ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > སྤྱི་དོན་གསར་འགྱུར།

མཚོ་ནུབ་ཐེམ་ཆེན་གྱི་ས་ཁོངས་སུ་གསའ་རྒྱུ་བ་མཐོང་།

སྤེལ་དུས། 2020-03-15 21:04:15  རྩོམ་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།  རྩོམ་པ་པོ།   ཀློག་གྲངས།

  མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ3ཚེས9ཉིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་སྤྱི་བདེ་ཅུའུ་གཡག་ཁེངས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པར་འབྲོག་པ་ཞིག་གིས་ངེད་གཡག་ཁེངས་ཡུལ་ཚོའི་ཕྱུགས་རར་རི་སྐྱེས་སྲོག་ཆགས་ཤིག་ཡོང་ནས་འབྲོག་ཕྱུགས་འཚོ་སྐྱོང་ལ་བར་ཆད་བཟོས་བྱུང་ཞེས་ཁ་པར་འབྱོར་མ་ཐག ཉེན་རྟོག་པ་དེ་མུར་ཡུལ་དངོས་སུ་བཅར་ནས་བལྟས་པ་ན་དེ་ནི་ཏག་ཏག་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་གསའ་ཡིན་པ་རེད།

  འབྲོག་ཁྱིའི་འདྲོག་བསླངས་པས་གསའ་དེ་གློ་བུར་སྨི50ཙམ་མཆོང་ལྡིང་བྱས་རྗེས་ཡང་བསྐྱར་བསྡད་བྱུང་། གཡག་ཁེངས་མངག་གཏོང་ཁང་གི་ཉེན་རྟོག་པས་ཕར་ལ་འཇིགས་སྐུལ་དང་ཚུར་ལ་གནོད་པ་མི་འབྱུང་ཆེད་ཉེན་ཟོན་ཐུག་འཐེན་ནས་ཆུ་ཚོད5ལྷག་གི་རིང་ལ་སྒུག་སྲུང་རྗེས་གསའ་དེ་རི་གསེབ་ཏུ་ལོག་སོང་བ་རེད།

  རི་སྐྱེས་སྲོག་ཆགས་ཀྱི་སྣོད་བཅུད་ཁོར་ཡུག་ཇེ་ལེགས་སུ་སོང་བ་བསྟུན། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་མཚོ་སྔོན་ས་ཁོངས་སུ་ནམ་རྒྱུན་གསའ་འགྲོ་འོང་བྱེད་ཀྱི་ཡོད། དེ་སྔ་རྒྱ་མདོ་དང་གཏེར་ལེན་ཁ། རྐང་ཚ་སོགས་ནས་གསའ་རྒྱུ་བའི་གནས་ཚུལ་བཀོད་མྱོང་། 2017ལོའི་ཟླ5པར་ས་ཁོངས་དེར་གསའ་འགྲོ་འོང་ལྟ་ཞིབ་ཚད་ལེན་གྱི་བརྙན་མིག་བཙུགས་ནས་བཟུང་། གསའ་ལས་གཞན་རི་སྐྱེས་སྲོག་ཆགས་མང་པོ་བརྙན་དུ་བླངས་ཡོད་པར་མ་ཟད། བརྙན་ངོས་གཅིག་ཏུ་འཛམ་གླིང་ན་མཐོང་དཀོན་ཞིང་རྒྱལ་ནང་ནས་ཐོག་དང་པོར་མཐོང་བའི་གསའ5མཉམ་དུ་བྱུང་ཡོད་པ་རེད།

  རྩོམ་སྒྲིག་པ། ཆབ་འགག་ཇོ་རུ།

ཉེ་བའི་གསར་བསྒྱུར།