ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > སྤྱི་དོན་གསར་འགྱུར།

གེ་སར་ཁྲབ་རྨོག་རིག་གནས་ཀྱི་དཔྱད་གླེང་ཚོགས་འདུ་དར་ལག་ནས་འཚོགས་པ།

སྤེལ་དུས། 2018-12-11 15:30:42  རྩོམ་ཁུངས། མཚོ་སྔོན་བོད་རིགས་དྲ་བ།  རྩོམ་པ་པོ། ཆབ་འགག་ཇོ་རུ།  ཀློག་གྲངས།

ཟླ༡༢པའི་ཚེས༨ཉིན། དར་ལག་རྫོང་མི་དམངས་སྲིད་གཞུང་དང་མགོ་ལོག་ཁུལ་རིག་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་གཙོ་སྒྲུབ་བྱས་ཤིང་དར་ལག་རྫོང་རིག་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུས་དང་ཕོ་བྲང་སེང་འབྲུག་སྟག་རྩེའི་གེ་སར་ཞིབ་འཇུག་ལྟེ་གནས་ཀྱིས་འགན་སྒྲུབ་བྱས་པའི་རྒྱལ་ཁབ་རིམ་པའི་གེ་སར་རིག་གནས་མགོ་ལོག་སྐྱེ་ཁམས་སྲུང་སྐྱོང་ཁུལ་གྱི་མུ་འབྲེལ་བྱ་འགུལ་ལས་༼མགོ་ལོག་གེ་སར་སྒྲུང་རབས་ལས་ཁྲབ་རྨོག་རིག་གནས་སྒྱུ་རྩལ་དཔྱད་གླེང་ཚོགས་འདུ་༽རྨ་ཡུལ་དར་ལག་ནས་གཟབ་རྒྱས་ངང་འཚོགས།

IMG_5045.JPG

དཔྱད་གླེང་ཚོགས་འདུ་སྟེང་དུ་རྒྱལ་ཡོངས་གེ་སར་སྒྲུང་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་ཞིབ་འཇུག་པ་གཞོན་པ་ལི་ལེན་རུང་དང་། མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་འབྲུག་སྐྱིད། མགོ་ལོག་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཟུར་པའམ་མགོ་ལོག་ཁུལ་གེ་སར་ཞིབ་འཇུག་སློབ་ཚོགས་ཀྱི་ཚོགས་གཙོ་ལྡོང་ནོར་སྡེ། མཚོ་སྔོན་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་གི་འགོ་གཙོ་དབང་གྲགས། མགོ་ལོག་ཁུལ་ཨུའི་དྲིལ་སྒྲོག་པུའུ་ཡི་འགོ་གཙོ་གཞོན་པའམ་ཁུལ་རིག་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་འགོ་གཙོ་རྡོ་རྗེ་རྒྱ་མཚོ། མགོ་ལོག་ཁུལ་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཨུའི་ཨུ་ཡོན་དང་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གསར་ཚེ། མཚོ་སྔོན་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་གི་འགོ་གཙོ་གཞོན་པ་སྙིང་བོ་ཚེ་རིང་། དར་ལག་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་སོའུ་ཚེ་དཔལ་ཚེ་རིང་། ཡུལ་ཤུལ་ཁུལ་གྱི་རྒྱལ་ཁབ་རིམ་པའི་གེ་སར་སྒྲུང་རབས་ཆེན་མོའི་འཐུས་ཚབ་པའི་རྒྱུད་འཛིན་པ་ཟླ་བ་གྲགས་པ་སོགས་འབྲེལ་ཡོད་ཀྱི་གེ་སར་རིག་པའི་ཞིབ་འཇུག་མི་སྣ་དང་གེ་སར་སྒྲུང་པ། མགོ་ལོག་ཁུལ་རྫོང་སོ་སོའི་རིག་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་འགོ་གཙོ། ཁུལ་ཡོངས་ཀྱི་གེ་སར་ཟློས་གར་ཚོགས་པའི་འགན་ཁུར་པ་སོགས་མི་སྣ༡༢༠ལྷག་ཞུགས་ཡོད། 

1544497903997093.jpg

མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་འབྲུག་སྐྱིད་ཀྱིས་ཤིས་ཚིག་འབུལ་བ། 

དཔྱད་གླེང་ཚོགས་འདུ་སྟེང་དུ་རྒྱལ་ཡོངས་གེ་སར་སྒྲུང་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་ཞིབ་འཇུག་པ་གཞོན་པ་ལི་ལེན་རུང་དང་། མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་འབྲུག་སྐྱིད། མགོ་ལོག་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཟུར་པའམ་མགོ་ལོག་ཁུལ་གེ་སར་ཞིབ་འཇུག་སློབ་ཚོགས་ཀྱི་ཚོགས་གཙོ་ལྡོང་ནོར་སྡེ། མཚོ་སྔོན་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་གི་འགོ་གཙོ་དབང་གྲགས། མགོ་ལོག་ཁུལ་ཨུའི་དྲིལ་སྒྲོག་པུའུ་ཡི་འགོ་གཙོ་གཞོན་པའམ་ཁུལ་རིག་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་འགོ་གཙོ་རྡོ་རྗེ་རྒྱ་མཚོ། མགོ་ལོག་ཁུལ་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཨུའི་ཨུ་ཡོན་དང་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གསར་ཚེ། མཚོ་སྔོན་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་གི་འགོ་གཙོ་གཞོན་པ་སྙིང་བོ་ཚེ་རིང་། དར་ལག་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་སོའུ་ཚེ་དཔལ་ཚེ་རིང་། ཡུལ་ཤུལ་ཁུལ་གྱི་རྒྱལ་ཁབ་རིམ་པའི་གེ་སར་སྒྲུང་རབས་ཆེན་མོའི་འཐུས་ཚབ་པའི་རྒྱུད་འཛིན་པ་ཟླ་བ་གྲགས་པ་སོགས་འབྲེལ་ཡོད་ཀྱི་གེ་སར་རིག་པའི་ཞིབ་འཇུག་མི་སྣ་དང་གེ་སར་སྒྲུང་པ། མགོ་ལོག་ཁུལ་རྫོང་སོ་སོའི་རིག་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་འགོ་གཙོ། ཁུལ་ཡོངས་ཀྱི་གེ་སར་ཟློས་གར་ཚོགས་པའི་འགན་ཁུར་པ་སོགས་མི་སྣ120ལྷག་ཞུགས་ཡོད།

1544497988652169.jpg

མགོ་ལོག་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་འགོ་གཙོ་གཞོན་པའམ་ཁུལ་རིག་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་འགོ་གཙོ་རྡོ་རྗེ་རྒྱ་མཚོས་ཤིས་ཚིག་འབུལ་བ།

དར་ལག་རྫོང་རིག་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་འགོ་གཙོ་དུང་ཁྱུང་གིས་དཔྱད་གླེང་ཚོགས་འདུ་ལ་འགོ་འཛིན་བྱས་པ་དང་།  ཞིབ་འཇུག་པ་གཞོན་པ་ལི་ལེན་རུང་གིས་རྒྱལ་ཡོངས་གེ་སར་སྒྲུང་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་ཚབ་བྱས་ཏེ་གཏམ་བཤད་གནང་བ་དང་། གེ་སར་རིག་པའི་ཆེད་མཁས་པ་འཇམ་དཔལ་རྒྱ་མཚོ་དང་གཡང་ཨིན་ཧོང་གཉིས་ཀྱིས་རྟེན་འབྲེལ་གྱི་ཤིས་ཚིག་བསྐུར་ཡོང་པ་རེད། 

1544498565704946.jpg

མགོ་ལོག་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཟུར་པའམ་མགོ་ལོག་ཁུལ་གེ་སར་ཞིབ་འཇུག་སློབ་ཚོགས་ཀྱི་ཚོགས་གཙོ་ལྡོང་ནོར་སྡེ་ཡིས་གཏམ་བཤད་པ།

མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་འབྲུག་སྐྱིད་དང་། མགོ་ལོག་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་འགོ་གཙོ་གཞོན་པའམ་ཁུལ་རིག་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་འགོ་གཙོ་རྡོ་རྗེ་རྒྱ་མཚོ། དར་ལག་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་སོའུ་ཚེ་དཔལ་ཚེ་རིང་སོགས་ཀྱིས་དཔྱད་གླེང་ཚོགས་འདུ་སྟེང་དུ་ཤིས་ཚིག་འབུལ།

微信图片_20181211110853.jpg

མཚོ་སྔོན་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་གི་འགོ་གཙོ་དབང་གྲགས་གིས་གཏམ་བཤད་པ།

微信图片_20181211113836.jpg

དར་ལག་རྫོང་རིག་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་འགོ་གཙོ་དུང་ཁྱུང་གིས་དཔྱད་གླེང་ཚོགས་འདུ་ལ་འགོ་འཛིན་བྱེད་པ།

微信图片_20181211113137.jpg

དར་ལག་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་སོའུ་ཚེ་དཔལ་ཚེ་རིང་གིས་ཤིས་ཚིག་འབུལ་བ།

微信图片_20181211113020.jpg

ཕོ་བྲང་སེང་འབྲུག་སྟག་རྩེའི་གེ་སར་ཞིབ་འཇུག་ལྟེ་གནས་ཀྱི་འགོ་གཙོ་མཁར་བ་དཔལ་ལྡན་གྱིས་ཁྲབ་རྨོག་བཟོ་བའི་བརྒྱུད་རིམ་མཚམས་སྦྱོར་བྱས་ཤིང་། མཆོག་སྤྲུལ་བསྟན་པའི་ཉི་མས་གེ་སར་རིག་གནས་ཐད་ལ་བཞག་པའི་མཛད་རྗེས་ཀྱི་བརྙན་ཐུང་གཟིགས་འབུལ་བྱས།

1544498547295391.jpg

ཁྲབ་རྨོག་རིག་གནས་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་གེ་སར་སྒྲུང་རབས་ཆེན་མོ་ལས་རིག་གནས་སྒྱ་རྩལ་རིན་ཐང་བྲལ་བ་ཞིག་ཡིན་ལ། གེ་སར་ཟློས་གར་ཚོགས་པ་མང་པོ་བྱུང་བ་དང་མཉམ་དུ་ཁྲབ་རྨོག་རིག་གནས་གཅིག་གྱུར་མིན་པ་དང་བོད་རང་གི་སྲོལ་རྒྱུན་དང་འགལ་བ་སོགས་ཀྱི་གནས་ཚུལ་མང་པོ་བྱུང་ཡོད་པས། དར་ལག་རྫོང་ཕོ་བྲང་སེང་འབྲུག་སྟག་རྩེའི་གེ་སར་ཞིབ་འཇུག་ལྟེ་གནས་ཀྱིས་འགོ་འཛིན་བྱས་ཏེ་ཁྲབ་རྨོག་སྐོར་ཞིག་གསར་བཟོ་བྱས་ཤིང་ཐེངས་འདིའི་དཔྱད་གླེང་ཚོགས་འདུ་སྟེང་དུ་དངོས་སུ་འགྲེམ་སྤེལ་གནང་བ་རེད།

1544498535672364.jpg

དར་ལག་རྫོང་ཕོ་བྲང་སེང་འབྲུག་སྟག་རྩེའི་གེ་སར་ཞིབ་འཇུག་ལྟེ་གནས་ཀྱི་ཁྲབ་རྨོག་ཇུས་འགོད་པ་རིག་དར་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། གེ་སར་ཁྲབ་རྨོག་འདི་ནི་བོད་གདོན་མའི་དུས་སྐབས་དང་བཙན་པོའི་དུས་སྐབས་སོགས་ལོ་རྒྱུས་ཡིག་ཚང་དང་སྒྲུང་ཡིག་རྙིང་པ་མང་པོའི་རྒྱུ་ཆ་ཁུངས་ལྡན་དག་ལ་གཞི་བཅོལ་ནས་བཟོས། གཙོ་བོ་འཛམ་གླིང་གེ་སར་རྒྱལ་པོ་དང་། རྒྱ་ཚ་ཞལ་དཀར། ཚ་ཞང་འདན་མ་བྱང་ཁྲ། གདོང་བཙན་སྣང་ངུ་ཨ་དཔལ། གསེར་བའི་ཉི་འབུམ་དར་ཡག རོང་ཚའི་གེར་འཕེན་དམར་ལེབ། སྒ་བདེ་ཆོས་སྐྱོང་བེར་ནག སྣང་ཆུང་གཡུ་ཡི་མེ་ཏོག སྐྱ་ལོའི་ཁྱེའུ་འབྲུག་རྒྱལ། མི་དཀར་ལྷའུ་བསམ་འགྲུབ། སྟག་རོང་སྲིན་ཚ་ངོ་ལུག བཅོ་ལྔའི་དཔའ་གསར་ཟླ་བ། སྟག་རོང་དཔོན་པོ་ཁྲོ་ཐུང་། སྤྱི་དཔོན་རོང་ཚ་ཁྲ་རྒན། མི་ཆེན་སེང་བློན་རྒྱལ་པོ། གཟི་ཆེན་ཝེར་མ་ལྷ་དར། དར་འཕེན་དུག་གི་སྡོང་བོ། སྟག་རོང་ཨ་ནུ་གཟིག་འཕེན། ཨ་གེ་ཚངས་པའི་ངོ་ལུག མི་ཆེན་རྒྱལ་བའི་ལྷུན་འགྲུབ། ནག་རུ་ཐར་བ་རྒྱལ་མཚན། སྐྱ་ལོའི་སྟོན་པ་རྒྱལ་མཚན། རྨ་ཉིན་རྫོང་དཔོན་པོ་ལྷ་ཀླུ། སེང་ཨ་དོན་མི་ཡི་སྤྱང་ཀི། དབང་གཅོད་དབང་བོ་དར་འཕེན། འོམ་བུ་ཨ་ནུ་དཔའ་སེང་། སྟག་རོང་ཉ་ཚ་ཨ་བརྟན། དམུ་སྤྱང་རིན་ཆེན་དར་ལུ། ལྷ་རྗེ་ཀུན་དགའ་ཉི་མ། མོ་མ་ཀུན་ཤེས་ཐིག་པོ། བོད་ཕྲུག་མི་ཆུང་ཁ་བདེ། རྒྱ་སྲང་སྲོ་མ་བཛྲ། ཇོ་སྐྱིད་དམ་པ་སངས་རྒྱས། སྲས་ཆུང་དགྲ་ལྷ་རྩེ་རྒྱལ། འདན་སྲས་གཡུ་འོད་འབུམ་མེ། ཧོར་སྡིག་གཅོད་ཤན་པ་རྨེ་རུ་རྩེ། འཇང་སྲས་གཡུ་ལྷ་ཐོག་འགྱུར། མོན་དུང་སྐྱོང་སྟག་ལྷ་འཕྲུ་དཀར། སྐྱ་ལོ་སེང་ལྕམ་འབྲུག་མོ། བདུད་ཨ་སྟག་འཁྱིལ་བའི་ཀླུ་མོ་སོགས་གེ་སར་སྒྲུང་རབས་ཆེན་མོ་ལས་མི་སྣ་སྐོར་ཞིག་གི་ཁྲབ་རྨོག་བཟོས་ཡོད་པ་རེད།

微信图片_20181211111015.jpg

微信图片_20181211113633.jpg

ས་ཆ་སོ་སོ་ནས་ཕེབས་པའི་གེ་སར་རིག་པའི་ཞིབ་འཇུག་པ་དབང་གྲགས་དང་། གསར་ཚེ། མཚོ་སྐྱེས་རྡོ་རྗེ། ཧཱུྃ་ཀར་རྡོ་རྗེ། སྙིང་བོ་ཚེ་རིང་། ཚེ་སྒྲུབ། ཚེ་དབང་། ཟླ་གྲགས་པ། དབང་ཆེན་ཚེ་རིང་། སྐལ་བཟང་ཡེ་ཤེས་སོགས་ཀྱིས་དཔྱད་གླེང་ཚོགས་འདུ་སྟེང་དུ་གཏམ་བཤད་པ་དང་གེ་སར་རིག་པའི་ཆེད་མཁས་པ་ལྡོང་ནོར་སྡེས་དཔྱད་གླེང་ཚོགས་འདུར་སྤྱི་བསྡོམས་བྱས་ལ། ཁོང་རྣམ་པས་གསར་དུ་བཟོས་པའི་ཁྲབ་རྨོག་ལ་གདེང་འཇོག་ཚད་མཐོན་པོ་གནང་ཞིང་། ཁྲབ་རྨོག་འདི་དག་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་མཐུན་ཞིང་ཚབ་མཚོན་རང་བཞིན་ལྡན་པ། བོད་ཁུལ་ཡོངས་ཀྱི་གེ་སར་ཟློས་གར་ཚོགས་པ་སོ་སོའི་ཁྲབ་རྨོག་གཅིག་གྱུར་དང་བེད་སྤྱོད་བྱེད་པ་སོགས་ཐད་ལ་དངོས་ཡོད་ཀྱི་དོན་སྙིང་ཆེན་པོ་ལྡན་པའི་སྐོར་ནས་གསུང་བཤད་མང་པོ་གནང་བ་མ་ཟད་གེ་སར་ཁྲབ་རྨོག་རིག་གནས་ཀྱི་རྒྱུད་འཛིན་དང་། དར་སྤེལ། དྲིལ་སྒྲོག་ཐད་ལ་བསམ་ཚུལ་བཏོན་པ་རེད།

微信图片_20181211111005.jpg

微信图片_20181211111043.jpg

微信图片_20181211113638.jpg

微信图片_20181211113644.jpg

རྩོམ་སྒྲིག་པ། ཆབ་འགག་ཇོ་རུ།

ཉེ་བའི་གསར་བསྒྱུར།