ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > སྤྱི་དོན་གསར་འགྱུར།

ཤེས་བྱའི་བདག་དབང་དྲིལ་བསྒྲགས་གཟའ་འཁོར་སྤེལ་མགོ་བརྩམས་པ།

སྤེལ་དུས། 2021-04-21 10:35:25  རྩོམ་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཀློག་གྲངས།

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས26ཉིན་ནི་སྐབས21པའི་འཛམ་གླིང་གི་ཤེས་བྱའི་བདག་དབང་ཡིན་མོ་ཡིན་པ་དང་། དེ་རིང་ནས་བཟུང་། མཚོ་སྔོན་གྱིས“ཁྱོན་ཡོངས་ནས་ཤེས་བྱའི་བདག་དབང་སྲུང་སྐྱོང་བྱས་ཏེ། འཕེལ་རྒྱས་གསར་བ་གསར་སྐྲུན་བྱེད་པར་སྐུལ་འདེད་བྱེད་པ”ཞེས་པ་བརྗོད་དོན་ཡིན་པའི་ཤེས་བྱའི་བདག་དབང་དྲིལ་བསྒྲགས་བྱ་འགུལ་སྤེལ་རྒྱུ་ཡིན་པ་དང་། སྤྱི་ཚོགས་ཡོངས་ཀྱི་ཤེས་བྱའི་བདག་དབང་གི་འདུ་ཤེས་མཐོར་འདེགས་སུ་བཏང་སྟེ། ཤེས་བྱའི་བདག་དབང་གི་གླེང་ཕྱོགས་ཁོར་ཡུག་ལེགས་པོ་བསྐྲུན་རྒྱུ་རེད།

  བྱ་འགུལ་སྐབས་སུ། ཞིང་ཆེན་ཡོངས་ཀྱི་ཤེས་བྱའི་བདག་དབང་འཐབ་ཇུས་ལག་བསྟར་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཁོངས་མིའི་ལས་ཁུངས་ཀྱིས་ལག་ལེན་དངོས་དང་ཟུང་འབྲེལ་བྱས་ཏེ། རྣམ་པ་མི་གཅིག་པའི་སྒ་ོནས་དྲ་རྒྱ་དང་ལག་ལེན་དངོས་ནས་བྱ་འགུལ་སྤེལ་རྒྱུ་རེད། 2021ལོའི་མཚོ་སྔོན་ཞིང་ཆེན་ཤེས་བྱའི་བདག་དབང་དྲིལ་བསྒྲགས་གཟའ་འཁོར་གྱི་མགོ་རྩོམ་མཛད་སྒོ་དང་སྐབས་གཉིས་པའི་ཆེད་ཁེར་བྱ་དགའ་གནང་བའི་དགོང་ཚོགས་བསྡུ་བ་དང་། རྒྱལ་ཡོངས་ཀྱི་ཤེས་བྱའི་བདག་དབང་ཕྱོགས་ཀྱི་ཆེད་ལས་མཁས་པ་གྲགས་ཅན་གདན་ཞུ་བྱས་ཏེ་ཆེད་དོན་སྙན་ཞུ་འབུལ་བ། 2021ལོའི་ཞིང་ཆེན་ཡོངས་ཀྱི་ཤེས་བྱའི་བདག་དབང་དྲིལ་བསྒྲགས་གཟའ་འཁོར་གྱི་པར་དབང་དྲིལ་བསྒྲགས་བྱ་འགུལ་སྤེལ་བ། པར་དབང་ཕྱོགས་ཀྱི་ཁྲིམས་འཛིན་ལྟ་སྐུལ་དོ་དམ་གསོ་སྦྱོང་དང་ཁྲིམས་འཛིན་ཞིབ་བཤེར་སྤེལ་བ། ཤེས་བྱའི་བདག་དབང་གི་དཔེ་མཚོན་གྱོད་དོན་དྲིལ་བསྒྲགས་བྱེད་པ་དང་སྤྱི་ཚོགས་ཡོངས་ལ་རང་ཞིང་གི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐབས་ཀྱི་ཤེས་བྱའི་བདག་དབང་གི་སྲིད་ཁྲིམས་སྲུང་སྐྱོང་གནས་བབ་དང“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”སྐབས་ཀྱི་ཤེས་བྱའི་བདག་དབང་གི་སྲིད་ཁྲིམས་སྲུང་སྐྱོང་བྱ་བའི་འཆར་འགོད་ཁྱབ་བསྒྲགས་བྱེད་པ། ཤེས་བྱའི་བདག་དབང་གི་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ཁྲིམས་ལུགས་ཁྲིམས་སྲོལ་དྲིལ་བསྒྲགས་བྱ་འགུལ་སྤེལ་བ་དང་། གྱོད་དཔེར་བརྟེན་ནས་བཅའ་ཁྲིམས་འགྲེལ་བཤད་བྱེད་པ་དང་སྤྱི་བདེ་ལས་ཁུངས་ཀྱིས་ཤེས་བྱའི་བདག་དབང་བཙན་བཟུང་བྱེད་པར་རྡུང་རྡེག་བྱེད་པ་སོགས་ཀྱི་བྱ་འགུལ་སྤེལ་བ་མ་ཟད། ཤེས་བྱའི་བདག་དབང་ཞབས་ཞུའི་སྡེ་ཁག་རྩ་འཛུགས་བྱས་ཏེ་མཚོ་སྔོན་སློབ་ཆེན་དང་མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་སི། རྨ་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ལེན་ཀུང་སི། ཞིང་ཆེན་སྲིད་དོན་ཞབས་ཞུའི་ཚོམས་ཆེན། ནས་ཆང་ལས་རིགས་མཐུན་ཚོགས་སོགས་སུ་སོང་ནས་ཆེད་དོན་སྙན་ཞུ་འབུལ་བ་དང་བཞུགས་མོལ་ཚོགས་འདུ་བསྡུ་པ། གསོ་སྦྱོང་འཛིན་གྲྭ་བསྡུ་པ་སོགས་བྱ་འགུལ་རབ་དང་རིམ་པ་སྤེལ་རྒྱུ་རེད། །

  རྩོམ་སྒྲིག་པ། ཆབ་འགག་ཇོ་རུ།

ཉེ་བའི་གསར་བསྒྱུར།