ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > པར་མཛོད། > བོད་ཁམས་པར་མཛོད།

བོད་ཡུལ་གྱི་མཛེས་ལྗོངས། ཁྲི་ཀའི་མཆོད་རྟེན་དཀར་བོ།

སྤེལ་དུས། 2013-09-29 12:14:08  རྩོམ་ཁུངས། མཚོ་སྔོན་བོད་རིགས་དྲ་བ།  རྩོམ་པ་པོ། ནགས་ཚང་ནུས་བློས་བསྒྲིགས།  ཀློག་གྲངས།

标题-2.jpg
ཁྲི་ཀའི་མཆོད་རྟེན་དཀར་པོ།

        མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་ཐོག་ཏུ་བཞེངས་པའི་མི་ཉག་མཆོད་རྟེན་མཐོང་གྲོལ་ཆེན་མོའམ་མཆོད་རྟེན་དཀར་བོ་ཞེས་གྲགས་པ་ནི་སྔོན་ཆོས་རྒྱལ་མྱ་ངན་མེད་ཀྱིས་ཞག་གཅིག་ལ་མཆོད་རྟེན་བྱེ་བ་གཅིག་བཞེངས་བའི་གྲས་ཀྱི་གཅིག་ཡིན་ཟེར་བའི་ངག་རྒྱུན་ཡོད་ལ། མངའ་བདག་ཁྲི་རལ་བ་ཅན་མདོ་སྨད་དུ་དམག་ལ་བྱོན་སྐབས། སྔར་གྱི་མཆོད་རྟེན་དེར་ཉིད་ཀྱིས་དབུ་སྐྲ་སྙིང་བོར་བཞུགས་སུ་གསོལ་ནས་བོད་ལུགས་ལྟར་མི་ཉག་མཆོད་རྟེན་གསར་བཞེངས་མཛད། དེའི་རྗེས་འཇམ་མགོན་ས་པཎ་ཡབ་སྲས་ཧོར་ཡུལ་དུ་ཕེབས་པའི་ལམ་བར་དུ་རྟེན་མཆོག་འདི་ཉིད་རྩད་ཆོད་དེ། ཁྲི་ཀའི་ཡུལ་དུ་ཞབས་པད་བསྒྱུར་ནས་རྒྱུ་འབྱོར་བའི་མཐུན་རྐྱེན་སྦྱར་ཞིང་རྟེན་འདི་སླར་ཡང་ཉམས་གསོ་གནངས། ཕྱིས་སུ་རྗེ་མི་ཉག་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་དང་། རྗེ་ཞ་དམར་པ། སྙེ་རིན་པོ་ཆེ་རྣམས་ཀྱིས་སྔ་གཞུག་ཏུ་ཐེངས་འགའ་ལ་ཉམས་གསོ་མཛད།


GD1.jpg
རྒྱལ་ཁམས་ཕན་བདེ་ཀུན་འབྱུང་འཁོར་ཆེན།

        མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་ཐོག་ཏུ་བཞུགས་པའི་རྒྱལ་ཁམས་ཕན་བདེ་ཀུན་འབྱུང་འཁོར་ཆེན་ཞེས་པའི་དུང་འཁོར་ཆེན་པོ་འདི་ནི། མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་ཡུལ་སྐོར་་གསལ་སྤེལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་བཞེངས་ཤིང་། ༢༠༡༢ལོའི་ཟླ་༤བའི་ཚེས་༢༨ཉིན་མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་དུ་རབས་གནས་ཀྱི་མཛད་སྒོ་རྒྱ་ཆེན་སྤེལ། འཁོར་ཆེན་གྱི་མཐོ་ཚད་ལ་སྨིའུ་༢༦ལྷག་དང་། ཚང་ཐིག་ལ་སྨིའུ་༡༠་ལྷག་ཡོད་ལ། འཛམ་གླིང་གི་ཆེས་ཆེ་བའི་མ་ཎི་འཁོར་ཆེན་ཡིན་ཏེ་ཅིའི་ཉིའི་སིའི་འཛམ་གླིང་ཟིན་ཐོའི་བདེན་དཔང་ཆོག་མཆན་ཐོབ་ཡོད་པ་རེད།
 

标题-3.jpg
མཆོད་རྟེན་སྐུ་འབུམ་མཐོང་གྲོལ་ཆེན་མོ།
 

        ཁྲི་་ཀ་རྫོང་གི་ས་ཆ་ཇོ་མོ་དགོན་ཞེས་པར་བཞུགས་པའི་གནའ་བོའི་མཆོད་རྟེན་ཆེན་མོ་འདི་ཉིད་ནི། ཀུན་མཁྱེན་དོལ་བུ་བ་ཤེས་རབ་རྒྱལ་མཚན་གྱིས་བཞེངས་པའི་མཆོད་རྟེན་སྐུ་འབུམ་མཐོང་གྲོལ་ཆེན་མོ་ཞེས་པ་དེ་ཡིན།

ཉེ་བའི་གསར་བསྒྱུར།