ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > སྤྱི་དོན་གསར་འགྱུར།

ཀྲུང་གོའི་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་ཉི་ཤུ་བ་འགོ་བརྩམས་པ།

སྤེལ་དུས། 2019-06-20 16:22:47  རྩོམ་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  རྩོམ་པ་པོ། ཚེ་རིང་དོན་གྲུབ།  ཀློག་གྲངས།

3.jpg

ཟླ་6པའི་ཚེས་20ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་དང་ཕྱེད་ཀའི་སྟེང་“སྒོ་འབྱེད་མཉམ་ལས་དང་། ལྗང་མདོག་འཕེལ་རྒྱས”བརྗོད་གཞིར་བཟུང་བའི་ཀྲུང་གོའི་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་ཉི་ཤུ་བའི་འགོ་ཚུགས་མཛད་སྒོ་ཟི་ལིང་གྲོང་ཁྱེར་ཧའེ་ཧུའུ་ཁུལ་གསར་ནས་གཟབ་རྒྱས་ངང་འཚོགས།  ཐེངས་འདིའི་ཚོགས་འདུར་མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་འཐུས་རྒྱུན་ཨུའི་ཀྲུའུ་རེན་ཝང་ཅན་ཅོན་དང་། རྒྱལ་ཁབ་ཚོང་རའི་དོ་དམ་ཅུའུ་ཡི་ཅུའུ་ཀྲང་ཞའོ་ཡ་ཆིན་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ལིག་ཉིང་། དེ་མིན་རྒྱལ་ཁབ་མང་བོའི་གཞུང་ཚབ་ཁང་གི་བློན་ཆེན་དང་། རྒྱལ་ནང་གི་ཞིང་ཆེན་སོ་སོའི་འཐུས་ཚབ། རྒྱལ་ཁབ་ཕྱི་ནང་གི་ཚོང་བ་ཆེན་མོ་སོགས་མི་སྟོང་གཉིས་ལ་ཉེ་བ་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་དང་། ཚོགས་འདུའི་སྟེང་མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུ་ཧྲུའུ་ཅིའམ་ཞིང་ཆེན་དམངས་འཐུས་རྒྱུན་ཨུའི་ཀྲུའུ་རེན་ཝང་ཅན་ཅོན་དང་། རྒྱལ་ཁབ་ཚོང་རའི་དོ་དམ་ཅུའུ་ཡི་ཅུའུ་ཀྲང་ཞའོ་ཡ་ཆིན་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ལིག་ཉིང་བཅས་ཀྱིས་གཏམ་བཤད་གནང་། 

2.jpg

ད་ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་དང་མཚོ་སྔོན་བཅིངས་བགྲོལ་ཐོབ་ནས་ལོ་70སོང་བའི་ལོ་ཡིན་པས། དེས་ཐེངས་འདིའི་ཀྲུང་གོའི་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་ལ་དོན་སྙིང་མི་དམན་པ་བསྩལ་ཡོད། ལྷག་པར་དུ་འདི་ནི་ཞི་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བཟུང་ནས་ཞི་ཅིན་ཕེན་གྱིས་མཚོ་སྔོན་ལ་བཏོན་པའི་བླང་བྱ་དང་བསམ་བློ་ལག་བསྟར་དོན་འཁྱོལ་གནང་བའི་རྟེན་འབྲེལ་གྱི་མཛད་སྒོ་གཙོ་བོ་ཞིག་ཡིན་པ་མ་ཟད། གཏིང་ཟབ་ངང “ལྔ་བཞིའི་འཐབ་ཇུས་”ལག་བསྟར་དང་། ཧུར་ཐག་གིས“དམིགས་བསལ་གཅིག་དང་མཐོ་བ་གཉིས”ལ་སྐུལ་འདེད་གཏོང་བའི་བྱེ་བྲག་གི་བྱ་འགུལ་ཞིག་ཀྱང་ཡིན། དེ་དང་མཉམ་དུ་ཐེངས་འདིའི་ཚོགས་འདུར་རྒྱལ་ཁབ་ཀྱི་ཐོན་ལས་སྲིད་ཇུས་དང་འཚམ་ལ་མཚོ་སྔོན་གྱི་དམིགས་བསལ་ལེགས་ཆ་ལྡན་ཤིང་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཡོད་པའི་ཚོང་འགུག་དངུལ་འདྲེན་གྱི་ལས་གཞི228འོས་སྦྱོར་བྱས་ཡོད་པ་དང་། ལས་གཞི་དེ་དག་ནུས་ཁུངས་གསར་བ་དང་རྒྱུ་ཆ་གསར་བ། མདོག་ལྡན་ལྕགས་རིགས་ལས་སྣོན། དམག་ཆས་གསར་བཟོ། རྫས་འགྱུར་བཟོ་ལས། རིག་གནས་གནས་སྐོར། རྨང་གཞི་སྒྲིག་ཆས། གཞི་གྲངས་ཆེན་མོ་སོགས་ཁྱབ་ཁོངས13ལ་ཁྱབ་ཡོད། 

4.jpg

ཐེངས་འདིའི་ཀྲུང་གོའི་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ངོ་འཕྲད་གྲོས་མོལ་ཚོགས་འདུའི་འགྲེམ་ཁུལ་གཙོ་བོ་ནི་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་སྟོན་ཁང་དུ་བཙུགས་ཡོད་པ་དང་། མཚོ་ནུབ་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་དུའང་ཡན་ལག་འགྲེམ་ཁུལ་བཙུགས་ཡོད་པ་རེད།  རེབ་འདིའི་འགྲེམ་ཁུལ་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི6.15ཡོད་པ་དང་དེ་ནི་མཚོ་སྔོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་སྔོན་མ་དག་ལས་ཆེས་ཆེ་བ་ཡིན། འགྲེམ་སྟོན་སྐབས་སུ་མཚོ་སྔོན་གྱིས་སྐྱེ་ཁམས་འཛུགས་སྐྲུན་དང་དཔལ་འབྱོར་འཕེལ་རྒྱས། དངུལ་གཏོང་མཉམ་ལས། ཁྱད་ཐོན་ཉོ་ཚོང་སོགས་ཀྱི་ནང་དོན་ལ་གཞིགས་ཏེ། འགོ་རྩོམ་དང་མཇུག་སྒྲིལ་མཛད་སྒོ་སྐོར་གྱི་བྱ་འགུལ་སྣ་ཚོགས་དང་ཆེད་དམིགས་དངུལ་གཏོང་སྐུལ་སྤེལ་བྱ་འགུལ། འགྲེམ་སྟོན་སོགས་རིགས7གྱི་བྱ་འགུལ50ལྷག་བཀོད་སྒྲིག་བྱས་ཡོད། 

1.jpg

མཚོ་སྔོན་ཞིང་ཆེན་གྱི་གཞི་ཁྱོན་ཆེས་ཆེ་བ་དང་རིམ་པ་ཆེས་མཐོ་བའི་ཕྱོགས་བསྡུས་རང་བཞིན་གྱི་འགྲེམ་སྟོན་དང་དཔལ་འབྱོར་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་ཤིག་ཡིན་པའི་ཆ་ནས། ཐེངས་འདིའི་མཚོ་སྔོན་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུས་ཆེས་ཐོག་མར་གྲངས་འཛིན་དཔལ་འབྱོར་འགྲེམ་ཁང་བཙུགས་ཏེ། གཙོ་བོ་གཞི་གྲངས་ཐོན་ལས་གསོ་སྐྱོང་དང་གཞི་གྲངས་ཞབས་ཞུ་གསར་བཏོད། གཞི་གྲངས་བཟོ་ལས་ཚོད་ལྟའི་དཔེ་སྟོན། གཞི་གྲངས་སྲིད་དོན་ཁྱབ་གདལ་བེད་སྤྱོད་སོགས་ལས་གཞིའི་གྲུབ་འབྲས་སྐོར་ཞིག་འགྲེམ་སྟོན་བྱས་ཏེ། གཞི་གྲངས་དཔལ་འབྱོར་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱེད་ནུས་གསར་བ་ཞིག་དང་། རྒྱུ་སྤུས་ལེགས་པའི་འཚོ་བའི་འདེགས་སྐྱོར་གསར་བ། ཆུ་ཚད་མཐོ་བའི་བཅོས་སྐྱོང་གི་རིག་ནུས་གསར་བ་ཞིག་ཏུ་བསྒྱུར་བར་འབད་བརྩོན་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཆབ་འགག་ཇོ་རུ།

ཉེ་བའི་གསར་བསྒྱུར།