་པའི་ཞིབ་འཇུག་ཚོགས་པས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སེར་ཤུལ་རྫོང་བཙན་མདའ་ཤང་གི་འབའ་དྷ་དགོན་གྱི་ཡུན་རིང་སྒོ་མ་ཕྱེ་བའི་ཆོས་སྐྱོང་ལྷ་ཁང་ཞིག་ཏུ་ཡོད་པའི་ལྡེབས་རིས་དང་འཇིམ་སྐུ་དག་མིང་རྒྱལ་རབས་སྐབས་ཀྱི་ལྡེབས་རིས་འཇིམ་བརྐོས་དང་ཧ་ཅང་འདྲ་བ་ཤེས་པ་དང་། དེ་ནི་མིག་སྔར་སེར་ཤུལ་རྫོང་གི་མངའ་ཁོངས་སུ་རྙེད་པའི་བོད་བརྒྱུད་ནང་བསྟན་གྱི་རྗེས་ཤུལ་གལ་ཆེན་གྱི་གྲས་ཤིག་ཡིན་ཞིང་བོད་བརྒྱུད་ནང་བསྟན་ཞིབ་འཇུག་གི་སྟོང་ཆ་མང་པོ་ཞིག་བསྐང་ཐུབ་ཀྱི་ཡོད་པ་བསྟན།

640.webp (7).jpg

ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་དཀར་མཛེས་ས་ཁུལ་ནས་མིང་རྒྱལ་རབས་སྐབས་ཀྱི་ལྷ་ཁང་དང་སྡོད་ཁང་སོགས་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་དང་། དེ་དག་གཙོ་བོ་དར་རྩེ་མདོ་དང་རོང་བྲག་རྫོང་གཉིས་སུ་ཡོད་ཅིང་། ཐེངས་འདིར་ཤེས་རྟོགས་བྱུང་བ་ནི་སེར་ཤུལ་རྫོང་གི་བྱང་རྒྱུད་དུ་ཡོད་པ་རེད།

640.webp (8).jpg

དགོན་པ་འདི་ནི་སྤྱི་ལོ་༡༢༦༩ལོར་བཞེངས་པ་དང་། ཐོག་མར་ས་སྐྱ་བ་ཡིན་ཞིང་སྤྱི་ལོ་༡༤༤༠ལོར་དགེ་ལུགས་པར་བསྒྱུར། རིག་གནས་གསར་བརྗེ་ཆེན་པོའི་ཁྲོད་གཏོར་བརླག་ཐེབས་རྗེས། རང་བྱུང་གི་གནོད་འཚེ་ཙམ་ལས་ཆག་འཇིག་ཅི་ཡང་བྱུང་མེད། ལྡེབས་རིས་ནང་དོན་དང་བཞེངས་ལུགས་ནི་དགེ་ལྡན་པའི་ལུགས་ཡིན་པ་དང་སྒྱུ་རྩལ་གྱི་ཉམས་འགྱུར་ཐད་ནས་བལྟས་ན་བཞེངས་དུས་ནི་དུས་རབས་༡༦ཡས་མས་ཡིན་པ་རེད།

640.webp (9).jpg

ལོ་ཝུན་ཧྭ་ཡིས། ལོ་ངོ་མང་པོར་བདག་གཉེར་མ་བྱས་པའི་རྐྱེན་གྱིས།  མིག་སྔར་ཆོས་སྐྱོང་ལྷ་ཁང་གི་གྱང་ངོས་གས་ཆག་དང་དབྱིབས་འགྱུར་བྱུང་བ་ཅུང་ཚབས་ཆེ་བ་དང་། རིག་དངོས་སྡེ་ཁག་གིས་མཐོང་ཆེན་བྱས་ཏེ་ལྡེབས་རིས་དང་འཇིམ་བརྐོས་སྲུང་སྐྱོབ་བྱ་དགོས་པ་དང་། བོད་བརྒྱུད་ནང་བསྟན་གྱི་རིག་དངོས་རྩ་ཆེན་དག་ང་ཚོའི་ལག་ནས་མེད་པར་མི་འགྱུར་བ་བྱེད་དགོས་པའི་རེ་འབོད་གནང་ཡོད་པ་རེད། 

 640.webp (10).jpg

640.webp (11).jpg

རྩོམ་སྒྲིག་པ། ཆབ་འགག་ཇོ་རུ།

ཉེ་བའི་གསར་བསྒྱུར།