ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > པར་མཛོད། > ཚོགས་པའི་པར་མཛོད།

རྒྱལ་ཡོངས་བོད་བཙན་པོའི་དུས་ཀྱི་རིག་གནས་རིག་གཞུང་གླེང་སྟེགས་སྐབས་དང་པོའི་གནས་ཚུལ།

སྤེལ་དུས། 2012-11-12 15:57:16  རྩོམ་ཁུངས། མཚོ་སྔོན་བོད་རིགས་དྲ་བ།  རྩོམ་པ་པོ། རིན་ཆེན་སྐྱིད་ཀྱིས་བསྒྲིགས།  ཀློག་གྲངས།

དོན་ཚན་དང་པོ། ཡུལ་དངོས་ལྟ་སྐོར་གྱི་སྐོར།



"ཆུ་ཁོལ་བང་སོའི་ཚོགས"་ནི་མཚོ་ནུབ་གཏེར་ལམ་རྫོང་ཆུ་ཁོལ་ཤང་ཤེའུ་རྩྭ་ཐང་དུ་ཡོད་ལ། འདི་ནི་རྒྱལ་ཡོངས་ཀྱི་གཙོ་གནད་
རིག་དངོས་སྲུང་སྐྱོབ་ཀྱི་གྲས་སུ་གཏོགས་པ་དང་། ཀྲུང་གོའི་རིག་དངོས་ཅུའི་རིག་གཞུང་ཨུ་ཡོན་ལྷན་ཁང་གིས་"གཏེར་ལམ་ཐུ་བྟོད་བང་སོའི་ཚོགས"ཞེས་པའི་
མིང་བཏགས་པ་དང་"1996ལོའི་རྒྱལ་ཡོངས་གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད་ཆེན་པོ་བཅུ"་ཡི་གྲས་སུ་བདམས་ཡོད།


དབུས་ལམ་༼ 乌兰༽རྫོང་ཚྭ་ཁའི་བང་སོའི་ཚོགས་ཀྱི་ཆགས་ཡུལ་ལ་རྒྱང་ལྟ་བྱེད་པ།


ཆུ་ཁོལ་བྱང་འགྲམ་གྱི་ཤེའུ་བང་སོ་ཆེན་མོ།


ཤེའུ་བང་སོའི་ཆེན་མོའི་སྟེང་ཀླད།


མཚོ་སྔོན་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཁང་གི་གནའ་རྫས་ཆེད་མཁས་པ་སྐུ་ཞབས་ཞུའུ་ཞིན་ཀོ་ལགས་ཀྱིས་གཏེར་ལམ༼ དུར་ལམ ༽་
བང་སོའི་སྐོར་ངོ་སྤྲོད་བྱེད་པ། པེ་ཅིན། ཅི་ལིན། སུའུ་ཁྲོན། བོད་ལྗོངས་དང་ཀན་སུའུ་ཞིང་ཆེན་དང་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་
གནའ་རྫས་དང་བོད་རིག་པའི་ཆེད་མཁས་བཞི་བཅུ་ལྷག་དངོས་སུ་ཡུལ་དངོས་ཞིབ་འཇུག་དང་ལྟ་སྐོར་དུ་ཕྱིན་པ།


ལན་གྲུ་སློབ་ཆེན་ལོ་རྒྱུས་རིག་གནས་སློབ་གླིང་གི་དགེ་རྒན་ཆེན་མོ་ཙོང་ཁ་ལགས་དང་ཁོང་གི་ཞིབ་འཇུག་སློབ་མ་བརྒྱད་ལྷག་ཆེད་མཁས་
དང་ལྷན་དུ་ཡུལ་དངོས་སློབ་སྦྱོང་དུ་ཕྱིན་པ།

ཉེ་བའི་གསར་བསྒྱུར།