ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > ཚན་རྩལ། > ཉེར་མཁོའི་ཤེས་བྱ།

དཔེ་ཀློག་ཟིན་བྲིས། ༼གཅིག༽

སྤེལ་དུས། 2012-03-29 21:18:24  རྩོམ་ཁུངས། མཚོ་སྔོན་བོད་རིགས་དྲ་བ།  རྩོམ་པ་པོ། གཅན་རྣམ་ཐར།  ཀློག་གྲངས།

 

དཔེ་ཀློག་ཟིན་བྲིས། ༼གཅིག༽
                                                          གཞོན་ནུའི་རབ་བྱེད་ལ་བལྟས་པའི་ཟིན་བྲིས་ཐོར་བུ་ལས།
༡   བློ་འབྱེད་ནི་འདོད་མོས་དང་། དབང་གྲགས་དང་། དཔྱོད་ཤེས་བཅས་གསུམ་གའི་ལུགས་འབྱུང་འབྲེལ་བའི་འགྱུར་བ་ལ་བལྟོས་ཏེ་འབྱུང་བ་ཞིག་གོ།
༢ “བྱིས་པའི་ཚུལ་བབ”ཅེས་པ་ནི། རང་གི་སྐྱེས་ཐོབ་དཔྱོད་ཤེས་ཀྱིས་དཔྱད་འཇོག་གི་སྙིང་སྟོབས་ཤོར་ཏེ་དབང་དང་གྲགས་པར་སྐྱབས་འཆའ་བའི་བློ་མོས་དེ་ལ་ཟེར།
༣ “དར་མའི་ཚུལ་བབ”ཅེས་པ་ནི། དབང་དང་གྲགས་པའི་གཞན་དབང་ལས་ཐར་ཏེ་རང་གི་སྐྱེས་ཐོབ་དཔྱོད་ཤེས་ཀྱིས་དཔྱད་འཇོག་སྤོབས་པའི་བློ་མོས་དེ་ལ་ཟེར།
༤ གནའ་རབས་ཀེ་རི་སེའི་གདམས་ངག་ཅིག་ཏུ། “བསམ་གཞིགས་མ་སོང་བའི་འཚོ་བ་ནི། འཚོ་བ་ངོ་མ་ཞིག་ཏུ་མི་འགྲོའོ”ཟེར།
༥ ང་ཚོས“གོང་མཁས་འོག་བླུན”གྱི་ཁྱུ་མཆོག་རིང་ལུགས་ཚར་གཅོད་དགོས།
༦ མགོན་སྐྱབས་དཔུང་གཉེན་ཟེར་བ་ལར་ནས་མེད། ལྷ་དང་རྒྱལ་པོར་སྐྱབས་བཅོལ་འཁྲུལ་བ་ཉིད། ཐམས་ཅད་ཀུན་ཀྱང་རང་ཉིད་ལ་རག་ལས།
༧ བློ་འབྱེད་ཀྱིས་ཚར་གཅོད་རྩོམ་པའི་རྨོངས་པ་ནི། གཙོ་བོ་ཤེས་ཡོན་རྨོངས་མུན་རིང་ལུགས་རེད་ཟེར་བ་ལས་ཀྱང་། གཙོ་བོ་ཀུན་སྤྱོད་རྨོངས་མུན་རིང་ལུགས་རེད་ཟེར་ན་འགབ།
༨ “རང་དབང”ནི། སྐྱེས་བུར་ཕྱིའི་བཙན་ཤུགས་ཀྱི་གཉའ་གནོན་མི་ཐེབས་པའི་ཐོབ་ཐང་ཞིག་དང་། སྐྱེས་བའི་འཚོ་གཞེས་ལ་ཕྱིའི་བཙན་ཤུགས་ཀྱི་ཚོད་འཛིན་དང་སྡོམ་གཅུན་མི་ཐེབས་པའི་ཐོབ་ཐང་ཞིག་ལ་ཟེར།
༩ ང་ན་སོ་རྒས་ཀྱིན་རྒས་ཀྱིན། བཟོད་སྒོམ་ནི་རང་དབང་ལས་ཀྱང་གལ་ཆེ་བ་རེད་འདོད།
༡༠ རང་དབང་རིང་ལུགས་ཀྱི་དོན་དང་པོ་ནི་རང་དབང་ཡིན། དོན་གཉིས་པ་ནི་དམངས་གཙོ་ཡིན། དོན་གསུམ་པ་ནི་བཟོད་སྒོམ་ཡིན        ཕྱོགས་འགལ་ཚོགས་པར་བཟོད་སྒོམ་བྱ་རྒྱུ་དེ་ཡིན། དོན་བཞི་བ་ནི་ཐེག་པ་རིམ་འཛེག་གི་ཞི་བའི་བཅོས་བསྒྱུར་ཡིན་པ་རེད།
༡༡ བཟོད་སྒོམ་ནི་རང་དབང་གི་འབྱུང་རྩ་ཡིན་ཞིང་། བཟོད་སྒོམ་མེད་དུས་རང་དབང་ལ་ཡོང་ཁུངས་མེད་འགྲོ་བའི་ཕྱིར་ཡིན།
༡༢ དམངས་གཙོའི་ཆབ་སྲིད་ཅེས་པ་ནི། ཐོག་མར་མི་དམངས་ཀྱིས་སོ་སོའི་མངོན་འདོད་ལྟར་སོ་སོས་འོས་འདེམས་ལས་ཐོན་པའི་ངོ་ཚབ་འཐུས་མི་རྣམས་ལ་སྲིད་དབང་འཛིན་སྤྱོད་འཇུག་པར་གོ་དགོས་ཏེ། དེ་ལ་ངོ་ཚབ་དམངས་གཙོ་ཞེས་བྱའོ།།
༡༣ དམངས་གཙོ་ཡིས་ཐག་གཅོད་དགོས་རྒྱུ་ནི། “སུ་ཞིག་དབང་སྒྱུར་པ་བྱེད་རྒྱུ”ཙམ་མིན་པར། “ཇི་ལྟར་མི་ཤི་རྟ་འགྱེལ་མེད་པར་དབང་སྒྱུར་པ་བརྗེ་སྤོར་བྱེད་རྒྱུ”དེ་ཡིན་ནོ།།
༡༤ དམངས་གཙོའི་ཆབ་སྲིད་ཀྱི་དམིགས་ཡུལ་ནི་མི་ཉུང་ཤས་སྲུང་འགེབས་ལས་མི་མང་ཤས་སྲུང་འགེབས་བྱེད་རྒྱུ་དེ་མིན།
༡༥ ཚོགས་སྒྲིལ་རང་དབང་ནི་ཤོག་སྒྲིལ་རང་དབང་གི་སྲོག་སྙིང་དེ་ཡིན་ནོ།།
༡༦ འོས་བསྡུ་ནི་དམངས་གཙོ་མངོན་པར་མཚོན་པའི་རྩ་བའི་རྟགས་མཚན་གཅིག་ཡིན་ན་ཡང་རྟགས་མཚན་ཁ་ཚང་མིན།
༡༧ མི་ནི་སྐྱོན་ཟད་རྨ་མེད་ཀྱི་སེམས་ཅན་ཞིག་མིན་གཤིས། མི་བྱེ་བྲག་པས་གྲུབ་པའི་སྤྱི་ཚོགས་ལའང་རང་དབང་མཐར་ཐུག་ཅིག་དང་འདྲ་མཉམ་མཐར་ཐུག་ཅིག་ཡོང་ཐབས་མེད།
༡༨ དོ་དམ་ནི་སྒྲིག་ལམ་དང་ཚད་གཞིར་ཁ་འབྲལ་ཐབས་མེད་ལ། སྒྲིག་ལམ་དང་ཚད་གཞི་ཡིས་རྩིང་རགས་ཀྱི་སྐྱོན་གྱིས་མ་གོས་པའི་ཕྲ་ཞིབ་དེ་མངོན་པར་མཚོན།
༡༩ མི་བུའི་ཐོབ་ཐང་གི་ངེས་རྟོགས་ནི། རྨང་གདན་དུ་མི་སྒེར་རིང་ལུགས་དང་། སྲོག་ཤིང་དུ་རང་དབང་རིང་ལུགས། རྩ་གནད་དུ་རང་དབང་གི་ཐོབ་ཐང་འཛིན་པར་བྱེད་སྟབས། འཛམ་གླིང་ཨང་རིམ་གསུམ་པའི་རྒྱལ་ཁབ་ཕལ་མོ་ཆེས་དགག་བཞག་གཏོང་སྟེ། ཕྱི་མ་དག་གིས་འཕེལ་རྒྱས་ཀྱི་ཐོབ་ཐང་ནི་གཞི་རྩའི་ཐོབ་ཐང་ཡིན་པ་ནན་བཤད་བྱེད་ཕྱིར་རོ།།
༢༠ སྤྱི་ལོ༡༩༤༨ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ལས་གྲོས་ཁ་གཅིག་ཏུ་འཆམས་པའི《འཛམ་གླིང་མི་བུའི་ཐོབ་ཐང་གསལ་བསྒྲགས》སུ། “མི་བུ་སོ་སོ་ལྷན་སྐྱེས་སུ་རང་དབང་ཡིན། རྩིས་ཐང་དང་ཐོབ་ཐང་ཐོག་ཚང་མ་འདྲ་མཉམ་ཡིན”ཞེས་ནན་ཏན་དུ་བརྣན་ཅིང་ངོས་འཛིན་ངེས་གཏན་བྱས་འདུག   ༼མུ་འགོད༽

ཉེ་བའི་གསར་བསྒྱུར།