ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > སྤྱི་དོན་གསར་འགྱུར།

​བོད་ཀྱི་ཕོ་བྲང་ཐོག་མ་ཡུམ་བུ་བརླ་མཁར་ལ་ཉམས་གསོ་སྲུང་སྐྱོབ་བྱེད་བཞིན་པ།

སྤེལ་དུས། 2017-11-30 10:32:48  རྩོམ་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  རྩོམ་པ་པོ། ཀླུ་མོ་མཚོ་ཡིས་བསྒྱུར།  ཀློག་གྲངས།

1511921607403047.jpg

1511921607824701.jpg

ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་རིག་དངོས་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། བོད་ཀྱི་ཕོ་བྲང་ཐོག་མ་ཡུམ་བུ་བརླ་མཁར་ལ་ཉམས་གསོ་སྲུང་སྐྱོང་བྱེད་བཞིན་ཡོད་ལ། གནས་སྐབས་སུ་ལྟ་སྐོར་བས་གཟིགས་སྐོར་བྱེད་མཚམས་བཞག་ཡོད། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་རིག་དངོས་ཅུའུ་ཡི་ཅུའུ་ཀྲང་བྱམས་པ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན།  ཡུམ་བུ་བརླ་མཁར་གྱི་ལྕམ་ཤིང་རུལ་བ་དང་གྱང་ངོས་ཁ་ཤས་སུ་སེར་ཁ་རྒྱུག་པ།  བབས་བརྒྱབ་པ་སོགས་ལས་ཕོ་བྲང་གི་ཕྱོགས་མང་པོར་ཉེན་ཁའི་གནས་ཚུལ་ཐོན་པའི་རྐྱེན་གྱིས་འབྲེལ་ཡོད་ཚན་པས་གནའ་ཉམས་སོར་འཇོག་གི་རྩ་དོན་གཞིར་བཟུང་ཁྱོན་ཡོངས་ནས་སྲུང་སྐྱོབ་དང་ཉམས་གསོ་བྱེད་འགོ་ཚུགས་ཤིང་སྔོན་དཔག་བྱས་ན་ལས་གྲྭ་དེ་སང་ལོའི་ཟླ4པའི་ནང་མཇུག་སྒྲིལ་རྒྱུ་རེད།

1511921607209561.jpg

ཡུམ་བུ་བརླ་མཁར་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་རྩེད་ཐང་གྲོང་རྡལ་ཤར་ལྷོའི་ངོས་ཀྱི་རི་བོ་བཀྲ་ཤིས་ཚེ་རིང་གི་སྟེང་དུ་ཆགས་ཡོད་པ་དང་།  ལོ་རྒྱུས་ཀྱི་དཔྱད་གཞིར་གཞིགས་ན།  ཕོ་བྲང་དེ་ནི་སྤྱི་ལོའི་སྔོན་གྱི་དུས་རབས2པའི་ནང་སྐྲུན་པར་འཁོད་ཡོད།  1962ལོར་ཡུམ་བུ་བརླ་མཁར་འདི་ཉིད་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་ཏུ་གཏན་འཁེལ་བྱས་པ་རེད།།

རྩོམ་སྒྲིག་པ། ཆབ་འགག་ཇོ་རུ།

ཉེ་བའི་གསར་བསྒྱུར།