ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > སྤྱི་དོན་གསར་འགྱུར།

མཚོ་སྔོན་ཞིང་ཆེན་གྱི་དུས་ཚིགས་དང་པོའི་དབྱར་རྩྭ་དགུན་འབུ་ཕྱིར་གཏོང་ཚད་དུས་མཉམ་ལས་ལྡབ13.6འཕར་བ།

སྤེལ་དུས། 2021-04-21 10:33:11  རྩོམ་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།  ཀློག་གྲངས།

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཚེས19ཉིན་ཟི་ལིང་སྒོ་ཁྲལ་ནས་ཤེས་གསལ་ལྟར་ན། ད་ལོའི་དུས་ཚིགས་དང་པོར། མཚོ་སྔོན་ཞིང་ཆེན་གྱི་དབྱར་རྩྭ་དགུན་འབུ་ཕྱིར་གཏོང་ཉོ་འཚོང་ཡོང་འབབ་སྒོར་ཁྲི1406.9ཡིན་པ་དང་། དེ་དུས་མཉམ་ལས་ལྡབ13.6འཕར་ཡོད།

  དབྱར་རྩྭ་དགུན་འབུ་ལ“གསེར་སྙི་མོ”ཞེས་པའི་མཚན་སྙན་ཡོད་ལ། ཐོན་ཁུངས་གཙོ་བོ་ནི་མཚོ་བོད་མཐོ་སྒང་མཐོ་གྲང་ས་ཁུལ་ཡིན། དེའི་ཁྲོད་དུ་མཚོ་སྔོན་ཞིང་ཆེན་དབྱར་རྩྭ་དགུན་འབུའི་ཐོན་ཚད་ཀྱིས་ཀྲུང་གོའི་སྤྱིའི་ཐོན་ཚད་ཀྱི60%ཡས་མས་ཟིན་པ་དང་། རྫ་སྟོད་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་དབྱར་རྩྭ་དགུན་འབུའི་ཐོན་ཁུལ་གཙོ་བོ་ཡིན་པས། རྫོང་དེར“ཀྲུང་གོའི་དབྱར་རྩྭ་དགུན་འབུའི་ཐོན་ཡུལ་”ཞེས་པའི་མཚན་སྙན་ཡོད་ལ། དེའི་དབྱར་རྩྭ་དགུན་འབུ་ཆེ་བ་དང་སྤུས་ཀ་བཟང་བ། རིང་བ་སོགས་ཀྱི་ཁྱད་ཆོས་ལྡན།

  རྩོམ་སྒྲིག་པ། ཆབ་འགག་ཇོ་རུ།

ཉེ་བའི་གསར་བསྒྱུར།