ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > སྤྱི་དོན་གསར་འགྱུར།

མཚོ་སྔོན་གྱི་ཐང་ཀ་དང་རི་མོའི་བརྩམས་ཆོས་ལེགས་གྲས་ཀྲུང་གོ་མཛེས་རྩལ་ཁང་ནས་འགྲེམ་སྟོན་བྱས།

སྤེལ་དུས། 2018-01-18 14:17:32  རྩོམ་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  རྩོམ་པ་པོ།   ཀློག་གྲངས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྟེང་ནས་རིག་གནས་ཡིད་རྟོན་ཇེ་དྲག་ཏུ་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་དངོས་འབེབས་དོན་འཁྱོལ་བྱེད་པའི་ལག་ལེན་ཞིབ་ཕྲ་ཡིན་པའི་ཆ་ནས། ཟླ་དང་པོའི་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཀྲུང་གོ་མཛེས་རྩལ་ཁང་། ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་ཐིན་བཅས་ཀྱིས་མཉམ་འབྲེལ་སྒོས། མཚོ་སྔོན་གྱི་ཐང་ཀ་དང་རི་མོ་རྩེ་གྲས་འགྲེམ་སྟོན་བྱ་འགུལ་དེ་ཀྲུང་གོ་མཛེས་རྩལ་ཁང་ནས་དངོས་སུ་སྤེལ། རིག་གནས་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་ལའོ་ཧྲུའུ་ཀང་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་གོ་ཧྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅོན། ཀྲུང་གོ་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་གཞོན་པ་ལིས་ཡུས་བཅས་འགྲེམ་སྟོན་འགོ་རྩོམ་པའི་མཛད་སྒོར་ཞུགས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཀྲང་ཀྲང་ཞི་མེན་གྱིས་ཐེངས་འདིའི་མཛད་སྒོར་འགོ་འཛིན་བྱས།

མཚོ་སྔོན་གྱི་ཐང་ཀ་སྒྱུ་རྩལ་གྱི་ཕ་ས་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་ཡིན་པ་དང་། ལོ་རྒྱུས་ཀྱི་སྟེང་ནས་གནས་དེར་རེབ་གོང་ཞེས་འབོད། ཉེ་བའི་ལོ་འདི་དག་གི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐང་ཀ་སྒྱུ་རྩལ་གྱི་རྒྱུན་འཛིན་སྲུང་སྐྱོབ་དང་གསར་སྤེལ་བཀོལ་སྤྱོད་ལ་མཐོང་ཆེན་བྱས་ཏེ། རིག་གནས་པུའུ་དང་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱབ་སྐྱོར་ཆེན་པོ་གནང་བར་བརྟེན། ཐང་ཀ་སྒྱུ་རྩལ་དང་ཐང་ཀ་ཐོན་ལས་འཕེལ་རྒྱས་མགྱོགས་པོ་བྱུང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་སླེབས་པའི་དེ་རིང་གི་དུས་འདིར། ཐང་ཀ་སྒྱུ་རྩལ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འགྲེམ་སྟོན་དང་། མི་རིགས་མཐུན་སྒྲིལ་སྔོན་ཐོན་ལས་དོན་ལ་སྐུལ་འདེད་གཏོང་བ། མཉམ་དུ་མི་རིགས་ཀྱི་སྲོལ་རྒྱུན་དར་སྤེལ་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་པར་མ་ཟད། དེར་རིག་གནས་ཀྱི་རིན་ཐང་ཡང་ཆེན་པོ་ལྡན།

རྩོམ་སྒྲིག་པ། ཆབ་འགག་ཇོ་རུ།

ཉེ་བའི་གསར་བསྒྱུར།