ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > སྤྱི་དོན་གསར་འགྱུར།

ཞི་ཅིན་ཕེན་གྱིས་སྲིད་གྲོས་གྲོས་ཚོགས་ལ་ཞུགས་པའི་རིག་རྩལ་ལས་རིགས་དང་སྤྱི་ཚོགས་ཚན་རིག་ལས་རིགས་ཀྱི་ཨུ་ཡོན་ལ་མཇལ་འཕྲད་གནང་།

སྤེལ་དུས། 2019-03-05 15:19:31  རྩོམ་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  རྩོམ་པ་པོ།   ཀློག་གྲངས།

ཟླ3པའི་ཚེས4ཉིན་གྱི་ཕྱི་དྲོར། ཀྲུང་གོ་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་རིག་གནས་སྒྱུ་རྩལ་ལས་རིགས་དང་སྤྱི་ཚོགས་ཚན་རིག་ལས་རིགས་ཀྱི་ཨུ་ཡོན་ལ་མཇལ་འཕྲད་གནང་བར་མ་ཟད། ཚན་ཆུང་མཉམ་འབྲེལ་གྲོས་ཚོགས་ལ་ཞུགས་ནས་བསམ་འཆར་དང་གྲོས་གཞི་ལ་ཉན། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཟླ3པའི་ཚེས4ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་རིག་གནས་སྒྱུ་རྩལ་ལས་རིགས་དང་སྤྱི་ཚོགས་ཚན་རིག་ལས་རིགས་ཀྱི་ཨུ་ཡོན་ལ་མཇལ་འཕྲད་གནང་བར་མ་ཟད། ཚན་ཆུང་མཉམ་འབྲེལ་གྲོས་ཚོགས་ལ་ཞུགས་ནས་བསམ་འཆར་དང་གྲོས་གཞི་ལ་ཉན། ཁོང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་བས་ཕུལ་དུ་བྱུང་བའི་རྩོམ་པ་པོ་དང་སྒྱུ་རྩལ་པ། གཞུང་ལུགས་པར་འབོད་སྐུལ་གཏོང་བཞིན་ཡོད་ལ། རིག་རྩལ་གསར་རྩོམ་དང་རིག་གཞུང་གསར་གཏོད་ཐད་ནས་བར་སྟོང་ཆེན་པོ་ཡོད་པས། རིག་གནས་རང་རྟོན་ཇེ་བརྟན་དུ་གཏོང་བ་དང་། དུས་རབས་ཀྱི་གནས་ཚུལ་ཁོང་དུ་ཆུད་པར་བྱེད་པ། དུས་རབས་ཀྱི་འགྲོས་དང་བསྟུན་པ། མི་དམངས་གཙོར་འཛིན་པ། སྤུས་ལེགས་བརྩམས་ཆོས་མི་དམངས་ལ་འབུལ་བ། ཀུན་སྤྱོད་བཟང་བོས་དར་སྲོལ་ལ་སྣེ་ཁྲིད་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་འཚམས་འདྲི་དང་གྲོས་སྡུར་ལ་ཞུགས།

ཚན་ཆུང་མཉམ་འབྲེལ་གྲོས་ཚོགས་སྟེང་། ཐེན་ཆིན་ཞིན་དང་ལིག་ཁྲུན་ཏུང་། ཁྲིན་ལིས། ཝང་ཞུའེ་ཏེན། ཝང་ཁྲུན་ཧྥ། ལིས་ཏཱ་ཅིན། ཧྥུན་ཡོན་ཀྲིན། ལིས་ཆན་ཀོང་བཅས་ཨུ་ཡོན་བརྒྱད་ཀྱིས། རིག་རྩལ་གྱི་མཐོར་རྩེར་འཛེགས་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་པ། མི་དམངས་ཀྱི་ཆེད་དུ་གསར་རྩོམ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ཉེན་ཁ་བཀག་འགོག་དང་ཐག་གཅོད་པ། རྟེན་མཛོད་གླིང་གི་ནུས་པ་འདོན་སྤེལ་བྱེད་པ། གཞི་རིམ་སྲིད་གཞུང་གི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་སྣོན་པ། སྒྱུ་རྩལ་གྱི་རྒྱུན་འཛིན་ལ་དོ་སྣང་བྱེད་པ། རིག་རྩལ་ལས་དོན་གྱི་དྲང་བདེན་འཛིན་སྐྱོང་དང་གསར་གཏོད་ལ་སྐུལ་འདེད་གཏོང་བ་སོགས་ལ་དམིགས་ནས་གཏམ་བཤད།

1124192099_15517104348261n.jpg

ཞི་ཅིན་ཕེན་གྱིས་ཚང་མས་གཏམ་བཤད་ཉན་རྗེས་གསུང་བཤད་གནང་། ཁོང་གིས་བསྟན་དོན། རྒྱལ་ཡོངས་སྲིད་གྲོས་ཀྱི་རིག་རྩལ་ལས་རིགས་དང་སྤྱི་ཚོགས་ཚན་རིག་ལས་རིགས་ཀྱི་ཨུ་ཡོན་ལ་འཚམས་འདྲི་བྱེད་པ་དང་། གྲོས་གཞི་དང་བསམ་འཆར་ལ་ཉན་ཐུབ་པར་ང་རང་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ཟེར། ཁོང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་བྱས་ནས། དེར་བཞུགས་ཀྱི་ཨུ་ཡོན་ཚོ་དང་རྒྱ་ཆེའི་རིག་གནས་རིག་རྩལ་བྱ་བ་སྒྲུབ་མཁན། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་རིག་པའི་བྱ་བ་སྒྲུབ་མཁན། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ལ་འཚམས་འདྲི་གནང་།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། 2018ལོ་ནི་སྤྱིར་བཏང་མིན་པའི་ལོ་གཅིག་ཡིན་ལ། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་བགྲོད་ལམ་སྟེང་། ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས། གཏན་འཇགས་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་རྨང་གཞི་རྒྱུན་འཁྱོངས་བྱས་པས། རང་རྒྱལ་གྱི་དཔལ་འབྱོར་འཕར་སྣོན་ཐད་ནས་འོས་འཚམ་གྱི་གནས་བབ་རྒྱུན་འཁྱོངས་བྱས་པ་དང་། སྤྱི་ཚོགས་སྤྱི་ཡོངས་ནས་གཏན་འཇགས་རྒྱུན་འཁྱོངས་བྱས་ལ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་རྒྱུན་མཐུད་ངང་ཇེ་དྲག་ཏུ་སོང་བ་མ་ཟད། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་བཟང་བོ་བྱས། གྲུབ་འབྲས་དེ་དག་ལེན་སླ་མོ་ཞིག་མིན་ལ། དེ་ནི་ཀྲུང་གུང་ཀྲུང་དབྱང་གིས་འགོ་ཁྲིད་བརྟན་པོ་བྱས་པའི་གྲུབ་འབྲས་དང་། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་བརྩོན་བྱས་པའི་གྲུབ་འབྲས་ཡིན་ལ། འདིར་བཞུགས་ཀྱི་བློ་མཐུན་ཡོངས་ནང་དུ་འདུ་བའི་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱི་རྔུལ་ཁྲག་དང་བློ་གྲོས་གཅིག་ཏུ་བསྡུས་ཡོད་ཟེར།

1124192099_15517101419801n.jpg

ཞི་ཅིན་ཕེན་གྱིས་བསྟན་དོན། རྒྱལ་ཁབ་གཅིག་དང་མི་རིགས་གཅིག་ལ་བླ་སྲོག་དགོས་པ་དང་། རིག་གནས་རིག་རྩལ་བྱ་བ་དང་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་བྱ་བ་དེ་བླ་སྲོག་བསྐྲུན་པའི་བྱ་བར་གཏོགས་པས། ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་བྱ་བའི་ཁྲོད་གོ་གནས་གལ་ཆེན་ཟིན་ལ། དུས་རབས་གསར་བའི་ནང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་ཐུབ། ཏང་ཀྲུང་དབྱང་གིས་དུས་ཡུན་རིང་བོར་རིག་གནས་རིག་རྩལ་ལས་དོན་དང་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ལོ་འགའི་རིང་ལ། རིག་གནས་རིག་རྩལ་ལས་རིགས་དང་མཚན་ཉིད་དང་སྤྱི་ཚོགས་ཚན་རིག་ལས་རིགས་ཀྱིས་དར་ཆ་མཐོན་པོར་བསྒྲེང་བ་དང་དམངས་སེམས་གཅིག་ཏུ་བསྡུས་བ། མི་གསར་བ་སྐྱེད་སྲིང་བྱེད་པ། རིག་གནས་དར་སྤེལ་གཏོང་བ། སྣང་བརྙན་གསར་བ་ངོམས་པའི་འགན་འཁྲི་ལས་འགན་ལ་དམིགས་ནས། ཁ་ཕྱོགས་གསལ་བོ་གཏན་ཁེལ་བྱས་པ་དང་ཁྲིད་ཕྱོགས་ཡང་དག་བྱས་པ། སྤྱོད་ཚུལ་བསྒྱུར་བ། སྣང་བརྙན་གསར་བ་འཛུགས་པ། སྤུས་ལེགས་བརྩམས་ཆོས་གསར་རྩོམ་བྱེད་པ། ཤེས་ལྡན་མི་སྣ་སྐྱེད་སྲིང་བྱས་པ་མ་ཟད། རྩ་བའི་སྟེང་ནས་བཅོས་བསྒྱུར་བྱེད་པའི་ཐད་ནས་འགན་འཁྲི་ཕྲག་ཏུ་བླངས་པ་དང་། དྲང་བདེན་འཛིན་སྐྱོང་དང་གསར་གཏོད་བྱེད་པའི་སྟེང་གྲུབ་འབྲས་བླངས་ལ། མར་ཁེ་སི་རིང་ལུགས་ཀྱི་མཛུབ་སྟོན་གོ་གནས་སྔར་ལས་སྲ་བརྟན་ཏུ་གྱུར་བ་དང་། མི་དམངས་ཀྱི་ཆེད་དུ་གསར་རྩོམ་བྱེད་པའི་ཁ་ཕྱོགས་སྔར་ལས་ཇེ་གསལ་དུ་བཏང་ལ། རིག་གནས་རིག་རྩལ་གསར་རྩོམ་གྱི་ཐོན་སྐྱེད་སྤུས་ཚད་རྒྱུན་མ་ཆད་པར་ཇེ་མཐོར་སོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་འཛུགས་སྐྲུན་མགྱོགས་མྱུར་སྒོས་སྤེལ་བས། གྲུབ་འབྲས་མངོན་གསལ་བླངས་པ་དང་། རིག་གནས་རིག་རྩལ་ལས་རིགས་དང་སྤྱི་ཚོགས་ཚན་རིག་ལས་རིགས་ཀྱི་སྲིད་གྲོས་ཨུ་ཡོན་གྱིས་བྱ་བ་མང་པོ་བསྒྲུབས་ཟེར།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། དུས་རབས་ཀྱི་འགྲོས་དང་བསྟུན་དགོས་ཤིང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་པ་དང་། ཚང་མས་དུས་རབས་གསར་བ་ཟིན་ཐོར་འགོད་པ་དང་དུས་རབས་གསར་བའི་འགན་འཁྲིའི་བསྟོད་གླུ་ལེན་པ། དུས་རབས་ཀྱི་གནད་དོན་གལ་ཆེན་ལ་ལན་འདེབས་ཕོད་པར་བྱེད་པ། དེང་རབས་ཀྲུང་གོའི་རླབས་ཆེན་གསར་སྐྲུན་ཁྲོད་ནས་གསར་རྩོམ་གྱི་བརྗོད་གཞི་འཚོལ་བ། ང་ཚོའི་དུས་རབས་འདིའི་ལོ་རྒྱུས་ཀྱི་འགྱུར་ལྡོག་མཚོན་པར་བྱེད་པ། ང་ཚོའི་དུས་རབས་འདིའི་སྙིང་སྟོབས་མཚོན་པར་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཆབ་འགག་ཇོ་རུ།

ཉེ་བའི་གསར་བསྒྱུར།